སྦེལ་ཀོབ་སྨན་ཁང་དུ་ལྐོག་ཟའི་གནད་དོན་སྐོར་ལ་ཞིབ་འཇུག

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་འཚོ་བཅུད་སྨན་ཁང་གི་འགན་འཛིན་ལྷག་པ་ཚེ་རིང་གིས་གཞུང་དངུལ་ལྐོག་ཟ་བྱས་ཡོད་པའི་གནས་ཚུལ་བྱུང་བར་བརྟེན། བཀའ་ཤག་གིས་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ། ཞིབ་འཇུག་བྱེད་བཞིན་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་འཚོ་བཅུད་སྨན་ཁང་གི་འགན་འཛིན་ལྷག་པ་ཚེ་རིང་གིས་གཞུང་དངུལ་ལྐོག་ཟ་བྱས་ཡོད་པའི་གནས་ཚུལ་བྱུང་བར་བརྟེན། བཀའ་ཤག་གིས་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ། ཞིབ་འཇུག་བྱེད་བཞིན་ཡོད་འདུག

mp2དེ་ཡང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་སྨན་ཁང་གི་འགན་འཛིན་གྱིས་གཞུང་དངུལ་ལྐོགས་ཟ་བྱས་ཡོད་པའི་གནས་ཚུལ་བྱུང་བར་བརྟེན། ༢༠༡༤ ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་འཚོགས་རྗེས། འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་གཙོས་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ། ས་གནས་སུ་ཆེད་བསྐྱོད་བྱས་ཏེ། ཞིབ་འཇུག་གྲུབ་དོན་ལྐོག་ཟ་བྱས་མེད་པའི་སྙན་ཐོ་འབྱོར་སྐབས། འཕྲོད་བསྟེན་བཀའ་བློན་གྱིས་སྙན་ཐོ་དེར་ངོས་ལེན་མ་བྱས་པར། རྩིས་མེད་བཏང་ཡོད་འདུག

དེ་རྗེས་བཀའ་ཤག་གིས་ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་སོགས་ཡོད་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ། ཞིབ་འཇུག་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཚེས་༢༣ ཉིན་གྲོས་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དེའི་སྐོར་གླེང་སློང་བྱས་པ་དང་། ཞིབ་འཇུག་ཚོགས་ཆུང་ཞིག་གྲོས་ཚོགས་ཀྱིས་འཛུགས་དགོས་སྐོར་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་འཚོ་བཅུད་སྨན་ཁང་གི་འགན་འཛིན་གྱིས་ལྐོག་ཟ་བྱས་ཡོད་མེད་སྐོར་ལ་ཞིབ་འཇུག་སྐབས། དཔང་པོ་ལ་འཇིགས་སྐུལ་བྱས་པའི་གནས་ཚུལ་སོགས་བྱུང་ཡོད་པར་བརྟེན། དྲུང་ཆེས་དབུ་ཁྲིད་པའི་ཚོགས་ཆུང་གིས་གནས་རིམ་གྱི་ཆ་ནས་བཀའ་བློན་ལ་འདྲི་རྩད་བྱེད་རྒྱུ་སོགས་ལ་དཀའ་ངལ་ཡོད་སྐོར། ཡིག་ཆ་རྫུན་མ་བཟོས་ཡོད་མེད་སོགས་ཀྱི་སྐོར་གླེང་སློང་བྱས་ཡོད་པ་རེད།

སྲིད་སྐྱོང་བློ་བཟང་སེང་གེས། ད་ལྟ་བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་བྱེད་བཞིན་ཡོད་པས། གྲོས་ཚོགས་ནང་ཞིབ་འཇུག་ཚོགས་ཆུང་བཙུགས་མ་དགོས་པ་བྱས་ཏེ། བཀའ་ཤག་གི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་རྒྱུན་ལས་ལ་ཕུལ་ནས། དེ་འགྲིག་ཡོད་མེད་རྟོག་ཞིབ་བྱས་ཏེ། ཞིབ་འཇུག་ཡག་པོ་བྱུང་མེད་ན། དེའི་སྐབས་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་བཙུགས་ན་ཡག་པོ་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

གྲོས་ཚོགས་ནང་གླེང་སློང་སྣ་ཚོགས་བྱས་ཏེ། ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་མིན་སྐོར་ལ། གླེང་སློང་བྱས་པ་དང་། བཀའ་ཤག་གི་ཚོགས་ཆུང་དེའི་སྙན་ཐོ་སྤྱི་འཐུས་རྒྱུན་ལས་ལ་ཕུལ་ཏེ། རྒྱུན་ལས་ནས་འགྲིག་ཡོད་མེད་ལ་རྟོགས་ཞིབ་བྱེད་རྒྱུ་མང་མོས་ཐག་གཅོད་བྱུང་ཡོད་པ་རེད།

གནས་ཚུལ་དེ་ནི་གཙོ་བོ་སྨན་ཁང་ལ་ཅ་ལག་ཉོ་སྐབས། དེའི་ཐོག་ནས་རིན་གོང་མང་བ་བླངས་པའི་གནས་ཚུལ་བྱུང་ཡོད་པ་དང་། ཅ་ལག་ཉོ་སའི་རྒྱ་གར་ཚོང་བདག་གིས་འཕྲོད་བསྟེན་བཀའ་བློན་ལ་སྨན་ཁང་འགན་འཛིན་གྱིས་ཅ་ལག་ཉོ་སྐབས། འཛིན་གྱི་ཐོག་རིན་གོང་ཐོལ་པ་དགོས་སྐོར་བརྗོད་ཡོད་སྐོར་ཡིག་ངག་གཉིས་ཐོག་ནས་སྤྲད་ཡོད་འདུག་ལ། རྗེས་སུ་ཚོང་པ་དེས་བསྐྱར་དུ་འཕྲོད་བསྟེན་བཀའ་བློན་ལ་སྤྲད་པའི་ཡིག་ཆ་རྫུན་བཤད་པ་ཡིན་སྐོར་གྱི་ཡིག་ཆ་ཡང་སྤྲད་ཡོད་འདུག །

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།