བོད་རིག་པའི་མཁས་དབང་ཞིག་ལ་མངོན་བསྟོད་ཀྱི་དཔེ་དེབ་པར་སྐྲུན།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བོད་རིག་པ་ཞིབ་འཇུག་པ་མཁས་དབང་ཨེ་ལོ་ཊ་ སཱི་ཕེར་ལེན་(Elliot Sperling) ལ་མངོན་བསྟོད་དང་གུས་ཞབས་མཚོན་ཆེད་ཀྱི་དཔེ་དེབ་ཅིག་པར་སྐྲུན་བྱས་ཡོད་པ་དང་། དེབ་དེའི་ནང་བོད་རིག་པའི་མཁས་དབང་སུམ་བཅུ་ལྷག་གི་དཔྱད་རྩོམ་བྲིས་ཡོད་པ་རེད།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བོད་རིག་པ་ཞིབ་འཇུག་པ་མཁས་དབང་ཨེ་ལོ་ཊ་ སཱི་ཕེར་ལེན་(Elliot Sperling) ལ་མངོན་བསྟོད་དང་གུས་ཞབས་མཚོན་ཆེད་ཀྱི་དཔེ་དེབ་ཅིག་པར་སྐྲུན་བྱས་ཡོད་པ་དང་། དེབ་དེའི་ནང་བོད་རིག་པའི་མཁས་དབང་སུམ་བཅུ་ལྷག་གི་དཔྱད་རྩོམ་བྲིས་ཡོད་པ་རེད།

_MG_5237དེ་ཡང་ཟླ་འདིའི་ཚེས་༢༣ ཉིན་གྱི་ཕྱི་དྲོ་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་མཁས་དབང་ཨེ་ལོ་ཊ་ སཱི་ཕེར་ལེན་གྱི་མཚན་ཐོག་ནས་བཏོན་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ་འཚོགས་པ་དང་། དེར་ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་གིས་དཔེ་དེབ་ངོ་སྤྲོད་དང་འབྲེལ་ནས་གསུང་དོན། “ཨ་རིའི་བ་བོད་རིག་པའི་མཁས་དབང་ཨེ་ལོ་ཊ་ སཱི་ཕེར་ལེན་ལ་མངོན་བསྟོད་དང་གུས་ཞབས་མཚོན་ཆེད་དུ་བཏོན་པའི་དེབ་ཅིག་རེད་ལ། ཁོང་བོད་རིག་པ་ཞིབ་འཇུག་མཁས་པའི་མི་སྣ་ཞིག་རེད། བཟང་པོ་ལ་བྱ་དགའ་དགོས་པ་དང་། བྱས་རྗེས་ཅན་ལ་ངོ་སོ་བསྟོད་རྒྱུ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་ཀྱི་གཤིས་ཀ་ཞིག་རེད། དེར་བརྟེན་དེབ་འདི་བཏོན་པ་ཡིན་”ཞེས་གསུངས་སོང་།

མཁས་དབང་བཀྲ་ཤིས་ཚེ་རིང་གིས་བོད་རིག་པའི་སྐོར་གསུང་དོན། “བོད་རིག་པ་ཞེས་པའི་ཐ་སྙད་དེ་ཕལ་ཆེར་གཅིག་དགུ་བདུན་ཅུའི་ནང་བྱུང་བ་ཞིག་རེད། བོད་ལ་ཚད་མ་རིག་པ་དང་། གསོ་བ་རིག་པ་ཞེས་པ་སོགས་རིག་གནས་ཡོད་པ་དང་། བོད་ཀྱི་སྐོར་ལ་ཞིབ་འཇུག་བྱས་ཚད་ལ་བོད་རིག་པ་ཞེས་མིང་བཏགས་པའི་ཐ་སྙད་དེ་གསར་པ་རེད།”ཅེས་གསུངས་སོང་།

_MG_5284མཁས་དབང་ཨེ་ལོ་ཊ་ སཱི་ཕེར་ལེན་གྱིས་དཔེ་དེབ་དེའི་སྐོར་གསུང་དོན། “དེབ་དེ་འདྲ་ཞིག་འདོན་གྱི་ཡོད་པ་ངས་ཤེས་རྟོགས་མེད་ལ། དེ་རིང་ང་ངོ་ཚ་བོ་འདྲ་བྱུང་སོང་། ཡིན་ཡང་ང་ལ་ཆེ་མཐོང་གིས་དེབ་དེ་བཏོན་པར་ཐུགས་རྗེ་ཆེ། ངའི་ཞིབ་འཇུག་གི་དམིགས་ཡུལ་དང་འབྲེལ་བ་ཡོད་པ་ཞིག་རེད། དགའ་པོ་བྱུང་སོང་”ཞེས་གསུངས་སོང་།

མཁས་དབང་ཨེ་ལོ་ཊ་ སཱི་ཕེར་ལེན་ལ་གསར་འགོད་པའི་བཅར་འདྲི་བྱས་པར། ཁོང་གིས། “ང་ལ་བོད་ཀྱི་སྐོར་ལ་ཞིབ་འཇུག་བྱེད་རྒྱུའི་སེམས་ཤུགས་ཡོད་ལ། རྒྱལ་རབས་དང་ལོ་རྒྱུས་ཐོག་གི་སྲིད་དོན་སྐོར་ལ་ཞིབ་འཇུག་བྱེད་ཀྱི་ཡོད། དེ་བཞིན་རྒྱ་ནག་གི་རྒྱལ་རབས་དང་། བོད་དང་རྒྱ་ནག་བར་གྱི་སྲིད་དོན་གྱི་འབྲེལ་བ་དང་ཆོས་ལུགས་ཀྱི་འབྲེལ་བའི་སྐོར་ལ་ཞིབ་འཇུག་བྱས་ཡོད་ལ། མ་འོངས་པར་ཡང་དེའི་ཐོག་ཞིབ་འཇུག་བྱེད་རྒྱུ་ཡིན་”ཞེས་གསུངས་སོང་།

དཔེ་དེབ་དེའི་ནང་ཕྱི་རྒྱལ་དང་བོད་མི་མཁས་དབང་སུམ་ཅུ་ལྷག་གིས་བོད་ཀྱི་སྐོར་ལ་ཞིབ་འཇུག་རྩོམ་ཡིག་བྲིས་ཡོད་པ་དང་། དེའི་ནང་རྩོམ་ཡིག་མང་ཆེ་བ་དབྱིན་ཡིག་དང་། བོད་ཡིག་ཐོག་རྩོམ་ཡིག་ལྔ། རྒྱ་ཡིག་ཐོག་རྩོམ་ཡིག་གཅིག་བཅས་ཡོད་འདུག

༡༩༧༩ ལོར་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། དེའི་སྐབས་བཙན་བྱོལ་ནང་གི་བོད་པ་མཁས་པ་ཁག་ཅིག་བཅར་ཡོད་པ་དང་། དེ་རྗེས་ཚོགས་ཐོག་ཏུ་རྒྱ་ནག་གིས་རྒྱ་རིགས་མཁས་པ་གཉིས་ཚོགས་ཆེན་ཐོག་བཏང་ཡོད་འདུག ༡༩༨༥ ལོའི་ཚོགས་ཆེན་ཐོག་རྒྱ་ནག་གིས་བོད་ནང་གི་བོད་མི་མཁས་པ་ཐེངས་དང་པོ་བཏང་བ་དང་། སྐབས་དེར་དུང་དཀར་རིན་པོ་ཆེ་བཏང་ཡོད་འདུག དུས་རྒྱུན་ཚོགས་ཆེན་ཐོག་དབྱིན་ཡིག་དང་། འཇར་མིན། ཧྥ་རིན་སིའི་སྐད་ཡིག་བཅས་ཀྱི་ཐོག་རྩོམ་ཡིག་སྒྲོགས་སྦྱོང་དགོས་ཀྱི་ཡོད་པ་དང་། ཚོགས་ཆེན་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཡིན་པས། ༡༩༨༩ ལོའི་ཚོགས་ཆེན་ཐོག་བོད་ཡིག་དགོས་ཀྱི་འདུག་ཅེས་ཐོག་མར་མཁས་དབང་བཀྲ་ཤིས་ཚེ་རིང་གིས་བོད་ཡིག་ཐོག་རྩོམ་ཡིག་སྒྲོགས་སྦྱང་བྱས་པ་དང་། དེ་རྗེས་བོད་ཡིག་བོད་སྐད་ཚོགས་ཐོག་ཏུ་ཡོད་པ་ཆགས་ཡོད་འདུག རྒྱ་ནག་གཞུང་ངོས་ནས་རྒྱའི་སྐད་ཡིག་དགོས་ཀྱི་འདུག་ཅེས་བསམ་འཆར་འདོན་གྱི་ཡོད་ནའང་། ད་དུང་ཚོགས་ཆེན་ཐོག་རྒྱའི་སྐད་ཡིག་ཚུད་ཀྱི་མེད་པ་རེད།

མཁས་དབང་ཨེ་ལོ་ཊ་ སཱི་ཕེར་ལེན་ནི་བོད་རིག་པའི་སྐོར་ལ་ཧ་ཅང་མཁས་པར་བརྩི་ཡི་ཡོད་པས། ད་ཐེངས་བོད་པར་ཞིབ་འཇུག་པ་མང་པོའི་བོད་སྐོར་ལ་དཔྱད་རྩོམ་བྲིས་ཏེ། ཁོང་ལ་ཆེ་མཐོང་མཚོན་ཆེད་དུ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་པར་སྐྲུན་བྱས་པ་ཞིག་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།