སངས་རྒྱས་ཀྱི་སྐུ་བརྒྱ་དང་བརྒྱད་མཇལ་བ་ཞེས་པའི་འགྲེམས་སྟོན།

རྗར་མེན་གྱི་གྲོང་ཁྱེར་ཧྥིརང་ཧྥར་ཊིའི་རིག་དངོས་གཤམ་སྟོན་ཁང་དང་། རྗར་མེ་ནི་བོད་ཀྱི་ཁང་པ་གཉིས་ཀྱིས་ཕྱི་ཟླ་༢ ཚེས་༢༥ ནས་ཕྱི་ཟླ་༦ ཚེས་༧ བར་“སངས་རྒྱས་ཀྱི་སྐུ་བྱིན་ཅན་བརྒྱ་དང་བརྒྱད་མཇལ་བ།“ ཞེས་པའི་འགྲེམས་སྟོན་ཞིག་གཉེར་བཞིན་ཡོད་པ་རེད།

རྗར་མེན་གྱི་གྲོང་ཁྱེར་ཧྥིརང་ཧྥར་ཊིའི་རིག་དངོས་གཤམ་སྟོན་ཁང་དང་། རྗར་མེ་ནི་བོད་ཀྱི་ཁང་པ་གཉིས་ཀྱིས་ཕྱི་ཟླ་༢ ཚེས་༢༥ ནས་ཕྱི་ཟླ་༦ ཚེས་༧ བར་“སངས་རྒྱས་ཀྱི་སྐུ་བྱིན་ཅན་བརྒྱ་དང་བརྒྱད་མཇལ་བ།“ ཞེས་པའི་འགྲེམས་སྟོན་ཞིག་གཉེར་བཞིན་ཡོད་པ་རེད།

unnamedདེ་ཡང་འདུས་བྱུང་ཕུན་ཚོགས་ཚེ་རིང་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། འགྲེམས་སྟོན་དེ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་བརྒྱད་བརྒྱ་ལྷག་ཕེབས་ཡོད་པ་དང་། ཐེངས་འདིའི་རིག་དངོས་འགྲེམས་སྟོན་དེའི་ནང་དུ་སྤྱི་ལོའི་དུས་རབས་དང་པོ་ནས་ད་ལྟའི་བར་གྱི་ཚབ་མཚོན་རུང་བའི་སྐུ་འདྲ་དང་། ཞལ་ཐང་བཅས་ལས་གྲུབ་པའི་སྟོན་པ་སངས་རྒྱས་ཀྱི་སྐུ་བྱིན་ཅན་བརྒྱ་དང་བརྒྱད་ཡོད་འདུག འགྲེམས་སྟོན་དེའི་བརྗོད་བྱ་གཙོ་བོ་བཞི་རུ་བགོས་ཡོད་པའི་དང་པོ། སངས་རྒྱས་ཀྱི་སྐུ་དང་། སྐུ་རྣམས་ཀྱི་བཟོ་དབྱིབས་མི་འདྲ་བཞེངས་ཡོད་པའི་རྣམ་པ། གཉིས་པ། སངས་རྒྱས་ཆོས་ལུགས་དར་ཁྱབ་ཡོད་པ་དང་། དར་ཁྱབ་བྱུང་བའི་ས་ཁུལ་ཁག་གི་རིག་གཞུང་གིས་ཤན་ཤུགས་ཐེབས་པ་དང་དེ་ལས་བླངས་པ་ཁག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས། གསུམ་པ། ས་ཁུལ་དེ་རྣམས་ཀྱི་དད་ལྡན་པ་ཚོས་སྐྱབས་ཡུལ་དང་། དད་པའི་རྟེན་སྐལ་ལ་ཇི་ལྟར་ཉར་ཚགས་གནང་ཕྱོགས། དེ་བཞིན་ཕ་མེས་ཡང་མེས་ཀྱིས་རྩ་ཆེར་འཛིན་པའི་རིག་དངོས་ལ་གཅེས་ཉར་གནང་སྟངས། ད་དུང་དེང་སྐབས་གོ་ལ་གཅིག་གྱུར་གྱི་དུས་སྐབས་སུ་སྟོན་པ་སངས་རྒྱས་ཀྱི་སྐུ་གཟུགས་བེད་སྤྱོད་ལོག་པར་སྤྱོད་བཞིན་ཡོད་ཚུལ། བཞི་པ། དུས་རིམ་སོ་སོའི་ནང་ནང་བསྟན་དར་རྒུད་ཇི་ལྟར་བྱུང་ཚུལ་དང་། རྩ་རླག་གང་འདྲ་ཕྱིན་ཡོད་མེད། དེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་པའི་སྐོར་བཅས་ཡིན་པ་རེད།

སྐུ་འདྲ་དེ་རྣམས་ཀྱི་འབྱུང་ཁུངས་དང་། བཟོ་དབྱིབས་རྣམས་སངས་རྒྱས་ཆོས་ལུགས་རྒྱ་ཁྱབ་ཏུ་དར་ས་དང་། དར་མྱོང་ཡོད་པའི་རྒྱལ་ཁབ་རྒྱ་གར། པ་ཀི་སི་ཐན། ཨབ་གྷ་ནི་སི་ཐན། སིང་ག་ལ། བལ་ཡུལ། བོད། རྒྱ་ནག ཉི་ཧོང་། ཀོ་རི་ཡ། འབར་མ། ཐེ་ལན་ཌི། ཀམ་བྷོ་ཊ། ཕི་ནི་ཕེན་སོགས་ནས་ཡིན་པ་རེད།

unnamed1སྐུ་དེ་ཚོའི་ཁྲོད་ནས་ཆེས་རྙིང་ཤོས་ཁ་ཤས་ཡོད་པ་ནི། དུས་རབས་དང་པོ་དང་གཉིས་པའི་མཚམས་སུ་རྒན་ཌ་ར་ས་ཁུལ་དུ་བཞེངས་པ་དང་། སྐུ་འདྲ་འདིའི་བཞེངས་སྲོལ་ལ་རྒན་ཌ་ར་བཞེངས་སྲོལ་ཞེས་འབོད་མུས་རེད་ལ། ཡང་Greco-Buddhist art སྒྱུ་རྩལ་ལག་ཤེས་ཀྱང་འབོད་སྲོལ་འདུག སྐུ་འདྲ་དེ་ཚོ་ནི་སྟོན་པ་སངས་རྒྱས་མིའི་རྣམ་པར་བཞེངས་པའི་འདྲ་སྐུ་ཐོག་མའི་གྲས་ཡིན་པ་དང་། སྐུ་འདྲ་དང་། ཞལ་ཐང་དེ་རྣམས་དེ་སྔོན་ཡུ་རོབ་གླིང་དུ་གདན་འདྲེན་ཞུས་ཤིང་། མང་ཆེ་བ་མི་སྒེར་པ་སྒྱུ་རྩལ་རིག་དངོས་གསོག་སྒྲུབ་གནང་མཁན་དང་། དེ་མིན་རིག་དངོས་གཤམ་སྟོན་ཁང་གཞན་གཉིས་ནས་གཡར་ཡོད་པ་རེད། བོད་པ་དང་མི་རིགས་འདྲ་མིན་གྱི་མཁས་དབང་པོའི་སངས་རྒྱས་ཆོས་ལུགས་སྐོར་ལ་བྲིས་པའི་ཆེད་རྩོམ་ཡང་མང་པོ་ཡོད་པ་རེད།

བོད་ཀྱི་ཁང་པས་གནས་སྐབས་རིང་བོད་ཀྱི་མཆོད་ཁང་ཆུང་ཆུང་ཞིག་རིག་དངོས་གཤམ་སྟོན་ཁང་དེའི་ནང་ཆེད་མངགས་བཞེངས་ཡོད་པ་དང་།  དེ་བཞིན་འགྲེམས་སྟོན་སྐབས་སུ་མཛད་རིམ་མི་འདྲ་བ་མང་པོ་གོ་སྒྲིག་ཞུས་ཡོད་པའི་ཁོངས་སུ། སློབ་ཕྲུག་ཚོར་ཆེད་དུ་དམིགས་པའི་འགྲེལ་བཤད་ཀྱི་ལས་རིམ་དང་། མཁས་པ་ཁག་གི་གཏམ་བཤད་ཀྱང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།