རི་ངོགས་གཏམ་རྒྱུད་ཅེས་པའི་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྨོག་རུ་བསྟན་པས་བརྩམས་པའི་གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐོར་གྱི་དཔེ་དེབ། “རི་ངོགས་གཏམ་རྒྱུད་”ཅེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་དྷ་ས་མེག་གྷན་དུ་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྨོག་རུ་བསྟན་པས་བརྩམས་པའི་གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐོར་གྱི་དཔེ་དེབ། “རི་ངོགས་གཏམ་རྒྱུད་”ཅེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་དྷ་ས་མེག་གྷན་དུ་འཚོགས་ཡོད་པ་རེད།

_MG_5473དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གཏམ་བཤད་གནང་སྐབས། ད་ལྟ་བོད་ནང་གི་གནས་སྟངས་ཛ་དྲག་ཡིན་པ་དང་། དེའི་ཐོག་བཙན་བྱོལ་ནང་གཞུང་དང་ཚོགས་པ་ཁག མི་སྒེར་སོགས་ཀྱིས་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་སྐོར་དང་འབྲེལ་ཁོང་གིས་གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐོར་གསུང་དོན། “གླིང་ཚ་ཚེ་བརྟན་རྡོ་རྗེས་ལས་འགུལ་སྤེལ་ཏེ། རྒྱ་གར་ཀ་ལིམ་སྤུག་དར་རྒྱས་དགོན་པར་འབྱོར་ཡོད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད་རེད། དེ་རྗེས་ཀྱི་གནས་ཚུལ་ཤེས་ཀྱི་ཡོད་པ་མ་རེད། ཁོང་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་གཏོང་གནང་བ་དེར་བོད་མི་ཚང་མས་ཡིད་སྨོན་དགོས་པ་ཞིག་རེད།”ཅེས་ད་ལྟ་ཁོང་ལམ་ཁ་ཞིག་ནས་འདས་གྲོངས་སུ་སོང་ཡོད་མེད་དང་། ས་མཚམས་ནས་རྒྱ་ནག་གི་དམག་མིས་འཇུས་ནས་བཙོན་ཁང་དུ་ཡོད་མེད་སོགས་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་གསུངས་སོང་།

རྒྱ་ནག་གིས་བོད་མིའི་མངོན་འདོད་སྒྲུབ་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། “བོད་མིའི་མངོན་འདོད་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་ཐོག་ནས་སེལ་རྒྱུར་གོམ་པ་མདུན་སྤོས་དགོས་པ་རེད། དེའི་ཐོག་རྒྱ་ནག་གིས་འགོ་ཁྲིད་ཚོས་དགོངས་པ་བཞེས་དགོས་ཀྱི་འདུག་”ཅེས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུངས་སོང།

དེབ་དེའི་རྩོམ་པ་པོ་སྤྱི་འཐུས་རྨོག་རུ་བསྟན་པས་གསུང་དོན། “རི་ངོགས་གཏམ་རྒྱུད་དེབ་ཕྲེང་འདི་ཞི་བའི་འཐབ་རྩོད་པ་ཞིག་གི་བཞུད་ལམ་སྟེ། གླིང་ཚ་ཚེ་བརྟན་རྡོ་རྗེའི་བཞུད་ལམ་ཞེས་པའི་ནང་གླིང་ཚ་ཁོང་གིས་སྔ་ཕྱི་གཉིས་ཀྱི་ཞི་བའི་གོམ་བགྲོད་ཀྱི་བརྒྱུད་རིམ་གླེང་ཡོད་ལ། ཁོང་གི་ཞི་བའི་གོམ་བགྲོད་ལས་འགུལ་དང་འབྲེལ་བའི་སྐོར་གྱི་ལྟ་ཚུལ་བརྗོད་ཡོད།”ཅེས་དང་། “གླིང་ཚ་ཚེ་བརྟན་རྡོ་རྗེའི་ལོ་རྒྱུས་ལ་རིན་ཐང་ཅི་ཙམ་ཡོད་མེད་ངས་ཁ་ཚོན་གཅོད་དཀའ་ནའང་། གླིང་ཚའི་དཀའ་སྡུག་གི་ཟིན་ཐོ་ནི་ལེ་དབར་སྟོང་ཕྲག་མང་པོར་རྒྱང་བསྐྱོད་བྱས་པའི་གཏམ་རྒྱུད་ངོ་མ་ཞིག་ཡིན་པས། གཏམ་རྒྱུད་འཚོལ་མཁན་གྱི་ཕྱི་རབས་པ་ཚོར་སྟབས་བདེ་ཡོང་ཕྱིར་གསར་ལམ་ཁག་ཅིག་ནས་དྲི་བ་དྲིས་ལན་སོགས་འདྲེན་འགོད་བྱས་པ་དང་། རྩོམ་པ་པོ་རང་གིས་གང་མཐོང་བ་དང་ཤེས་པ་དག་འབྲི་འགོད་བྱས་པ་འདི་ལོ་རྒྱུས་ཕྲན་ཚེགས་ཀྱི་ཁ་སྐོང་ཆེད་དུ་ཡིན་”ཞེས་གསུངས་སོང།

གླིང་ཚ་ཚེ་བརྟན་རྡོ་རྗེས་༢༠༡༢ ལོའི་གསུམ་བཅུའི་དུས་དྲན་སྐབས། བོད་བར་དུ་གོམ་བགྲོད་བྱེད་ཀྱི་ཡིན་ཞེས་དྷ་ས་ནས་འགོ་འཛུགས་བྱས་པ་དང་། ཁོང་གིས་གོམ་བགྲོད་སྐབས་རྒྱ་ནག་གི་རྒྱལ་དར་འཕྱར་ནས་བསྐྱོད་པ་དེ་འགྲིག་མིན་གྱི་གླེང་སློང་སྣ་ཚོགས་བྱུང་ཡོད་པ་རེད། ཁོང་བལ་ཡུལ་དུ་སླེབས་སྐབས་བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བཙོན་འཇུག་བྱས་ཡོད་པ་རེད། རྗེས་སུ་གློད་གྲོལ་བཏང་རྗེས། ༢༠༡༣ ལོའི་གསུམ་བཅུའི་དུས་དྲན་སྐབས་བསྐྱར་དུ་དྷ་ས་ནས་གོམ་བགྲོད་དེ་འགོ་འཛུགས་བྱས་ཏེ། རྒྱ་གར་དང་བོད་ཀྱི་ས་མཚམས་སུ་སླེབས་ལ་ཉེ་སྐབས། གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།