ཤེས་རབ་གླིང་དུ་༧གོང་ས་མཆོག་ཆིབས་བསྒྱུར་གནང་བ།
ཟླ་འདིའི་ཚེས་༡༡ ཉིན་༸གོང་ས་མཆོག་རྒྱ་གར་ཧི་མ་ཅལ་སྦིར་ས་གནས་ཀྱི་ཤེས་རབ་གླིང་དུ་བཤད་གྲྭ་དང་དགོན་པའི་རྟེན་དང་བརྟེན་པ་ལེགས་འགྲུབ་ཀྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་བ་དང་། དཔལ་སྤུངས་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་ཞབས་སོར་འཁོད་དེ། སེར་སེར་སྐྱ་མི་མང་ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༡༡ ཉིན་༸གོང་ས་མཆོག་རྒྱ་གར་ཧི་མ་ཅལ་སྦིར་ས་གནས་ཀྱི་ཤེས་རབ་གླིང་དུ་བཤད་གྲྭ་དང་དགོན་པའི་རྟེན་དང་བརྟེན་པ་ལེགས་འགྲུབ་ཀྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་བ་དང་། དཔལ་སྤུངས་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་ཞབས་སོར་འཁོད་དེ། སེར་སྐྱ་མི་མང་ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
དེ་ཡང་གོང་ས་མཆོག་ཐེངས་འདིར་ཤེས་རབ་གླིང་དུ་ཆིབས་བསྒྱུར་གནང་དོན་གཙོ་བོ་ཤེས་རབ་གླིང་མཁན་པོ་རྒྱལ་མཚན་ཕུན་ཚོགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། གླིང་འདིའི་ཁོར་ཡུག་ས་གཞི་སྤྱི་དང་བྱེ་བྲག་གདན་སའི་ཁྱབ་ཁོངས་རྟེན་དང་བརྟེན་པར་བཅས་རབ་ཏུ་གནས་པ་དང་བྱིན་གྱིས་བརླབ་པའི་ཆེད་གདན་ཞུའི་གསོལ་བ་ལན་གྲངས་བཏབ་འབྲས་ད་ལམ་གལ་ཆེའི་རྟེན་བཞེངས་ཕལ་མོ་ཆེ་གྲུབ་པའི་སྐབས་འདིར་དངོས་སུ་ཞབས་ཀྱིས་བཅགས་ཐུབ་པ་ནི་མ་བསྒྲིགས་པར་འགྲིགས་པའི་རྟེན་འབྲེལ་བཟང་པོ་ཞིག་ཏུ་བརྩི་བཞིན་ཡོད།
སྤྱིར་གདན་ས་འདིའི་བསྟན་པའི་བདག་པོ་༧བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་དོན་ཡོན་གྲུབ་པ་མཆོག་གཙོས་འདི་གའི་བླ་སློབ་སེར་སྐྱ་འདུས་མང་ཡོངས་ཀྱིས་༧གོང་ས་མཆོག་གི་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་དཔྱིད་ཀའི་གསུང་ཆོས་ཆེན་མོས་གཙོས་གནས་དུས་མ་ངེས་པར་སྤྱི་ཆོས་དང་སྒེར་ཆོས་བཀའ་དྲིན་ཐོབ་པ་གྲངས་མང་ཡང་། དམིགས་བསལ་གདན་ས་འདི་ཉིད་དུ་ཐུན་མོང་མ་ཡིན་པའི་ཆོས་འབྲེལ་ཟབ་མོ་ཞིག་བཀའ་དྲིན་དུ་ཐོབ་པའི་རེ་བ་རིང་ནས་ཡོད་པ་ལྟར། ད་ལམ་གྲུབ་རྒྱལ་ཚེ་དབང་དང་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཁྲིད་བཅས་གདམས་པ་ཟབ་མོ་བཀའ་དྲིན་དུ་ཐོབ་པ་ནི་མི་ཚེའི་ནང་སྐལ་པ་བཟང་ཤོས་ཀྱི་གོ་སྐབས་ཤིག་ཏུ་གྱུར།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོ་མཆོག རིས་སུ་མ་ཆད་པའི་རྒྱལ་བསྟན་རིན་པོ་ཆེ་མི་ཉམས་ཡུན་གནས་གོང་འཕེལ་དང། ཕྱོགས་སུ་མ་ལྷུང་པའི་འགྲོ་བ་སྤྱི་ཡི་བདེ་སྐྱིད། ལྷག་པར་རྫས་མཚོན་དངོས་པོའི་འདུ་ལོང་ཆེས་ཆེར་བདོ་བའི་གཉན་འཕྲང་ཅན་གྱི་དུས་འདིར་འཛམ་གླིང་མི་ཡི་རིགས་གཏོགས་སོ་ཅོག་ལ་འཚེ་མེད་ཞི་བདེའི་ལམ་སྟོན་དང། ཕན་ཚུན་སྐྱོང་རེས་དང་མཛའ་མཐུན་རྒྱུད་གནས་སོགས་ཀྱི་སྒོ་ནས་འཛམ་གླིང་ཞི་བདེར་གནས་པའི་ཆེད་སྐུུ་ཚེ་ཡུན་དུ་བརྟན་པའི་དགེ་མཚན་དུ་དམིགས་ཏེ། ཚེ་སྒྲུབ་གསང་བ་འདུས་པའི་སྒོ་ནས་སྐུ་ཚེའི་ཚེ་སྒྲུབ་ཀྱི་སྒྲུབ་ཞག་བདུན་ཕྲག་གཅིག་སྔོན་དུ་འགྲོ་བས་བརྟན་བཞུགས་འབུལ་རྒྱུ་བཅས་ཡིན་པ་རེད།
༧གོང་ས་མཆོག་ཉིན་དེའི་སྔ་དྲོ་སི་ཏུ་རིན་པོ་ཆེས་དབུས་སེར་སྐྱ་མི་མང་གིས་ཕེབས་བསུའི་ཁྲོད། ཤེས་རབ་གླིང་དཔལ་སྤུངས་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་ཞབས་སོར་འཁོད་པ་དང་། བྱམས་མགོན་ཀྭན་ཏཱིང་ཏཱའི་སི་ཏུ་རིན་པོ་ཆེས་ཕེབས་བསུའི་གསུང་བཤད་གནང་སྐབས། བོད་ཀྱི་ལོ་རྒྱུས་ཁྲོད་ནང་བསྟན་ཆོས་ལུགས་དར་ཁྱབ་ཀྱི་བྱུང་རིམ་དང་། སི་ཏུ་རིན་པོ་ཆེ་སྐུ་འཕྲེང་རིམ་བྱོན་དང་༧གོང་ས་མཆོག་སྐུ་ཕྲེང་རིམ་བྱོན་གྱི་འབྲེལ་བའི་སྐོར་དང་། དེ་བཞིན་བླ་སློབ་བར་གྱི་འབྲེལ་བ་དང། ༧གོང་ས་མཆོག་གི་མཛད་འཕྲིན་སྤྱི་དང་། བོད་མིའི་སྤྱི་ཚོགས་ནང་༧གོང་ས་མཆོག་གིས་བླ་ན་མེད་པའི་མཛད་འཕྲིན་བསྐྱངས་སྐོར་གྱི་ཆེ་བསྟོད་གསུང་བཤད་གནང་སོང་།
དེ་བཞིན་ཉིན་དེའི་མཛད་སྒོའི་ཐོག་བོད་གཞུང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་སི་ཏུ་རིན་པོ་ཆེའི་མཛད་འཕྲིན་སྤྱི་དང་། སྒོས་སུ་བོད་མི་རིགས་དང་ནང་བསྟན་ཆོས་ལུགས་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་པའི་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། སི་ཏུ་རིན་པོ་ཆེ་སྐུ་ཕྲེང་འདིར་ཐོག་མར་མཇལ་འཕྲད་བྱུང་དུས་ནས། ཁོང་སློབ་སྦྱོང་ལ་ཐུགས་སྣང་ཡོད་མཁན་ཞིག་ཡིན་པ་དང་། ད་ལྟ་དངོས་སུ་ཆོས་ལུགས་ཐོག་ཞབས་འདེགས་རླབས་ཆེན་བཞག་ཡོད་སྐོར། མ་འོངས་པར་ཡང་ནང་ཆོས་སློབ་གཉེར་ཐོག་ཤུགས་སྣོན་གནང་དགོས་སྐོར། ད་ལྟ་བཙན་བྱོལ་ནང་དགོན་པ་བརྒྱབ་ནས་བཤད་སྒྲུབ་གཙོས་བོད་ཀྱི་རིག་གཞུང་སྐོར་སློབ་གཉེར་གནང་ས་ཡག་པོ་ཆགས་ཡོད་པའི་སྐོར་གྱི་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
བོད་ལ་རྒྱ་མིས་དབང་བསྒྱུར་བཙན་འཛུལ་རྗེས། སི་ཏུ་རིན་པོ་ཆེས་༡༩༧༦ ལོར་
གསར་འགོད་པ་བསྟན་འཛིན་ཟླ་བ།