ངས་འགྲོ་བ་མིའི་ཐོབ་ཐང་མཐའ་མ་དེ་སྲུང་བརྩི་སྐབས་ཀྱི་གང་དྲན་ཡིན།

ཟླ་འདིའི་ཚེས་༡༠ ཉིན་དྷ་ས་མེག་གྷན་དུ་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་གིས་རཱན་ཌོམ་(Random གང་དྲན། )ཞེས་པའི་བསམ་ཚུལ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ཅིག་དབུ་འབྱེད་གནང་བ་དང་། དེབ་དེའི་ནང་རྩོམ་ཡིག་གཙོ་བོ་གཅིག་“ཁོང་གིས་ནོར་ཡོད་པར་ཤོག་”ཟེར་བ་དེ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

ཟླ་འདིའི་ཚེས་༡༠ ཉིན་དྷ་ས་མེག་གྷན་དུ་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་གིས་རཱན་ཌོམ་(Random གང་དྲན། )ཞེས་པའི་བསམ་ཚུལ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ཅིག་དབུ་འབྱེད་གནང་བ་དང་། དེབ་དེའི་ནང་རྩོམ་ཡིག་གཙོ་བོ་གཅིག་“ཁོང་གིས་ནོར་ཡོད་པར་ཤོག་”ཟེར་བ་དེ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

_MG_2579
བསྟན་འཛིན་བརྩོན་འགྲུས་དང་ལྷ་བཟང་ཚེ་རིང་།

དཔེ་དེབ་པར་སྐྲུན་དང་དབུ་འབྱེད་ཀྱི་མཛད་སྒོ་བོད་སྨྱུག་གིས་( http://www.tibetwrites.org) བྱས་ཡོད་པ་དང་། རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ཀྱིས་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།

ལྷ་བཟང་ཚེ་རིང་གིས་སྔོན་མ་བོད་གཞུང་གི་དྲུང་ཆེ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་ལས་འགན་ཁུར་མྱོང་ཡོད་པ་དང་། དུས་རྒྱུན་ཁོང་གིས་བོད་རང་བཙན་འཐབ་རྩོད་ཆེད་དང་། བོད་དོན་སྐོར་གྱི་རྩོམ་ཡིག་དབྱིན་ཡིག་ཐོག་འབྲི་ཡི་ཡོད་པ་རེད།

ལྷ་བཟང་ཚེ་གིས་དེབ་དེའི་སྐོར་འགྲེལ་བརྗོད་གནང་དོན། “ངས་སྐད་ཆ་བཤད་སྐབས་དབྱིན་བོད་གཉིས་ལ་ཁྱད་པར་མེད་ཀྱང་། ང་ཕྲུ་གུ་ཡིན་དུས་ནས་དབྱིན་ཇི་སློབ་གྲྭར་བཏང་བ་ཡིན་པས། བོད་ཡིག་འབྲི་ཐུབ་ཀྱི་ཡོད་པ་མ་རེད་”ཅེས་དང་། “མི་ལས་ཀ་མེད་མཁན་ལ་ཁེ་ཕན་ཆེན་པོ་གཅིག་ཡོད་པ་དེ་དུས་ཚོད་རེད། ང་ལ་དུས་ཚོད་སྟོང་པ་མང་པོ་ཡོད་པས། རི་ལ་འཆམ་འཆམ་དུ་འགྲོ་ཡི་ཡོད། ངོ་ཤེས་པ་རྙིང་པ་ཚོར་ཐུག་དུས་ང་ལ་ག་རེ་བྱེད་ཀྱི་ཡོད་དྲིས་དུས། ངས་དེང་སང་འགྲོ་བ་མིའི་ཐོབ་ཐང་མཐའ་མ་དེ་སྲུང་བརྩི་བྱེད་ཀྱི་ཡོད། དེ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ནང་དུ་ཡང་གསལ་མི་འདུག་ཟེར་གྱི་ཡོད། དེ་ག་འདྲ་རེད་ཟེར་གྱི་འདུག དེ་སྨྱོ་མི་དགོས་པ་དེ་རེད་ཅེས་ལན་འདེབས་བྱེད་ཀྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

_MG_2604ཁོང་གིས་མུ་མཐུད་གསུང་དོན། “དེང་སྐབས་དྲང་པོ་བཤད་ན། གཞུང་གི་གནས་སྟངས་དང་ཆབ་སྲིད་ལངས་ཕྱོགས་ལ་བལྟས་ན། སྨྱོ་རྒྱུ་མ་གཏོགས། ལག་ལེན་བསྟར་ནས་སྒྲུབ་རྒྱུ་ཞིག་ངས་མཐོང་གི་མི་འདུག དེར་བརྟེན། ང་རིའི་སྒང་ལ་འཆམ་འཆམ་དུ་འགྲོ་བ་དང་། ང་རང་གི་སྒོ་འཁྱམ་ནང་སྡོད་སྐབས། ཡར་གངས་རི་ལ་བལྟས་ནས། འདིའི་རྒྱབ་ལ་ང་རང་གི་ཕ་ཡུལ་ཡོད། དེ་རྒྱ་མིས་ཁེངས་འགྲོ་ཡི་འདུག ང་བོད་ལ་ལོག་ཐུབ་ས་མ་རེད་བསམ་ནས། ངས་འགྲོ་བ་མིའི་ཐོབ་ཐང་མཐའ་མ་དེ་སྲུང་བརྩི་བྱེད་སྐབས། ཚིག་རེ་གཉིས་དྲན་པ་དེ་བྲིས་བཞག་པའི་དཔེ་དེབ་ཅིག་ཡིན་”ཞེས་གསུངས་སོང་།

དེབ་དེའི་ནང་དོན་སྐོར་ལ་གསར་འགོད་པས་དྲི་བ་བཏང་བར། ཁོང་གིས། “དེབ་དེའི་ནང་སྔོན་མ་ནས་བྲིས་པ་ཁག་ཅིག་དང་། ཟླ་བ་མང་པོའི་རིང་སྨྱོན་པ་མི་ཆགས་པའི་ཆེད་དུ་རི་ལ་འཆམ་འཆམ་དུ་སོང་ནས་བྱིའུ་སྐད་ལ་ཉན་གྱི་ཡོད་རེད། གཞུང་གི་བཀའ་སློབ་ལ་ཉན་ན་སྨྱོ་རྒྱུ་རང་རེད་འདུག དེར་བརྟེན་ཟླ་བ་མང་པོའི་རིང་གང་དྲན་ཕྱོགས་བསྒྲིགས་བྱས་པ་ཞིག་རེད། དེབ་དེའི་ནང་གཙོ་བོ་’ངས་ནོར་ཡོད་པར་ཤོག་’ཟེར་བ་དེ་རེད། ངས་ཐག་གཅོད་དགོས་པ་ཟེར་རྒྱུ་དེ། ཕན་ཚན་གཉིས་ཕན་ཟེར་དུས། རྒྱ་མི་ལ་ཁེ་ཕན་གང་ཡང་མི་འདུག ཁོང་ཚོས་ནམ་ཡང་ཁས་ལེན་བྱེད་ཀྱི་མ་རེད། ལག་པ་གཏོང་རྒྱུར་མི་གཉིས་བློ་མཐུན་དགོས་རེད། མུར་མཛོག་གཞུས་རྒྱུར་གཅིག་གིས་བློ་ཐག་ཆོད་ན་འགྲིག་རེད། ང་ཚོས་ལག་པ་བསྐྱངས་ནས་ལོ་༣༠ ལྷག་འགྲོ་ཡི་ཡོད་རེད། རྒྱ་མིས་ལག་པ་གཏོང་གི་ཡོད་པ་མ་རེད། ཡིན་ནའང་ང་ཚོ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཕར་མུར་མཛོག་གཞུས་ན། ང་ཚོས་མུར་མཛོག་ཟེད་ཀྱི་མིན་ཟེར་བ་དེ་ཁོང་ཚོར་ཡོད་མ་རེད། དེའི་ནུས་པ་ཐོན་མིན་ཡང་ད་ལྟ་ཞུ་ཚོད་ཐུག་པ་ཞིག་མ་རེད། རྩ་དོན་ཐོག་བསམ་གང་ཡོད་པའི་སྐོར་བྲིས་ཡོད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།