ཁམས་སོག་རྫོང་གི་གྲྭ་ཚངས་དབྱངས་རྒྱ་མཚོ་ལ་བཙོན་འཇུག་ཁྲིམས་ཆད།

ཁམས་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་གྲྭ་ཚངས་དབྱངས་རྒྱ་མཚོ་ལ་རྒྱ་གཞུང་གིས་རྒྱ་ནག་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་སློང་བྱས་པའི་ཉེས་མིང་འོག ཁྲིམས་ཐག་ལོ་༡༢ བཅད་ཡོད་པ་དང་། ད་ལྟ་ལྷ་ས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

ཁམས་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་གྲྭ་ཚངས་དབྱངས་རྒྱ་མཚོ་ལ་རྒྱ་གཞུང་གིས་རྒྱ་ནག་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་སློང་བྱས་པའི་ཉེས་མིང་འོག ཁྲིམས་ཐག་ལོ་༡༢ བཅད་ཡོད་པ་དང་། ད་ལྟ་ལྷ་ས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

tsangyangyatso1དེ་ཡང་འབྲེལ་ཡོད་ཀྱི་གནས་ཚུལ་འཁོ་སྤྲོད་བྱས་པ་ལྟར་ན།  ཟླ་འདིའི་ཚེས་༢༧ ཉིན་ཁོང་ལ་ཁྲིམས་ཐག་བཅད་ནས་ཉིན་༢༦ ཙམ་འགྲོ་ཡི་ཡོད་པ་དང་། ཁྲིམས་ཐག་བཅད་ནས་ཉིན་༡༥ རྗེས་སུ་སོག་རྫོང་། ཁྲི་རྡོ་ཡུལ་ཚོ་ལ་ཡོད་པའི་ནང་མི་ལ་ཁྲིམས་ཐག་བཅད་པའི་སྐོར་གྱི་ཡི་གེ་ཞིག་འབྱོར་ཡོད་འདུག ཡི་གེའི་ནང་ཁྲིམས་ཐག་བཅད་ནས་ཟླ་གསུམ་མ་སོང་བར་བཙོན་དུ་ཐུག་འཕྲད་དུ་འགྲོ་མི་ཆོག་པ་དང་། ཟླ་གསུམ་རྗེས་ཁོང་ལ་ཐུག་འཕྲད་འགྲོ་མཁན་ཡོད་ན། ཐོབ་ཐང་ལག་ཁྱེར་ཡོད་པའི་ཐོག་དང་པོ་ཁྲི་རྡོ་ཡུལ་ཚོ་དང་། སོག་རྫོང་བཅས་ནས་རིམ་པ་བཞིན་འགན་ལེན་ཡི་གེ་ལེན་དགོས་སྐོར་འཁོད་ཡོད་འདུག

རྒྱ་གཞུང་གིས་ཚངས་དབྱངས་རྒྱ་མཚོ་ལ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་དགེ་འདུན་པ་གཞན་ཚོར་རྒྱ་ནག་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་སློང་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག

ཚངས་དབྱངས་རྒྱ་མཚོ་ནི་ཁྲི་རུ་དྲིལ་མདའ་དགོན་པའི་ལས་ཐོག་དབུ་མཛད་ཡིན་པ་དང་། ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༧ གྱི་མཚན་མོ་རྒྱ་གཞུང་གིས་ཁམས་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་ཚངས་དབྱངས་རྒྱ་མཚོ་དང་། ཚེ་དབང་། ཨ་ཚེ། རྒྱལ་མཚན་བཅས་གྲྭ་པ་༤ འཛིན་བཟུང་བཙོན་འཇུག་བྱས་ནས་ད་བར་ནང་མི་རྣམས་ནས་ཁོང་རྣམས་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་རེད། །
གསར་འགོད་པ་ངག་དབང་ཐར་པ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།