༧གོང་ས་མཆོག་གིས་བྷོན་སི་ཊོན་དུ་གསུང་ཆོས་གནང་བ།

༸གོང་ས་མཆོག་ལ་བྷོན་སི་ཊོན་ཁུལ་དུ་རྟེན་གཞི་བྱས་པའི་ཝི་ཏི་ནམ་ནང་པའི་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་༡༠ ཚེས་༣༠ ཉིན་གྱི་སྔ་དྲོ་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བར། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་གནང་ཡོད་པ་རེད།

༸གོང་ས་མཆོག་ལ་བྷོན་སི་ཊོན་ཁུལ་དུ་རྟེན་གཞི་བྱས་པའི་ཝི་ཏི་ནམ་ནང་པའི་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་༡༠ ཚེས་༣༠ ཉིན་གྱི་སྔ་དྲོ་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བར། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་གནང་ཡོད་པ་རེད།

2014-10-30-Boston-G01
tibet.net

སྐབས་དེར་༧གོང་ས་མཆོག་གིས་ཤེས་རབ་སྙིང་པོའི་ནང་དོན་ངོ་སྤྲོད་དང་འབྲེལ་བཀའ་སློབ་ཕེབས་དོན། སྤྱིར་བཏང་ཝི་ཏི་ནམ་གྱི་མི་རིགས་ཁྱེད་རྣམ་པ་ང་ཚོ་བོད་པ་ལྟར་སྐྱབས་བཅོལ་བ་ཆགས་ཡོད། འོན་ཀྱང་སྐྱབས་བཅོལ་གྱི་གནས་སྟངས་འོག་ནས་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་བྱེད་དགོས་མིན་ལ་མ་ལྟོས་པར། ཁྱེད་རང་ཚོས་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུས་མཚོན་ཁྱེད་རང་ཚོའི་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་ནང་པ་ཆགས་ཡོད། དེར་བརྟེན་ནང་པའི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནང་པའི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ཡང་སངས་རྒྱས་ཆོས་ཚོགས་མ་བཏོན་ཏེ་སངས་རྒྱས་དང་ཆོས། དགེ་ འདུན་གསུམ་ལ་སྐྱབས་སུ་མཆི་བརྗོད་པ་ཙམ་གྱིས་ཕན་ཐོགས་མེད། དེར་བརྟེན་དཀོན་མཆོག་གསུམ་ངོ་འཕྲོད་པའི་ཐོག་ནས་སྐྱབས་སུ་འགྲོ་དགོས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ཡང་དཀོན་མཆོག་གསུམ་ངོ་འཕྲོད་པར་སློབ་སྦྱོང་ངེས་པར་དུ་བྱེད་དགོས་ཀྱི་ཡོད། མདོར་ན། ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་དོན་ནི། སེམས་རྒྱུད་བཟང་པོ་བཟོ་ཐབས་བྱེད་རྒྱུ་དེ་ཡིན་པར་བརྟེན། དེ་གཞི་ལ་བཞག་ན་ཆོས་གང་ཞིག་བྱས་ཀྱང་དེ་ཙམ་ཁྱད་པར་མེད། དེ་བཞིན་བདེན་བཞིའི་འགྲོ་སྟངས་ལ་སློབ་སྦྱོང་བྱས་ཏེ་ཤེས་པ་བྱེད་དགོས། བདེན་བཞིའི་ནང་ནས་དང་པོ་དང་གཉིས་པ། སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་གཉིས་ཤེས་ཐབས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད། །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།