གྲྭ་པ་གཉིས་ལ་རྒྱལ་ཁབ་ངོ་ལོག་པའི་ཉེས་མིང་འོག་ཁྲིམས་ཆད།

ཟླ་འདིའི་ཚེས་༧ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡ ཙམ་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ལ། རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་༢ ཀྱི་བཙོན་འཇུག་ཁྲིམས་ཆད་དང་། རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལ་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཟླ་འདིའི་ཚེས་༧ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡ ཙམ་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ལ། རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་༢ ཀྱི་བཙོན་འཇུག་ཁྲིམས་ཆད་དང་། རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལ་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

Lobsang gyatso 02
བློ་བཟང་རྒྱ་མཚོ།

དེ་ཡང་ཀ་ཉག་ཚེ་རིང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གྲྭ་བློ་བཟང་བསྟན་པས་༡༠༡༤ ལོ་ཕྱི་ ཟླ་༤ ཚེས་༢༦ ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མ་ནས་མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་ལག་ཏུ་གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས་“བོད་ལ་རང་དབང་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་”ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་བྱེད་མཁན་དེ་ཡིན་ལ། སྐབས་ཐོག་དེར་ཁྲོམ་ལམ་དུ་ཡོད་པའི་ཉེན་རྟོག་པ་རྣམས་ཀྱིས་བཙན་ཁྲིད་བྱས་ཏེ་ད་བར་མནར་གཅོད་སྣ་ཚོགས་མྱངས་མཐར་གཞི་ནས་ཐག་གཅོད་དེ་ལྟར་བྱས་པ་ཡིན་འདུག

ཁོང་ལ་ཁྲིམས་ཐག་གཅོད་སྐབས་ནང་མིར་བརྡ་བཏང་སྟེ་ཁྲིམས་རྭར་ཡོང་བཅུག་ཡོད་ཀྱང་ནང་མིར་ཁྲིམས་རྩོད་པ་གླ་རྒྱུའི་གོ་སྐབས་སྤྲད་མེད་པ་རེད། ཁོང་གི་ཕ་ཡུལ་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པ་ཡིན་ཞིང་། ཕ་ངག་ཆུང་དང་མ་སྒྲོལ་མ་ཆོས་ཁོ་གཉིས་ཀྱི་བུ་ཆུང་བ་ཡིན་འདུག རང་ལོ་༡༩ ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་དེང་སྐབས་རྔ་བ་ཀིརྟི་དགོན་པའི་སྔོན་འགྲོའི་འཛིན་གྲྭ་དགུ་བ་ཡིན་འདུག ཁོང་ལ་མ་གཅིག་གི་སྤུན་རྒན་པ་གྲྭ་པ་གཉིས་ཡོད་པའི་གཅིག་དེང་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་སློབ་གཉེར་གནང་བཞིན་ཡོད་ལ། གཅིག་རྔ་བ་ཀིརྟི་དགོན་པའི་ནང་དུ་ཡོད་འདུག

Lobsang tenpa 01
བློ་བཟང་བསྟན་པ།

དེ་བཞིན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོས་༢༠༡༤ ལོའི་ཕྱི་ཟླ་༤ ཚེས་༢ ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ནས་ལག་ཏུ་ཁོང་རང་ཉིད་ཀྱིས་བྲིས་པའི་བོད་ཀྱི་རྒྱལ་དར་ཞིག་བཟུང་ནས་“བོད་ལ་རང་དབང་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ཞེས་པའི་འབོད་ཚིག་སྒྲོག་བཞིན་སྐད་འབོད་བྱས་ཡོད་འདུག་ལ། སྐབས་ཐོག་དེར་ཉེན་རྟོག་པའི་ལག་ཏུ་མ་ཤོར་བར་ཡར་དགོན་པའི་ནང་དུ་འབྱོར་ཐུབ་ཙམ་བྱུང་ཡང་། ཕྱི་ཟླ་༤ ཚེས་༡༥ ཉིན་དགོན་པའི་ནང་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་བར་བཀག་ཉར་ཁང་སོགས་བརྒྱུད་དེ་མནར་གཅོད་རིམ་པར་མྱངས་མཐར་ཐག་གཅོད་བྱས་པ་ཡིན་འདུག ཁོང་ལ་ཁྲིམས་ཐག་གཅོད་སྐབས་ནང་མིར་བརྡ་བཏང་སྟེ་ཁྲིམས་རྭར་ཡོང་བཅུགས་ཡོད་ཀྱང་ཁྲིམས་རྩོད་པ་གླ་རྒྱུའི་གོ་སྐབས་སྤྲད་མེད་པ་གཅིག་མཚུངས་རེད།

Lobsang tenpa 02
བློ་བཟང་བསྟན་པའི་ངོ་རྒོལ་སྐབས།

ཁོང་གི་ཕ་ཡུལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པ་ཡིན་ཞིང་། རང་ལོ་༢༠ དང་། ཕ་བྷེ་ཚེ་དང་། མ་ཞིས་ཆུང་གཉིས་ཀྱི་བུ་ཡིན་ཞིང་། སྲིང་མོ་ཆུང་ཆུང་ཞིག་ཀྱང་ཡོད་འདུག ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ་དེང་སྐབས་སྔོན་འགྲོའི་འཛིན་གྲྭ་དགུ་པ་ཡིན་འདུག
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།