ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་བརྡ་འཕྲིན་བེད་སྤྱོད་ཀྱི་གཟེངས་རྟགས་ཐོབ་འདུག

ཟླ་འདིའི་ཚེས་ ༥ ཉིན་དྷ་སར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ལྷོ་ཨེ་ཤ་ཡའི་ནང་བརྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་བརྡ་འཕྲིན་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་གྱི་གཟེངས་རྟགས་ཨང་གཉིས་པ་དེ་ཐོབ་ཡོད་པ་རེད།

ཟླ་འདིའི་ཚེས་ ༥ ཉིན་དྷ་སར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ལྷོ་ཨེ་ཤ་ཡའི་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་བརྡ་འཕྲིན་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་གྱི་གཟེངས་རྟགས་ཨང་གཉིས་པ་དེ་ཐོབ་ཡོད་པ་རེད།

Lha at New Delhi 4རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བརྡ་འཕྲིན་ཐེབས་རྩའི་གོ་སྒྲིག་འོག ལྷོ་ཨེ་ཤེ་ཡའི་ནང་གཞུང་འབྲེལ་མིན་པའི་ཚོགས་པའི་བརྡ་འཕྲིན་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་གྱི་འདེམས་སྒྲུབ་མཛད་སྒོ་ཐེངས་གསུམ་པ་དེ་ཟླ་འདིའི་ཕྱི་ཚེས་ ༤ ནས་ ༥ བར་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཧཱ་བྷེ་ཊ་ཊི་སན་ཊར་(Habitat Centre)རུ་འཚོགས་ཡོད་པ་རེད།

ཐོག་མར་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་རྒྱ་གར་དང་། བལ་ཡུལ། ཨབ་གྷ་ནི་སི་ཐན། པཱ་ཀི་སི་ཐན། སིང་ག་ལ། བྷང་ལ་དྷེ་ཤེ་བཅས་ཀྱི་ནང་བརྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་སྟོང་ཕྲག་མང་པོ་ཡོད་པའི་ནང་། བརྡ་འཕྲིན་བེད་སྤྱོད་ཡག་ཤོས་གཏོང་མཁན་སྡེ་ཚན་བརྒྱད་ལ་ཆ་བགོས་ཀྱིས་ཚོགས་སྡེ་གྲངས་ ༣༠༧ འདེམས་སྒྲུབ་བྱས་ཡོད་པ་དང་། མཐའ་མའི་འདེམས་སྒྲུབ་སྐབས་བལ་ཡུལ་ནས་ཡིན་པ་youth for Blood ཟེར་བ་དེར་གཟེངས་རྟགས་ཨང་དང་པོ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་གཟེངས་བསྟོད་དང་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་པ་རེད།

ཐེངས་འདིར་མཛད་སྒོ་སྐབས་ཚོགས་སྡེ་སོ་སོས་དུས་ཡུན་སྐར་མ་ ༥ རིང་ཚོགས་པའི་ལས་དོན་ངོ་སྤྲོད་དང་། ཚོགས་པའི་ལག་དེབ་འགྲེམས་སྤེལ། ཚོགས་ཁང་གི་གཡས་གཡོན་དུ་པར་རིས་དང་འགྲེལ་བཤད་ཡོད་པའི་འཕྲེད་དར་བསྒྲེངས་འཛུགས་བཅས་བྱས།

Lha at New Delhi 7ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་བློ་བཟང་རབ་བསལ་དང་། དྲུང་ཆེ་འབྲུག་བསྟན་སྐྱིད། ལས་དྲུང་ཚེ་རིང་དབང་འདུས་བཅས་མཛད་སྒོར་ཆེད་བཅར་གྱིས་ཚོགས་པའི་ཚབ་ཞུས་ནས་གཟེངས་བསྟོད་བླངས། དྲུང་ཆེ་འབྲུག་བསྟན་སྐྱིད་ཀྱིས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་ཚོགས་པའི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང་། འདེམས་སྒྲུབ་པ་དང་མི་མང་གི་དྲི་བར་ལན་འདེབས་བྱས།

མཛད་སྒོ་ཐོག་ཁྱོན་མི་གྲངས་སྟོང་ཕྲག་འགའ་ཤས་འདུ་འཛོམས་སར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཚོགས་པའི་ངོ་སྤྲོད་ལབ་དེབ་དང་། ཁོར་ཡུག་གོ་རྟོགས་ལག་དེབ། ལྷག་པར་དུ་འབྲེལ་གཏུགས་དུས་དེབ་ (Contact magazine) སོགས་འགྲེམས་སྤེལ་རྒྱ་ཆེར་བྱས་སྟབས། བོད་དང་བོད་མིའི་གནས་སྟངས་སྐོར་ལའང་ངོ་སྤྲོད་དང་འགྲེལ་བརྗོད་བྱུང་ཡོད་པ་རེད།

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགན་འཛིན་ངག་དབང་རབ་རྒྱས་ལ། བརྡ་ཕྲིན་གཟེངས་རྟགས་དེ་ཐོབ་དགོས་པའི་རྒྱུན་མཚན་དང་། བརྡ་འཕྲིན་ག་རེ་བེད་སྤྱོད་གཏོང་གི་ཡོད་མེད་སྐོར་ལ་བཅར་འདྲི་བྱས་པར། ཁོང་གིས། “ང་ཚོའི་ཚོགས་པར་བརྡ་འཕྲིན་དང་འབྲེལ་བའི་དབྱིན་བོད་གཉིས་ཀྱི་དྲ་རྒྱ་གྲངས་༩ དང་། ངོ་དེབ་ ༥ ། བརྙན་མཛོད་ ༢ ། འཕྲུལ་སྒྲ་ ༤ ། སྒྲ་མཛོད་༡ ། ཨི་སུའུ་ ༡ བཅས་ཡོད། དཔར་མཛོད་གཅིག་ཡོད་པ་དང་།  དེ་དག་བརྒྱུད་ནས་འབྲེལ་ལམ་ཆགས་པ་པ་མི་གྲངས་ཁྲི་མང་པོ་ཡོད་པ་སོགས་བརྟེན་ནས་གཟེངས་རྟགས་དེ་ཐོབ་པ་རེད་”འགྲེལ་བརྗོད་བྱས་སོང་།

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་བོད་པའི་སྤྱི་ཚོགས་ནང་ཞབས་ཞུའི་ལས་དོན་སྣེ་མང་བྱ་རྒྱུ་དེ་ཡིན་པ་དང་། ད་ལྟའི་ཆར་བོད་ཀྱི་ཆོས་དང་རིག་གཞུང་གོམས་གཤིས། བོད་དོན་སོགས་ཕྱི་རྒྱལ་མི་སྣར་ངོ་སྤྲོད་དང༌། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག དང་བླངས་ཀྱི་འབྲེལ་འཐུད། དཔེ་དེབ་དང་གྱོན་གོས་ཞལ་འདེབས། རིག་གཞུང་བརྗེ་རེས་གོ་སྒྲིག སྤྱི་ཐབ་དང་ཆུ་གཙང་མའི་མཐུན་རྐྱེན་སོགས་ཀྱི་སྐོར་ལ་ལས་དོན་བྱེད་ཀྱི་ཡོད་པ་རེད། དུས་རྒྱུན་དྷ་སར་སློབ་གཉེར་བ་རྣམས་ལ་དབྱིན་སྐད་གཙོ་བྱས་པའི་སྐད་ཡིག་གི་འཛིན་གྲྭ་འཚོག་གི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

ལྷ་སྤྱི་ཚོགས་ཞབས་ཞུའི་དྲ་རྒྱ། ཨིན་ཡིག་དྲ་རྒྱ། www.lhasocialwork.org དང་བོད་ཡིག་དྲ་རྒྱ། www.lhasocialwork.org/lhav3/tibetan

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།