བོད་ནང་དམ་དྲག་གི་བསྒྲགས་གཏམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྐྱོན་བརྗོད།

ཕྱི་ཟླ་༡༡ ཚེས་༣ ཉིན་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ཁྲེན་ཆོན་གོས་བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག “ཏཱ་ལའི་བླ་མ་ལ་དད་གུས་དང་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ་བོད་རྒྱ་ནག་ནས་ཁ་བྲལ་ལས་འགུལ་དང་བྱ་སྤྱོད་སྤེལ་མཁན་དག་ལ་ཁྲིམས་ལྟར་དྲག་གནོན་ནན་ པོ་བྱ་རྒྱུ་ཡིན།” ཞེས་བསྒྲགས་གཏམ་སྤེལ་བར་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་རེད།

ཕྱི་ཟླ་༡༡ ཚེས་༣ ཉིན་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ཁྲེན་ཆོན་གོས་བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག “ཏཱ་ལའི་བླ་མ་ལ་དད་གུས་དང་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ་བོད་རྒྱ་ནག་ནས་ཁ་བྲལ་ལས་འགུལ་དང་བྱ་སྤྱོད་སྤེལ་མཁན་དག་ལ་ཁྲིམས་ལྟར་དྲག་གནོན་ནན་ པོ་བྱ་རྒྱུ་ཡིན།” ཞེས་བསྒྲགས་གཏམ་སྤེལ་བར་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཆེ་རུ་གཏོང་རྒྱུའི་སྲིད་བྱུས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ་ཡིན། དམ་དྲག་ཇི་ཙམ་བྱས་པ་དེའི་ཚོད་ཀྱི་ངོ་རྒོལ་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་སྟབས། རྒྱ་ནག་གཞུང་གིས་ཡུན་རིང་ནས་བོད་ཀྱི་ས་ཁུལ་ནང་བརྟན་ལྷིང་ཡོང་ཐབས་ཀྱི་སྲིད་བྱུས་དེར་དོ་ཕོག་འགྲོ་ངེས་རེད།  ང་ཚོས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་དགོས། ཞེས་རེ་འདུན་ཞུ་རྒྱུ་ཡིན། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཡུན་རིང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱ་མི་རིགས་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན་པའི་བསམ་འཆར་བཏོན་ཡོད། ཐབས་ལམ་འདི་བརྒྱུད་ནས་བོད་རིགས་རྣམས་ལ་གཞི་རྩའི་རང་དབང་ཐོབ་རྒྱུ་མ་ཟད། རྒྱ་ནག་གི་ས་ཁྱོན་ཆིག་སྒྲིལ་གྱི་བདག་དབང་ལའང་བརྩི་བཀུར་ཡོང་ཐུབ། བོད་རིགས་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་རང་སྐྱོང་གི་འཛིན་སྐྱོང་གཅིག་འོག་དོན་དམ་གྱི་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད་པ་ལས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད།

ཕྱི་ལོ་༢༠༠༨ ལོར་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་འགོ་ཁྲིད་ཚོར་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆ་དེའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཞིབ་ཕྲ་འཁོད་ཡོད།

ཕྱི་ལོ་༢༠༡༤ ཟླ་༧ ནང་རྒྱ་ནག་གུང་ཁྲན་ཚོགས་པའི་ལྐོག་ཟ་རུལ་སུངས་ལ་གདོང་ལེན་བྱེད་མཁན་སྒྲིག་འཛུགས་མཐོ་ཤོས་ཡིན་པ། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་ (Central Committee for Discipline Inspection) ཟེར་བ་དེས་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་མཐོ་གྲས་ནང་དང་ལྷག་པར་གོ་གནས་འཕར་གྲབ་ཡོད་པའི་ལས་བྱེད་ཁྲོད་ལྐོག་ཟ་རུལ་སུངས་ལ་རྟོག་ཞིབ་བྱེད་མགོ་བཙུགས་པའི་གསལ་བསྒྲགས་སྤེལ་འདུག རྒྱ་ནག་རྒྱལ་ཡོངས་ནང་ལྐོག་ཟར་གདོང་ལེ་བྱ་རྒྱུའི་ལས་འགུལ་འདི་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགན་འཛིན་ཝང་ཊི་ཤན་(Wang Qishan) གྱིས་འགོ་འཛུགས་བྱས་འདུག ཁོ་པ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་འབྲེལ་བ་ཉེ་པོ་ཡོད།

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་རྟོག་ཞིབ་ཚོགས་ཆུང་གི་འགོ་གཙོ་ཡེ་ཏུང་སུང་ (Ye Dong Song) གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནང་ཟླ་བ་གཉིས་ཙམ་རིང་ཞིབ་འཇུག་བྱས་མཐར་ཕྱི་ལོ་༢༠༡༤ ཟླ་༩ ཚེས་༢༤ ཉིན་ཞིབ་འཇུག་ཟིན་ཁུལ་གྱིས། ཕྱོ་ལོ་༢༠༡༤ ཟླ་༡༡ ཚེས་༣ ཉིན་དོན་ཚན་བཞི་ཅན་གྱི་ཡིག་ཆ་ཞིག་གསལ་བསྒྲགས་བྱས་པ་དེའི་ནང་གི་དོན་ཚན་གཅིག་ནང་འཁོད་དོན། “བོད་ནང་གི་ལས་བྱེད་མང་པོ་ཞིག་ལ་ལངས་ཕྱོགས་བརྟན་པོ་མེད། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ངོས་ནས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོབ་དང་ བོད་རྒྱ་ནག་ནས་ཁ་བྲལ་གཏོང་མཁན་ལ་རྒོལ་རྡུང་གཏོང་རྒྱུ་ཡིན་” ཞེས་འཁོད་འདུག་ཅེས་གསལ་བསྒྲགས་སྤེལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།