བྱམས་བརྩེའི་ཐེབས་རྩའི་སྡོད་ཁང་ལེགས་གྲུབ་ཀྱི་མཛད་སྒོ།

ཟླ་འདིའི་ཕྱི་ཚེས་༡༦ ཉིན་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ལྡི་ལི་རུ་རྒྱལ་སྤྱིའི་བྱམས་བརྩེའི་ཐེབས་རྩའི་ཁང་པ་དབུ་འབྱེད་གནང་ཡོད་པ་དང། སྐབས་དེར་ལྡི་ལིར་རྟེན་གཞི་བྱས་པའི་ཁེ་ན་ཌའི་གཞུང་ཚབ་ཆེན་མོ་དང། རྒྱ་གར་གྱི་དབུས་གྲོས་ཚོགས་འཐུས་མི། ས་གནས་ཀྱི་འཐུས་མི། ཐེབས་རྩ་ཁང་དེའི་འབྲེལ་ཡོད་སྦྱིན་བདག་སོགས་སྐུ་མགྲོན་གང་མང་ཞིག་ཕེབས་ཡོད་པ་རེད།

CD3_1235ཟླ་འདིའི་ཕྱི་ཚེས་༡༦ ཉིན་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ལྡི་ལི་རུ་རྒྱལ་སྤྱིའི་བྱམས་བརྩེའི་ཐེབས་རྩའི་ཁང་པ་དབུ་འབྱེད་གནང་ཡོད་པ་དང། སྐབས་དེར་ལྡི་ལིར་རྟེན་གཞི་བྱས་པའི་ཁེ་ན་ཌའི་གཞུང་ཚབ་ཆེན་མོ་དང། རྒྱ་གར་གྱི་དབུས་གྲོས་ཚོགས་འཐུས་མི། ས་གནས་ཀྱི་འཐུས་མི། ཐེབས་རྩ་ཁང་དེའི་འབྲེལ་ཡོད་སྦྱིན་བདག་སོགས་སྐུ་མགྲོན་གང་མང་ཞིག་ཕེབས་ཡོད་པ་རེད།
དེ་ཡང་འབྲས་སྤུངས་བློ་གསལ་གླིང་གི་གྲགས་པ་རིན་པོ་ཆེས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱལ་སྤྱིའི་བྱམས་བརྩེའི་ཐེབས་རྩ་ཞེས་པ་ཞིག་དྭ་ཕྲུག་དང་ཕྱེད་ད་ཕྲུག་རྣམས་ལ་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་སྤྲོད་ཆེད་ཕྱི་ལོ་༡༩༩༧ ལོར་ཐོག་མ་གསར་འཛུགས་གནང་བ་དང། ཕྱི་ལོ་༢༠༠༢ ལོ་ནས་བཟུང་དངོས་སུ་དྭ་ཕྲུག་དང་ཕྱེད་དྭ་ཕྲུག་རྣམས་བསྡུ་བཞེས་གནང་ནས་རོགས་རམ་བྱ་རྒྱུའི་འགོ་བཙུགས་ཡོད་པ་རེད། ད་ལྟའི་ཆར་ཕྲུ་གུ་༢༥ ཙམ་ཡོད་པ་དང། ཕྲུ་གུ་༥ གཞི་རིམ་གྱི་སློབ་སྦྱོང་ཐོན་ནས་ལོ་འདིར་མཐོ་སློབ་ཏུ་འགྲོ་ཐུབ་པ་བྱུང་ཡོད་འདུག སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བྱམས་བརྩེའི་བདེ་རྩ་ཁང་གི་ཕྲུ་གུའི་སྡོད་ཁང་ལེགས་གྲུབ་ཀྱི་མཛད་སྒོའི་ཐོག་གསུང་བཤད་གནང་དོན། བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་དང་ལྷག་དོན་མཐོ་རིམ་སློབ་གྲྭའི་སློབ་མའི་ཤེས་ཡོན་སློབ་གསོའི་ཐད་ལ་མཐུན་འགྱུར་རོགས་རམ་གལ་ཆེ་ཡིན་སྐོར་གསུངས་བཤད་གནང་ཡོད་པ་རེད། ཐེབས་རྩ་ཁང་དེ་གསར་འཛུགས་དགོས་པའི་དམིགས་ཡུལ་ཕ་མ་གཉིས་ཀ་མེད་པའི་དྭ་ཕྲུག་དང། ཕྱེད་དྭ་ཕྲུག ཆེས་ཉམ་ཐག་ཅན་གྱི་ཕྲུ་གུ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་ཚད་ལྡན་ཞིག་འཐོབ་ཐུབ་པའི་ཆེད་དུ་ཡིན་ཞེས་སྨར་ཁམས་གྲགས་པ་རིན་པོ་ཆེས་ངོ་སྤྲོད་གནང་སོང།།CD3_0811

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།