སང་ལོར་ལྷ་སར་མཇལ་ཡོང་ཞེས་པའི་ལས་འགུལ།

ཟླ་འདིའི་ཚེས་༡༢ ཉིན་སྟེ་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་ལོ་༢༥ འཁོར་བའི་དུས་དྲན་དང་སྟབས་བསྟུན་རྒྱལ་བའི་བཀའ་དྲན་རྗེས་དྲན་གྱི་མཚོན་དོན་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་“སང་ལོ་ལྷ་ས་ནས་མཇལ་ཡོང་”ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་ཡོད་པ་རེད།

ཟླ་འདིའི་ཚེས་༡༢ ཉིན་སྟེ་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་ལོ་༢༥ འཁོར་བའི་དུས་དྲན་དང་སྟབས་བསྟུན་རྒྱལ་བའི་བཀའ་དྲན་རྗེས་དྲན་གྱི་མཚོན་དོན་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་“སང་ལོ་ལྷ་ས་ནས་མཇལ་ཡོང་”ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་ཡོད་པ་རེད།

ཉིན་དེར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ཁང་གི་སྒོ་འགྲམ་དུ་“སང་ལོ་ལྷ་ས་ནས་མཇལ་ཡོང་” ཞེས་པའི་ཁ་པར་གྱི་དབྱངས་བརྡའི་མཉེན་ཆས་དང་། “སང་ལོ་ལྷ་ས་ནས་མཇལ་”ཞེས་པའི་བྲང་འདོགས་དཔུང་རྟགས། “སང་ལོ་ལྷ་ས་ནས་མཇལ་ཡོང་”ཞེས་པའི་སྟབས་བདེ་རྒྱབ་ཁུག་བཅས་འགྲེམས་སྤེལ་བྱས་ཡོད་པ་རེད།

10429345_567221990044861_4225690392723912461_nསྐབས་དེར་བུད་མེད་ལྷན་ཚོགས་ངོས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེ་གཟེགས་རྟགས་བཞེས་ནས་མི་ལོ་ཧྲིལ་བོ་༢༥ འཁོར་བའི་བར་དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་འདས་པའི་ལོ་འཁོར་མོ་འདི་བཞིན། མགོན་པོ་གང་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་གནང་ཡོད་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་དང་། ས་གནས་ཡན་ལག་ཁག་གིས་ཀྱང་རྣམ་དཀར་དགེ་བའི་དོན་བཟང་འདིར་གཞོགས་འདེགས་རྒྱབ་སྐྱོར་མཚོན་ཆེད། ལོ་འདིར་ལས་འགུལ་སྣ་ཚོགས་སྤེལ་ཡོད་ན། དེས་ཀྱང་རྒྱལ་བ་འགྱེས་པའི་མཆོད་སྤྲིན་གྱི་ཆ་ཤས་ཙམ་འབྱུང་པར་སྨོན་པས་ལྟས་ཡོད།  ཡིན་ནའང་། གཞུང་མང་གཉིས་ཀྱིས་བཀའ་དྲིན་བསམ་ཤེས་ཀྱི་ཆེད་དུ། ཅི་གསུངས་བཀའ་སྒྲུབ་གནང་གི་ཡིན་ཟེར་ནས་འབོད་ཚིག་བསྒྲགས་རྒྱུ་ཙམ་མ་ཡིན་པར། ཁོང་གི་དྲིན་ལན་འཇལ་ཐབས་ཉག་གཅིག་ནི་མགོན་པོ་གང་གི་རིང་ནས་སྙིང་ལ་བརྣག་པའི་འདོད་དོན་དང་། གཞིས་ལུས་དད་ལྡན་མང་ཚོགས་ཀྱིས་མིག་འཐའ་མཆི་མ་ཁེངས་ནས་རེ་སྒུག་གནང་བཞིན་པ་ནི་ལྷ་ལྡན་ཉི་མའི་གྲོང་ནས་གཞིས་བྱེས་གཉིས་ལྷན་འཛོམས་གནང་རྒྱུ་འདི་རང་ཡིན་སྟབས། ངེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་ངོས་ནས་ཀྱང་གོ་སྐབས་འདི་བརྒྱུད་<<སང་ལོ་ལྷ་ས་ནས་མཇལ་ཡོང་>> ཞེས་པའི་འགོ་བརྗོད་འོག་དུས་དྲན་སྲུང་བརྩི་བྱས་ཡིན་སྐོར་འཁོད་འདུག

དེ་བཞིན་གསལ་བསྒྲགས་དེའི་ནང་ལས་འགུལ་དེ་“ཤི་བོས་ཁ་ཆེམས་དང་།  གསོན་པོའི་རེ་བ་དཀྱིལ་གཅིག་ལ་བཞག་པའི་མཚོན་དོན་ཡིན་ཙང་།  ངེད་ལྷན་ཚོགས་ངོས་ནས་ཁ་པར་གྱི་དབྱངས་བརྡ་དང་། དཔུང་རྟགས། རྒྱབ་ཁུག་སོགས་འཛམ་གླིང་གར་སར་གནས་པའི་བོད་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཚེགས་མེད་ངང་བཀྲམས་གཏན་འཁེལ་བ་ཡོད་ན། དེས་ཀྱང་རྒྱལ་བ་གྱེས་པའི་མཆོད་སྤྲིན་གྱི་ཆ་ཤས་ཙམ་འབྱུང་བར་སྨོན་པས་གཏོས་པ་དང་ཆིབས་ཅིག ངེད་ལྷན་ཚོགས་ངོས་ནས་བོད་མི་རྒན་གཞོན་ཚང་མས་དུས་རྒྱུན་ཡིད་ལ་དོ་བདག་རང་ཉིད་བོད་དུ་ལོག་ཕེབས་མཁན་ཡིན་པའི་དྲན་ཤེས་དགོས་རྒྱུ་མ་ཟད་དང་། འཛོམས་བྲལ་ནམ་དུས་དང་ལྷག་པར་པེ་པེ་ཞེས་པའི་ཚབ་ཏུ་༼སང་ལོ་ལྷ་ས་ནས་མཇལ་ཡོང་༽ཞེས་པའི་ཁ་གཡང་འབོད་རེར་གནང་རྒྱུའི་འབོད་བསྐུལ་སྙིང་ནས་ཞུ་ཡི་ལགས་ན་ཅིས་ཀྱང་དགོངས་པ་ཆེ་བཞེས་གནང་རྒྱུ་མཁྱེན་”ཞེས་འཁོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།