འཇར་མན་དུ་བོད་རྒྱའི་ཚོགས་འདུའི་ཐོག་རྒྱ་རིགས་ཚོགས་བཅར་བའི་ཐུན་མོང་གི་ལྟ་ཚུལ།

ཕྱི་ཟླ་༨ ཚེས་༢༦།༢༨ བར་ཡུ་རོབ་འཇར་མན་གྲོང་ཁྱེར་ཧམ་བྷག་ཏུ་ཚོགས་པའི་“ཐུན་མོང་གི་གཞི་རྟེན་འཚོལ་བ་”ཞེས་པའི་བོད་རྒྱའི་ཚོགས་འདུར་ཡུ་རོབ་དང་། བྱང་ཨ་རི། ཨོ་སི་ཊོ་ལི་ཡ། ཧོང་ཀོང་། རྒྱ་ནག་སྐམ་ས་བཅས་ནས་རང་དབང་གི་ཤེས་ཡོན་ཅན་དང་། རྩོམ་པ་པོ། མང་གཙོ་དོན་གཉེར་བ། ཁྲིམས་རྩོད་པ་བཅས་འདུ་འཛོམས་ཐོག་ཁོང་བོད་ཀྱི་གནས་སྟངས་ཐོག་ཐུན་མོང་གི་ལྟ་ཚུལ་ཁག་ཅིག་སྤེལ་ཡོད་པ་རེད།

ཕྱི་ཟླ་༨ ཚེས་༢༦།༢༨ བར་ཡུ་རོབ་འཇར་མན་གྲོང་ཁྱེར་ཧམ་བྷག་ཏུ་ཚོགས་པའི་“ཐུན་མོང་གི་གཞི་རྟེན་འཚོལ་བ་”ཞེས་པའི་བོད་རྒྱའི་ཚོགས་འདུར་ཡུ་རོབ་དང་། བྱང་ཨ་རི། ཨོ་སི་ཊོ་ལི་ཡ། ཧོང་ཀོང་། རྒྱ་ནག་སྐམ་ས་བཅས་ནས་རང་དབང་གི་ཤེས་ཡོན་ཅན་དང་། རྩོམ་པ་པོ། མང་གཙོ་དོན་གཉེར་བ། ཁྲིམས་རྩོད་པ་བཅས་འདུ་འཛོམས་ཐོག་ཁོང་བོད་ཀྱི་གནས་སྟངས་ཐོག་ཐུན་མོང་གི་ལྟ་ཚུལ་ཁག་ཅིག་སྤེལ་ཡོད་པ་རེད།

པར། ཀུན་དགའ་བཀྲ་ཤིས་ཀྱི་ངོ་དེབ།
པར། ཀུན་དགའ་བཀྲ་ཤིས་ཀྱི་ངོ་དེབ།

དེ་ཡང་ཕྱི་ཟླ་༩ ཚེས་༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་བཅར་བ་ཚོས་༸གོང་ས་མཆོག་གི་བཀའ་སློབ་ཞུས་པ་མ་ཟད་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས། དེ་བཞིན་ཡུ་རོབ་ཏུ་གནས་སྡོད་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་ མཚན་བཅས་དང་ལྷན་དུ། བོད་ཀྱི་ཆོས་དང་རིག་གནས་སྲུང་སྐྱོབ། འགྲོ་མིའི་ཐོབ་ཐང་། ཁོར་ཡུག འབྲོག་པ་གནས་སྤོ་སོགས་ཀྱི་གནད་དོན་ཐད་ལ་བགྲོ་གླེང་ལྷུག་པོ་གནང་བ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡང་དོགས་སློང་དང་གྲོས་བསྡུར་བྱས་ཡོད་པ་རེད།

ཚོགས་ཐོག་ཏུ་ཕྱི་ལོ་༢༠༠༩ ལོར་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཐུན་མོང་གི་གཞི་རྟེན་འཚོལ་བ། ཞེས་པའི་བོད་རྒྱའི་ཚོགས་འདུ་ཚོགས་ཚུན། བོད་ཁུལ་ཁག་གི་འགྲོ་བ་མིའི་གནས་སྟངས་བཟང་དུ་འགྲོ་རྒྱུ་ལས་ལྡོག་སྟེ། 9289_751310734925063_371679356638436113_nགནས་སྟངས་ཇེ་ཞན་དུ་ཕྱིན་ཡོད་པར་ངོས་འཛིན་གསལ་རྟོགས་བྱུང་ཡོད། རྒྱ་ནག་སྲིད་གཞུང་གིས་བོད་མིའི་ཆབ་སྲིད་དང་། ཆོས་ལུགས། སྐད་ཡིག་རིག་གནས། ཁོར་ཡུག་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱས་སྟབས། བོད་མི་༡༣༠ བརྒལ་བས་རང་སྲེག་ངོ་རྒོལ་བྱས་ཡོད། རྒྱ་ནག་སྲིད་གཞུང་གིས་བོད་མིའི་བསམ་བློའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་དང་སྒྲོ་སྐུར་དང་། བོད་མིའི་ཆབ་སྲིད་དང་ཆོས་དད་རང་དབང་འཕྲོག་པ། དཔལ་འབྱོར་ཟུར་འབུད་བྱས་པ། བོད་མིའི་ཕྱོགས་ཡོངས་ཀྱི་འཚོ་བའི་ཁོར་ཡུག་གཏོར་བརླགས་བཏང་བ། དབུ་མའི་ལམ་གྱི་སྲིད་བྱུས་འདིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བྱམས་སེམས་དང་ཤེས་རབ་ཕྱིར་མངོན་ཐུབ་ལ། སྲིད་བྱུས་འདི་ནི་བོད་མིས་ཞི་བ་དང་། དཔྱོད་ཤེས། འཚེ་བ་མེད་པ་བཅས་ཀྱི་སྒོ་ནས་རང་དབང་རྩོད་ལེན་བྱེད་པའི་ལམ་ཕྱོགས་ཁོ་ན་ཙམ་མིན་པར། འདི་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་རྩོད་རྙོག་ཐམས་ཅད་འདུམ་འགྲིག་བྱེད་པའི་ཐབས་ལམ་གསར་པ་ཞིག་རེད། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འགྲོ་བ་མིའི་རིགས་ཀྱི་ཆབ་སྲིད་རིག་གནས་ལ་བསྩལ་བའི་སྐུའི་མཛད་རྗེས་རླབས་ཆེན་ཞིག་ཀྱང་ཡིན། དབུ་མའི་ལམ་གྱི་སྲིད་བྱུས་ལ་གཏིང་ཟབ་པོས་གོ་བ་བླངས་པ་བརྒྱུད། ཕྱི་ལོ་ ༢༠༡༤ ལོར་ཧམ་བྷག་ཏུ་ཚོགས་པའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་ཚོགས་འདུར་མཉམ་ཞུགས་བྱས་པའི་རྒྱ་རིགས་ཚོགས་བཅར་བ་ཚོས་གཤམ་གྱི་ཐུན་མོང་གི་ལྟ་བ་འདི་སྤེལ་ཡོད་པ་རེད།

tibet.net
tibet.net

༡༽ ཏཱ་ལའི་བླ་མ་མཆོག་གིས་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་རྒྱ་བོད་མི་རིགས་ཀྱི་ཞི་འགྲིག་ཡོང་བྱེད་ཡིན་པ་མ་ཟད། བོད་མི་རིགས་ཀྱིས་ཞི་བ་དང་འཚེ་མེད་སྒོ་ནས་རང་དབང་རྩོད་ལེན་བྱེད་པར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༽ དབུ་མའི་ལམ་ནི་རྒྱ་བོད་མི་རིགས་གཉིས་ཕན་གྱི་ལམ་ཕྱོགས་ཤིག་རེད།

༣༽ དབུ་མའི་ལམ་གྱི་ངོ་བོས་ཞི་བདེ་དང་། གོ་རིམ་ཡོད་པ། དཔྱོད་ཤེས། འཚེ་བ་མེད་པ་བཅས་ཀྱི་ཐོག་ནས་རྒྱ་ནག་མང་གཙོ་ཅན་དུ་མངོན་འགྱུར་བྱེད་པར་ཕན་པ་བསྒྲུབ་ཐུབ།

༤༽ རྒྱ་ནག་གི་མང་གཙོས་ཞི་བའི་སྒོ་ནས་བོད་ཀྱི་གནད་དོན་སེལ་རྒྱུར་ཕན་ཐོགས་ཡོད།

༥༽ རྒྱ་ནག་གི་སྤུན་ཟླ་ཚོས་བོད་དོན་གྱི་གནས་སྟངས་ངོ་མ་དང་དབུ་མའི་ལམ་གྱི་ངོ་བོ་ཇི་ཡིན་རྟོགས་པ་བྱ་རྒྱུར་གལ་འགངས་ཧ་ཅང་ཆེ། ཚོགས་བཅར་རྒྱ་རིགས་ང་ཚོས་འདི་དོན་འབད་བརྩོན་ལྷོད་མེད་བྱ་རྒྱུའི་འདུན་པ་ཡོད། །

Leave a Reply

Your email address will not be published. Required fields are marked *