བོད། དྲ་བའི་དམག་འཁྲུག་གི་མདུན་ས།
ཟླ་འདིའི་ཚེས་༢༨ ཉིན་བོད་དོན་ལས་འགུལ་ཁང་གིས་གསར་བཟོ་བྱས་པའི་“བོད། དྲ་བའི་དམག་འཁྲུག་གི་མདུན་ས་”ཞེས་པའི་གློག་བརྙན་འགྲེམས་སྤེལ་གྱི་མཛད་སྒོ་ཞིག་དྷ་ས་མེག་གྷན་དུ་འཚོགས་པ་དང་། དེ་ནི་སྐད་འཕྲིན་གྱི་ཉེན་ཁ་དང་དྲ་འབུ་འགོག་སྲུང་སྐོར་ཡིན་པ་རེད།
ཟླ་འདིའི་ཚེས་༢༨ ཉིན་བོད་དོན་ལས་འགུལ་ཁང་གིས་གསར་བཟོ་བྱས་པའི་“བོད། དྲ་བའི་དམག་འཁྲུག་གི་མདུན་ས་”ཞེས་པའི་གློག་བརྙན་འགྲེམས་སྤེལ་གྱི་མཛད་སྒོ་ཞིག་དྷ་ས་མེག་གྷན་དུ་འཚོགས་པ་དང་། དེ་ནི་སྐད་འཕྲིན་གྱི་ཉེན་ཁ་དང་དྲ་འབུ་འགོག་སྲུང་སྐོར་ཡིན་པ་རེད།
གློག་བརྙན་དེ་ནི་བོད་དོན་ལས་འགུལ་ཁྲོད་ཀྱི་འཕྲུལ་རིག་གི་སྟོབས་ཤུགས་དང་ཉེན་ཁའི་སྐོར་གྱི་དངོས་བྱུང་གློག་བརྙན་ཞིག་ཡིན་པ་དང་། གློག་བརྙན་དེ་བསྟན་རྗེས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཕྲུལ་རིག་འགན་འཛིན་ནེ་ཐན་ཧྥི་རེ་ཀྲ་ཡིས་རྒྱ་ནག་གིས་བཟོས་པའི་རྒྱལ་སྤྱིའི་སྐད་འཕྲིན་གྱི་ཁྱབ་རྒྱ་དང་། དེ་བེད་སྤྱོད་གཏོང་སྐབས་ཀྱི་ཉེན་ཁའི་སྐོར་ལ་གཏམ་བཤད་གནང་ཡོད་པ་དང་། འཛམ་གླིང་ནང་སྐད་ཕྲིན་བེད་སྤྱོད་གཏང་མཁན་མི་གྲངས་“ས་ཡ་བཞི་བརྒྱ་”དང་། དེའི་ནང་ནས་“ས་ཡ་བདུན་ཅུ་”རྒྱ་ནག་གི་ཕྱི་ལོག་ལ་ཡོད་པ་རེད།
“བོད་་་དྲ་བའི་དམག་འཁྲུག་གི་མདུན་ས་”ཟེར་བའི་གློག་བརྙན་དེའི་ནང་དོན། བོད་དོན་འཐབ་རྩོད་ཁྲོད་བོད་མི་རྣམས་ཀྱིས་སོ་སོའི་ནང་མི་དང་གྲོགས་པོ་སོགས་དང་འབྲེལ་བ་མུ་མཐུད་དུ་ཉར་བ་དང་། ལྷག་པར་དུ། རྒྱ་ནག་གཞུང་གིས་བཏང་བའི་དྲ་ཐོག་གི་འཇབ་རྒོལ་རིགས་ལ་འགོག་སྲུང་དང་ལྷན་དུ་སོ་སོའི་རང་དབང་དང་ཐོབ་ཐང་བརྩད་དེ་རྒྱ་ཆེ་རུ་གཏོང་གི་ཡོད་པའི་སྐོར་སོགས་རེད།
གློག་བརྙན་འདིའི་ཁོངས་སུ་ཁྲོ་རིན་ཁྲོན་གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་གནད་དོན་སློབ་གླིང་གི་ཡན་ལག་མི་མང་བརྟག་དཔྱད་ཁང་གི་ཆེད་ལས་ཞིབ་འཇུག་པ་འགའ་ཤས་སུ་བཅར་འདྲི་བྱས་ཡོད་པ་དང་། ཁོང་ཚོ་ནི་༢༠༠༩ ལོར་རྒྱ་ནག་གིས་བོད་མིའི་སྤྱི་ཚོགས་དང་༧རྒྱལ་བ་རིན་པོ་ཆེ་གཉིས་ཀ་ཚུད་པའི་རྒྱལ་སྤྱིའི་སྒང་གི་གཞུང་སྒེར་ཚོགས་པ་མང་པོ་ཞིག་ལ་དྲ་བའི་གཏོར་བཅོམ་དང་གསང་ཉུལ་བྱེད་ཀྱི་ཡོད་པའི་སྐོར་གྱི་(Ghostnet) ཟེར་བའི་སྙན་ཐོ་གྲགས་ཅན་དེ་ཕྱི་ལ་འདོན་མཁན་དེ་ཡིན་པ་རེད།
བོད་དོན་ལས་འགུལ་ཁང་གི་འཕྲུལ་རིག་ཉེན་སྲུང་གི་ལས་གཞིའི་ལས་བྱེད་བློ་བཟང་རྒྱ་མཚོས། “འཛམ་གླིང་འདིའི་སྟེང་དུ་བོད་མིའི་སྒེར་པ་དང་ཚོགས་སྡེ་གཉིས་ཀར་གནོད་སྐྱོན་ཅན་གྱི་དྲ་འབུའི་གཏོར་བཅོམ་དང་གསང་ཉུལ་གཉིས་ཀ་བྱེད་ཀྱི་ཡོད་པ་དང་། ཇི་སྲིད་ང་ཚོར་རྒྱ་ནག་གི་དྲ་བའི་གཏོར་བཅོམ་ལ་ཁ་གཏད་གཅོག་པའི་ཤེས་བྱ་དང་ལག་རྩལ་གཉིས་ཀ་ཡོད་ཐུབ་པར་འཕྲུལ་རིག་ནི་བོད་དོན་འཐབ་རྩོད་ཁྲོད་ཀྱི་ལག་ཆ་ཆེ་ཤོས་དེ་རེད་”ཅེས་བརྗོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།