ནང་ཆོས་ངོ་སྤྲོད།

ཆོས་ལུགས་སྤྱིའི་གནས་ལུགས་དང་ནང་ཆོས་ཀྱི་སྐོར། (སྡེ་ཚན་ལྔ་པ།)

༧གོང་ས་མཆོག་གིས་༢༠༡༠ ལོར་རྡོ་རྗེ་གདན་དུ་མི་མང་ལ་བསྩལ་བའི་བཀའ་སློབ་ལས་སྒྲ་ཕབ་བྱས།
དེ་འདྲ་ཡིན་དུས་ང་ཚོས་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་རིང་སེར་སྐྱ་མང་ཚོགས་མང་པོ་ཞིག་འཛོམས་བསྡད་ཡོད་རེད། དེ་བཞིན་རྒྱ་རིགས་ཆོས་གྲོགས་ཚོས་མཚོན་པའི་ཕ་མེས་ནས་ནང་པའི་ཆོས་པ་ཡིན་པ། དེ་བཞིན་ཁྱེད་རང་ཚོ་ནུབ་ཕྱོགས་པའི་མི་ཕ་མེས་ནས་ནང་པའི་ཆོས་པ་མ་རེད་དེ།

ཆོས་ལུགས་སྤྱིའི་གནས་ལུགས་དང་ནང་ཆོས་ཀྱི་སྐོར།(སྡེ་ཚན་བཞི་པ།)

༧གོང་ས་མཆོག་གིས་༢༠༡༠ ལོར་རྡོ་རྗེ་གདན་དུ་མི་མང་ལ་བསྩལ་བའི་བཀའ་སློབ་ལས་སྒྲ་ཕབ་བྱས།
གསང་སྔགས་ཀྱི་ལྷག་པའི་ལྷ་མང་པོ་ཞིག་བསྟེན་ནས། ཚེ་ལྷ་ཡིན། ནོར་ལྷ་ཡིན། དབང་སྡུད་ཀྱི་ལྷ་ཡིན་ཞེས་པ་མང་པོ་ཞིག་དེ་འདྲ་བྱེད་སྡོད་ཀྱི་འདུག དེ་དག་བསྙེན་སྒྲུབ་བྱས་ཏེ་རྣམ་མཁྱེན་སྒྲུབ་པའི་སྐད་ཆ་ཡོད་མ་རེད། ཚེ་རིང་པོ་ཡོང་བ་དང༌།

ཆོས་ལུགས་སྤྱིའི་གནས་ལུགས་དང་ནང་ཆོས་ཀྱི་སྐོར།(སྡེ་ཚན་གསུམ་པ།)

༧གོང་ས་མཆོག་གིས་༢༠༡༠ ལོར་རྡོ་རྗེ་གདན་དུ་གསུང་ཆོས་སྐབས་ཀྱི་བཀའ་སློབ་ལས་སྒྲ་ཕབ་བྱས།
ཨབ་གྷ་ནི་སི་ཐན་དང༌། དེ་ནས་ནུབ་བྱང་མཚམས་ཀྱི་གྷིར་ཀི་སི་ཐན་ནང་དུ་ནང་ཆོས་དར་བསྡད་པ་ཆགས་ཀྱི་འདུག དེ་ནས་ཕལ་ཆེར་ཕྱི་ལོའི་དུས་རབས་འགོ་ཚུགས་པའི་མཚམས་ལོ་ཉིས་སྟོང་གོང་དུ་ནཱ་ལེནྜའི་ཆོས་སྡེ་ཆགས་ནས་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་བྱུང་ནས་ནང་ཆོས་དར་རྒྱས་ཤུགས་ཆེན་པོ་བྱུང་བ་རེད།

ཆོས་ལུགས་སྤྱིའི་གནས་ལུགས་དང་ནང་ཆོས་སྐོར། (སྡེ་ཚན་གཉིས་པ།)

༧གོང་ས་མཆོག་གིས་༢༠༡༠ ལོར་རྡོ་རྗེ་གདན་དུ་གསུང་ཆོས་སྐབས་ཀྱི་བཀའ་སློབ་ལས་སྒྲ་ཕབ་བྱས།
བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་དགོས་ཀྱི་འདུག་ཅེས་ཟེར་གྱི་འདུག ཆགས་སྡང་དབང་གིས་རང་ཕྱོགས་དང་གཞན་ཕྱོགས། ཕྲག་དོག འགྲན་སེམས། གཡོ་སྒྱུ་སྤྲ་ལག་བྱེད་པ་དེ་ཚོས་ཕུང་གི་འདུག་ཅེས་བཤད་ཀྱི་འདུག

ཆོས་ལུགས་སྤྱིའི་གནས་ལུགས་དང་ནང་ཆོས་སྐོར། (སྡེ་ཚན་དང་པོ།)

ྋགོང་ས་མཆོག་གིས་༢༠༡༠ ལོར་རྡོ་རྗེ་གདན་དུ་གསུང་ཆོས་སྐབས་ཀྱི་བཀའ་སློབ་ལས་སྒྲ་ཕབ་བྱས།

དེ་རིང་ང་ཚོ་འདིར་འཛོམས་པའི་དགོས་དོན་དེ།  ཚོང་འདུས་འཚོག་པ་མ་རེད། ལྟད་མོ་ཆེན་པོ་ཞིག་གི་ཆེད་དུ་འཛོམས་པ་མ་རེད། ལྟད་མོའི་ཟློས་གར་སྒྱུ་རྩལ་ཞེ་དྲག་ཡོད་པ་དེ་འདྲའི་ཆེད་དུ་འཛོམས་པ་ཡང་མ་རེད།

ཆོས་ལུགས་ཁག་ནི་འཛམ་གླིང་ཞི་བདེའི་ཆེད་ཡིན། (སྡེ་ཚན་དང་པོ།)

བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་ྋགོང་ས་མཆོག་གི་གསུང་ཀུན་ཁྱབ་སེམས་འཁུར་དང་འཛམ་གླིང་ཞི་བདེ་ཞེས་པ་ལས་བཏུས།
000122 dalai lamaལྟ་གྲུབ་སྐོར་ད་བར་གྲོས་བསྡུར་བྱས་པ་ཐམས་ཅད་འཛམ་གླིང་ཆོས་ལུགས་ཡོངས་རྫོགས་ནས་གསུངས་པའི་ཚུལ་ཁྲིམས་ཀྱི་སློབ་ཁྲིད་དང་མཐུན་པ་ཞིག་རེད། འཛམ་གླིང་གི་ཆོས་ལུགས་ཆེན་པོ། དཔེར་ན་ནང་པའི་ཆོས་ལུགས།  (Buddhism) དང་ཡི་ཤུའི་ཆོས་ལུགས།   (Christianity)ཀོན་ཕུ་ཤས་ཀྱི་ཆོས་ལུགས།

ཆོས་ལུགས་ཁག་ནི་འཛམ་གླིང་ཞི་བདེའི་ཆེད་ཡིན། (སྡེ་ཚན་གཉིས་པ།)

བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་ྋགོང་ས་མཆོག་གི་གསུང་ཀུན་ཁྱབ་སེམས་འཁུར་དང་འཛམ་གླིང་ཞི་བདེ་ཞེས་པ་ལས་བཏུས།

2 rinbochieརྒྱལ་སྤྱིའི་གླེང་སྟེགས་སྒང་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་འགའ་རེ་འབུར་དུ་ཐོན་པའི་དབང་གིས་འགྲོ་བ་མི་རིགས་ཀྱི་བདེ་སྡུག་ལ་སེམས་འཁུར་ཡོད་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ནུས་པ་དག་ཟུར་དུ་འདོན་པའམ་སྣང་མེད་དུ་གཏོང་གི་ཡོད།

ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་མ་སོང་བ་ཞིག་དགོས།

སྔ་འགྱུར་གྱི་ཆོས་སྡེ་ཆེན་པོ་རྣམ་གྲོལ་གླིང་གི་མཁན་ཆེན་པདྨ་ཤེས་རབ་ལགས་སུ་ནང་ཆོས་སློབ་སྦྱོང་སྐོར་ལ་བཅར་འདྲི།

དྲི་བ། ད་ལྟའི་དུས་འདིར་སྤྱི་ཚོགས་སྤྱི་ཡོངས་ཁྲ་ཁྲ་ཟིང་ཟིང་དུ་གྱུར་ཡོད་སྟབས་མཁན་རིན་པོ་ཆེ་མཆོག་གིས་གཙོ་ཆེ་ཤོས་མི་སྐྱ་ཕོ་མོ་ཞིག་ལ་མཚོན་ན་དུས་རྒྱུན་ལག་ལེན་འདེབས་ཐུབ་པ་དང་འདེབས་དགོས་པའི་ནང་ཆོས་ཀྱི་གནད་དོན་གལ་ཆེ་བ་གང་དང་གང་ཡིན་མིན་ངོ་སྤྲོད་གནང་རོགས།
ལན། མི་སྐྱ་དང་སྤྱིར་བཏང་མིའི་ཆ་ནས་བསམ་བློ་བཏང་བ་ཡིན་ན། གཡེང་འགྲོ་ས་མང་པོ་ཡོད་པ་རེད།

ལྷ་ཆོས་དགེ་བ་བཅུ་ཡི་སྐོར།

ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་ཞེས་པ་ལས་བཏུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༣
འདོན་ཐེངས་སྔོན་མའི་འཕྲོས།

ལོག་གཡེམ་བྱས་པའི་འབྲས་བུ་ནི། ཚེ་འདིར་བཟའ་ཚང་ཕན་ཚུན་ཡིད་ཆེས་མེད་པས་ནང་མི་མཐུན་ཞིང་ལེ་ལན་བདའ་རེས་ཀྱིས་དུས་འདའ་བ་དང༌། བཟའ་འཛིང་ནི་རྒྱུན་མི་ཆད། ཁྱིམ་ཚང་གི་བྱ་བ་ཐམས་ཅད་འཐུས་ཤོར་དུ་འགྲོ་བ། སེམས་ཁམས་མི་སྐྱིད་པས་ཆང་རག་ཐ་མག་སོགས་དུག་རྫས་ངན་པ་བསྟེན་པ་དང༌། ཤོ་བག་རྒྱན་རྩེད་སོགས་བྱ་བ་ངན་པར་འཇུག་པས།

ལྷ་ཆོས་དགེ་བ་བཅུ་ཡི་སྐོར།

ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་གསུང་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་ཞེས་པ་ལས་བཏུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༢
འདོན་ཐེངས་སྔོན་མའི་འཕྲོས།

གསུམ་པ་ལོག་གཡེམ། ལུས་ཀྱི་མི་དགེ་བ་གསུམ་པ་ལོག་པར་གཡེམ་པ་ནི། ལོག་པར་གཡེམ་པ་ཞེས་པ་ཁ་སྐད་ལྟར་བྱས་ན་འཆལ་སྤྱོད་བྱེད་པ་སྟེ་རང་གི་བཟའ་ཟླ་མིན་པའི་སྐྱེས་ཕོ་མོ་ལ་ཁྲིམས་དང་མི་མཐུན་པའི་འཁྲིག་པ་སྤྱོད་པ་ལ་ཟེར། འདི་ནི་དམ་པའི་ལྷ་ཆོས་དང་འགལ་བས་སྡིག་ཅན་དང། འཇིག་རྟེན་མིའི་ལུགས་ཡ་རབས་སྤྱོད་བཟང་དང་འགལ་བས་ཁྲིམས་ཀྱི་མདུན་སར་ནག་ཉེས་ཅན་ཡིན། རོང་འབྲོག་གི་རྡུང་རེས་དང་གསོད་རེས་ཀྱི་གྱོད་གཞི་ཕལ་ཆེ་བའི་རྩ་བའང་འདི་ཡིན་པས། སྤྱོད་ངན་འདིའི་རིགས་ཀྱིས་ཁྱིམ་བཟའ་ཚང་གི་བདེ་སྐྱིད་བརླགས་ཏེ་བཟའ་འཛིང་གིས་དུས་འདའ་བའི་མིག་ལྟོས་ངན་པས་བུ་དང་བུ་མོའི་ལུས་སེམས་ཀྱི་འཚར་ལོངས་དང༌།

ཁྱེད་ཀྱིས་གཟིགས་མེད་སྲིད།