ལོ་རྒྱུས་།

བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང།

དྲང་སྲོང་རྣམ་རྒྱལ་ལགས་ཀྱིས་བརྩམས་པའི་<<བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང་>>ཞེས་ པ་དེ་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ནང་དུ་བོད་ལ་དྭོགས་པ་བཀོད་པ་ཁག་ཅིག་དཔྱད་གཞིར་བཟུང་སྟེ་དྲང་ཕྱོགས་ ཞིབ་འཇུག་བྱ་རྒྱུར་སྐུལ་བའི་ཟིན་ཐོ་ཞེས་པའི་ནང་དུ་བོད་གྱི་དཔེ་གཞུང་ཁག་ཅིག་ ལ་དྭོགས་སློང་བྱུང་བའི་སྐཽར་དང། བོན་གྱི་ལྟ་སྤྱོད་སྐོར་ལས་འཕྲོས་པའི་དྭོགས་སློང་སྐོར། སྟོན་པའི་གདུང་རབས་དང་འཁྲུངས་ལོའི་སྐོར།

མདོ་སྨད་ལོ་རྒྱུས་ཆེན་མོ།

མདོ་སྨད་ལོ་རྒྱུས་ཆེན་མོ་ནི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱིས་གཙོ་འགན་བཞེས་ཏེ་མི་ལོ་དགུའི་རིང་བརྩམས་པ་ཞིག་ཡིན་པ་དང། ལོ་རྒྱུས་འབྲི་སྐབས་སྐུ་སྒེར་ཡིག་ཚང་ནས་འགྲོ་གྲོན་ནར་གཏོང་གནང་བ་དང། ཉེ་བའི་ཆར་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་རཻད། དེབ་དེར་གླེགས་བམ་དྲུག་ལས་དང་པོ་ནི།

སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང།

ཉེ་བའི་ཆར་སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བརྩམས་པའི་<<སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་>>ཞེས་པ་གྲྭ་ཚང་དེས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང། དེབ་དེ་ནི་བོད་ཡིག་དང་དབྱིན་ཡིག ཀ་ཎ་ཌ་ཀའི་ཡི་གེ། རྒྱ་ཡིག་བཅས་སྐད་ཡིག་བཞི་ཤན་སྦྱར་དང། འབྲེལ་ཡོད་ཀྱི་བརྙན་པར་ཁག་ཀྱང་འཁོད་ཡོད་པ་ཞིག་རེད། གདན་ས་ཆེན་མོ་བཞི་རུ་གྲགས་པའི་ནང་ཚན་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་རྒྱ་གར་དུ་ཕྱག་བཏབ་པའི་བརྒྱུད་རིམ་ནས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་རྒྱུད་འཛིན་བྱས་པའི་གནས་བབ་སྤྱི་དང། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀའི་སེར་བྱེས་གྲྭ་ཚང་གི་སྣོད་བཅུད་ཀྱི་བཀོད་པ་བརྙན་པར་གྱི་ལམ་ནས་མཚོན་ཐབས་བྱས་ཡོད་པ་རེད། དེ་བཞིན་མདོ་སྔགས་རིག་གནས་རྒྱལ་རབས་ཆོས་འབྱུང་དང་བཅས་པར་སློབ་གཉེར་བྱས་དང་བྱེད་བཞིན་པའི་སྐོར་དང། གྲྭ་ཚང་གི་ནང་གསེས་སྡེ་ཚན་ཁག་ངོ་སྤྲོད། འབྲེལ་ཡོད་བླ་སྤྲུལ་དགེ་བཤེས་མཁས་དབང་ཁག་གི་སྐུ་པར་སོགས་འདེམས་འགོད་བྱས་པའི་དཔེ་དེབ་ཅིག་རེད།།

གཏམ་ཚོགས།

     བོད་ཀྱི་དཔེ་མཛོད་ཁང་གིས་བོད་འབྲེལ་ཤེས་ཡོན་གོ་རྟོགས་གོང་སྤེལ་ཆེད་འདོན་སྤེལ་བྱས་པའི་<<གཏམ་ཚོགས་>>གསར་པ་དེ་པར་སྐྲུན་བྱས་ཡོད་པ་དང༌། དེབ་དེའི་ནང་དུ་འབྲོག་མི་ལོ་ཙཱ་བའི་རྣམ་ཐར་དད་པའི་ཆི་ཐིགས་ཞེས་པ་དང༌།(རྩོམ་པོ་པོ་བྱེ་གཙང་ཡེ་ཤེས་རྒྱལ་མཚན) དགེ་བཤེས་བྱམས་པ་མཐའ་ཡས་དཔལ་བཟང་པོའི་རྣམ་ཐར་དད་པའི་ཡིད་བཞིན་ཆུན་པོ།(ཆབ་མདོ་ངག་དབང་ཕུན་ཚོགས་) འཇང་དགུན་ཆོས་ཆེན་མོའི་སྐོར་གཞན་ཐོས་ལོ་རྒྱུས།(རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་) པུར་རྒྱལ་བཙན་པོའི་སྐབས་བོན་བསྣུབས་ཆོས་སྤེལ་མཛད་པའི་རྒྱབ་ལྗོངས་རགས་ཙམ་གླེང་བ།(ཆུང་ཚེ་རིང་) ཧི་མཱ་ལ་ཡའི་སྤྱི་སྐད།(སྒོ་དམར་སངས་རྒྱས་བཀྲ་ཤིས་) བོད་དུ་སྙན་རྩོམ་ཐོག་མར་བྱུང་བའི་དུས་ལ་དཔྱད་པ།(ཌོག་ཊར་བཀྲ་ཤིས་ཚེ་རིང་) བོ་དོང་པཎ་ཆེན་དང་ཁོང་གི་མཛད་རྗེས་ལ་ཞིབ་མོལ་དཔྱད་པའི་སྙིང་དོན།(ཌོག་ཊར་མཆོག་བསྟན་འཛིན་སྨོན་ལམ་) ང་ནི་བོད་ཡིན་ཅེས་པའི་དཔེ་དེབ་ཀྱི་ངོ་སྤྲོད།(ན་ག་སངས་རྒྱས་བསྟན་དར) བོད་རིག་པའི་ཚོགས་འདུ་(བློ་བཟང་ཤཱ་སྟྲི་)བཅས་རྩོམ་ཡིག་ཁག་དགུ་འཁོད་ཡོད་པ་རེད། མཇུག་ཏུ་རྩོམ་པ་པོ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་དང༌། བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཁག་ཅིག་གི་མཚན་བྱང་འཁོད་ཡོད་པའི་དཔེ་དེབ་ཤོག་ངོས་༡༡༨ ཙམ་ཡོད་པ་ཞིག་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།