བསྟན་པ་དག་ཐེར་ཡོང་བའི་རེ་བསྐུལ།
ཕུལ་བྱུང་ཁྲིམས་ཀྱི་བདག་པོ་ཤཱཀ་ཐུབ་མགོན་ལ། ། རྒྱུ་མཚན་ཤེས་པའི་དད་པས་ལན་བརྒྱར་བཏུད་དེ། ། ཁ་ཁོག་གསོན་པོ་ཞིག་གི་དྲང་བདེན་ལམ་ནས། ། སྡེ་གཉིས་ཤན་འབྱེད་བྱེད་ལ་རིང་ནས་སྒུག་ཡོད། །
Poetry Section
ཕུལ་བྱུང་ཁྲིམས་ཀྱི་བདག་པོ་ཤཱཀ་ཐུབ་མགོན་ལ། ། རྒྱུ་མཚན་ཤེས་པའི་དད་པས་ལན་བརྒྱར་བཏུད་དེ། ། ཁ་ཁོག་གསོན་པོ་ཞིག་གི་དྲང་བདེན་ལམ་ནས། ། སྡེ་གཉིས་ཤན་འབྱེད་བྱེད་ལ་རིང་ནས་སྒུག་ཡོད། །
ཤམ་བྷ་ལ་ཡི་བུ་མོ་མཛེས་མ་ཞིག་ལ་ཕུལ་བ།
བྷེ་རི་དཔལ་ལྡན་རྣམ་རྒྱལ།
བློ་གསལ་གླིང་གི་རྒྱུགས་སྤྲོད་སླེབས་པའི་ཉེན་ཁའི་དྲིལ་བརྡ་བཏང་ན་ཡང་།།
ས་རཱ་རིག་གནས་སློབ་གཉེར་ཁང་དུ་ཡིག་འགྲུལ་རྒྱུགས་སྤྲོད་བཏང་བ་དང་།།
སྦེལ་ཀོབ་གྲོང་དུ་ཟབ་སྦྱོང་ཚོགས་ཆེན་ཉིན་ཤས་རིང་ལ་བཅར་པ་སོགས།།
རིན་ཆེན་དུས་ཚོད་ཡོངས་སུ་ཟས་པས་དེ་རིང་འདི་ན་བྲེལ་བ་འཚུབ།།
ཀ་ཁའི་ང་རོ་ཚིག་གི་སྡེབ་སྦྱོར་ཚུལ།།
ཁ་ཞེ་གཉིས་སུ་མེད་པ་གང་ཤེས་ཀྱིས།།
ག་ལེར་དམར་པོའི་བྲང་ཁོག་གཞུང་གཤགས་ཏེ།།
ང་ཡི་གློ་སྙིང་མཆིན་གསུམ་ཁྱོད་ལ་ཕུལ།།
འཛུམ་གྱིས་བསུས་སྟངས་དང་ལྕེ་ལེ་ནར་སྟངས་འདིས་
མི་བསད་པ་ཐེངས་ཉུང་མིན།
ལྟ་གྲུབ་མ་འདུམ་རི་གྲོང་གཏམ་གྱིས་སྤུད།།
ལོ་རྒྱུས་འཆམ་པའི་གདོང་གཤིས་ལྷང་ལ་བུད།།
ལྐོག་གྱུར་ཇུས་ངན་འགྲིམ་པའི་དུར་སོ་ནས།།
གསུབ་མེད་ལག་རྗེས་ནག་པོས་གསལ་བཤད་མཐོང་།།
དཔག་མེད་སྔོན་ནས་ལོངས་སྤྱོད་རྫོགས་པའི་སྐུར་ཟིན་ཀྱང།།
མ་དག་ཞིང་དུ་སྤྲུལ་པའི་སྐུར་བསྟན་འགྲོ་དོན་མཛད།།
སྐྱེ་རྒ་ན་འཆིའི་དུག་མཚོ་དེ་ལས་གྲོལ་ཟིན་ཀྱང།།
མ་དག་མགོན་མེད་འགྲོ་བའི་ཆེད་དུ་དེ་ཚུལ་མཛད།།
ངག་དབང་རྒྱལ་མཚན།
༄༅།།ཆོས་ལྡན་གངས་ཅན་ཁ་བ་རི་པ་དེ་ཡོངས་ཀྱི།།
མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ནི་གཅིག་པུ།།
འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཡི་གཏེར་ཆེན། །
དེང་འདིར་གདུང་བས་འབོད་དོ་བརྩེ་བས་ནི་དགོངས་ཤིག།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཡུལ་ཤུལ་ས་ཡོམ་གོད་ཆག་གཅིག་རང་གི་ཁྲོད་དུ།།
ཤ་ཁྲག་རུས་པའི་གདུང་བརྒྱུད་གཅིག་རང་ལས་ཆད་ཅིང་།།
སྐད་ཡིག་གོམས་སྲོལ་སྐྱབས་གནས་གཅིག་རང་ལ་བཅོལ་བའི།།
སྤུན་ཟླ་ཁྲི་སྟོང་མང་པོའི་ཚེ་སྲོག་དེ་ཤོར་སོང་།།
ཨོཾ་མ་ཎི་པདྨེ་ཧཱུཾ།