བཙན་བྱོལ།

༧གོང་ས་མཆོག་གིས་༢༠༢༤ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལ་འཚམས་འདྲི་གནང་། 

ཕྱི་ལོ་༢༠༢༤ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཉི་ཧོང་ཧི་རོ་ཤི་མ་དང་ན་ག་ས་ཀིའི་རྡུལ་ཕྲན་དམག་འཁྲུག་ལས་ཐར་ཞིང་། རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་པར་དགག་པ་གནང་མཁན་(Nihon Hidankyo)ནི་ཧོན་ཧི་དན་ཀྱོ་ཚོགས་པ་ལ་ཐོབ་ཡོད་པས། ཕྱི་ཟླ་༡༠ ཚེས་༡༢་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཏེ་རུ་མི་ཏ་ན་ཀ་ (Terumi Tanaka) ལགས་དང་། ཤི་གེ་མི་ཚུ་ཏ་ན་ཀ་ (Shigemitsu Tanaka) ལགས། ཏོ་ཤི་ཡུ་ཀི་མི་མ་ཀི་ (Toshiyuki Mimaki)...

བཀའ་ཤག་གིས་གནང་བའི་བཙན་བྱོལ་བོད་མི་བོད་ནང་སྐྱོད་ཕྱོགས་ཀྱི་གཞི་རིམ་ལམ་སྟོན།

ཕྱི་ལོ་ ༡༩༥༩ ལོར་བོད་ནང་དུས་འགྱུར་བྱུང་སྟེ་བོད་གཞིས་བྱེས་གཉིས་སུ་གྱེས་རྗེས། ཕྱི་ལོ་ ༡༩༧༩ ལོ་ནས་བཟུང་བོད་ཕྱི་ནང་གཉིས་སུ་ཕན་ཚུན་གཉེན་འཕྲད་སོགས་ཀྱི་གོ་སྐབས་བྱུང་ཡོད་ནའང༌། རྒྱ་གཞུང་གིས་བཙན་བྱོལ་བོད་མི་རྣམས་ཁ་བྲལ་རིང་ལུགས་པ་དང་། རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་དགྲ་ཟླའི་སྟོབས་ཤུགས་སམ་དེ་དག་གི་ལག་ཆ་ཡིན་པར་ངོས་འཛིན་ཐོག །བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སིམ་འཛུལ་གྱིས། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་ཉམས་དམས་དང་། བོད་མི་ནང་ཁུལ་དབྱེན་སྦྱོར་དཀྲུག་ཤིང་གི་ངན་གཡོ་སྣ་ཚོགས་ཤིག་སྤེལ་བཞིན་པ་མ་ཟད། བོད་ནས་ཕྱི་དང་། ཕྱི་ནས་བོད་ནང་སྐྱོད་མཁན་ཚང་མར་དགོས་མེད་དྲི་བརྩད་དང་མགོ་སྐོར་བསླུ་བྲིད་ཀྱི་ངན་བྱུས་སྣ་ཚོགས་རྒྱུན་ཆད་མེད་པར་བརྩམས་དང་རྩོམ་བཞིན་པའི་ཐོག །ཉེ་ལམ་ནས་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལྟ་སྐོར་དང་།...

བདམས་ཐོན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་མི་བཅས་ནས་ལས་འཁུར་དམ་འབུལ་ཞུས།

ཕྱི་ཟླ་༡༠པའི་ཚེས་ ༧ ཉིན་དབུས་འོས་བསྡུ་ལས་ཁང་གི་བདམས་ཐོན་འགན་འཛིན་སྤྱི་ཟུར་བློ་བཟང་ཡེ་ཤེས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་བདམས་ཐོན་ཚོགས་མི་དྷ་སྟེང་བོད་ཁྱིམ་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་རྣམ་གཉིས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་དུ། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱི་མདུན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་རིམ་པས་ལས་འཁུར་དམ་འབུལ་དང་། དམ་འབུལ་མ་དེབ་ཐོག་མཚན་རྟགས་བཅས་བཀོད་གནང་འདུག  སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན། དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ལྷན་འཛོམས་གནང་ཡོད་འདུག སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བརྒྱད་པའི་ཚོགས་ཐུན་དང་པོའི་ཐོག་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་སྤྱི་ཟུར་བློ་བཟང་ཡེ་ཤེས་ལ་འོས་གྲངས་ ༢༩ ཐོབ་སྟེ་མང་མོས་ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་བདམས་ཐོན་བྱུང་བ་དང་།  དྷ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལ་འོས་གྲངས་ ༢༤...

བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུགས་ཐེངས་ལྔ་པ་མཇུག་བསྒྲིལ་འདུག

ཁེ་ན་ཌར་གནས་སྡོད་བྱེད་མཁན་པདྨ་བཀོད་པའི་བོད་མི་ཁག་ཅིག་གིས་སྤྱི་ལེ་༤༥༠ ཙམ་ཡོད་པའི་ཁེ་ན་ཌའི་རྒྱལ་ས་ཨོ་ཌ་བ་(Ottawa) ་ནས་ཀྲོ་རོན་ཀྲོ་(Toronto) ་བར་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུགས་ཐེེངས་ལྔ་པ་དེ། ཟླ་འདིའི་ཚེས་༦ ཉིན་ཀྲོ་རོན་ཀྲོ་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ཚོས་ཞི་བའི་རྒྱང་རྒྱུགས་པ་ཚོ་བསུ་བ་དང་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ནས་ལས་འགུལ་མཇུག་བསྒྲིལ་འདུག ཁེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་ཐོག་སྤེལ་བའི་ཐད་སྲིང་བརྙན་ཐུང་ལྟར་ན། སྐབས་དེར་ལས་འགུལ་བ་པདྨ་ཀུན་དགའ་ཡིས། རྒྱ་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭ་བཙུགས་པ་དེ་བོད་ཕྲུག་ཚོ་ལ་སློབ་སྦྱོང་སྤྲད་ནས་ཡག་པོ་བཟོ་རྒྱུ་དེ་མ་ཡིན་པར། བོད་ཀྱི་སྐད་དང་རིག་གཞུང་རྩ་མེད་གཏོང་ཆེད་གཏན་འཇགས་སློབ་གྲྭ་ཁག་བཙུགས་ཡོད་པ་དང་། རང་དབང་ལུང་པར་ཡོད་མཁན་མི་རེ་ངོ་རེར་བོད་དོན་འཐབ་རྩོད་བྱེད་རྒྱུའི་འགན་ཡོད་པ། ཐེངས་འདིའི་ལས་འགུལ་དང་འབྲེལ་ས་གནས་ཁག་གི་བོད་མི་མང་པོས་རྒྱབ་སྐྱོར་གནང་སྐོར། ལྷག་པར་དུ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཞོན་སྐྱེས་གཅིག་ལོ་བཅོ་བརྒྱད་ཡིན་པ་སོགས་ལས་འགུལ་ནང་མཉམ་ཞུགས་དང་རྒྱབ་སྐྱོར་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུས་གཏམ་བཤད་གནང་འདུག ལས་འགུལ་དེ་ཕྱི་ཟླ་༩ ་ཚེས་༣༠...

༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་གི་གྱ་སྟོན་སྲུང་བརྩི་དང་བརྟན་བཞུགས་བསྟར་འབུལ། 

དཔལ་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་དངོས་གཞི་དབུ་འཛུགས་གནང་།  ཕྱི་ཟླ་༡༠ ཚེས་༣ ཉིན་འཛམ་གླིང་ས་ཕྱོགས་གང་སར་དུ་བཞུགས་པའི་དཔལ་ས་སྐྱའི་ཆོས་རྒྱུད་འཛིན་པ་ཡོངས་ནས་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་དཔལ་ལྡན་ས་སྐྱའི་གདན་ས་རཇ་སྤུར་དཔལ་ས་སྐྱའི་ཆོས་སྒར་དུ་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་དང་ཞེ་གསུམ་པ་གཙོ་བོའི་དབུ་བཞུགས་ཐོག་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག་པ་དང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ།  དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་། སྤྱི་མཐུས་ཚོགས་གཙོ་ཟུར་པ་དང་། སྤྱི་འཐུས་ཚོགས་གཞོན་ཟུར་པ། དེ་བཞིན་བཀའ་ཟུར་ཁག་ཅིག ལས་བྱེད་འདེམས་ལྷན་ཚོགས་གཙོ།   སྤྱི་འཐུས་རྒྱུན་ལས་རྣམ་པ། སྤྱི་ཟུར་ཁག་ཅིག ཆོས་རིག་དྲུང་ཆེ།...

ཨ་རིའི་སྲིད་འཛིན་ཟུར་པ་ཇིམ་མི་ཁར་ཊར་དགུང་ལོ་༡༠༠ འཁྲུངས་སྐར་ལ་༧གོང་ས་མཆོག་གིས་འཚམས་འདྲི་གནང་འདུག 

ཕྱི་ཟླ་༡༠ ཚེས་༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་(Jimmy Carter)ཇིམ་མི་ཁར་ཊར་མཆོག་དགུང་ལོ་བརྒྱ་ཐམ་པའི་འཁྲུངས་སྐར་ལ་འཚམས་འཕྲིན་ཡི་གེ་ཞིག་བསྩལ་གནང་འདུག་ལ། ཡི་གེ་དེའི་ནང་ཁོང་ཉིད་དགུང་ལོ་༡༠༠ ཕེབས་པ་ནི་སེམས་འགུལ་ཐེབས་པའི་གྲུབ་འབྲས་ཤིག་ཡིན་པར་གསུངས་གནང་འདུག་ལ།  དེ་བཞིན་ཁོང་གི་ནང་མི་དང་མཉམ་དུ་དགའ་སྤྲོའི་ངང་སྲུང་བརྩི་ཞུ་ཐུབ་པའི་རེ་བ་ཡོད་ཅེས་དང་། གཞན་ཡང་སྲིད་ཟུར་ཁོང་གིས་བསྐྱལ་བའི་མི་ཚེ་དེ་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་པ་དང་། མཁྱེན་གསལ་ལྟར། མགོན་པོ་གང་ཉིད་ནས་ཁོང་གི་བྱ་བ་བཟང་པོ་རྣམས་ལ་ཡུན་རིང་ནས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་། དུས་ཡུན་རིང་པོ་དེ་འདྲའི་རིང་འགུལ་བསྐྱོད་ཆེན་པོ་གནང་ཐུབ་པ་ནི་དངོས་གནས་ངོ་མཚར་ཆེ་སྐོར་གསུངས་པ་དང་སྦྲགས། ཁོང་གིས་མུ་མཐུད་ནས་གཞན་ལ་ཕན་ཐོགས་ཡོང་བར་ཐུགས་ཁུར་བཞེས་པ་དེས་ང་ཚོ་ཚང་མར་སེམས་འགུལ་ཐེབས་པ་ཞིག་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྙིང་ཐག་པ་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག  གསར་འགོད་པ། བསོད་ནམས་ཕུན་ཚོགས།

༧ གོང་ས་མཆོག་ནས་ཉི་ཧོང་གི་སྲིད་བློན་གསར་པ་འཚམས་འདྲི་གནང་འདུག

ཕྱི་ཟླ་༡༠ ཚེས་༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་འོས་འདེམས་བྱུང་བའི་ཉི་ཧོང་གི་སྲིད་བློན་གསར་པ་(Shigeru Isiba)ཤི་གེ་རུ་ཨི་ཤི་བ་ལ་འཚམས་འཕྲིན་ཞིག་གནང་འདུག དེའི་ནང་དུ་ལོ་མང་རིང་ངས་ཉི་འོང་དུ་ཡང་ཡང་བསྐྱོད་རྒྱུའི་གོ་སྐབས་བྱུང་། མི་མང་གི་ཁྲོད་དུ་བྱམས་སྙིང་རྗེ་ལྟ་བུའི་འགྲོ་བ་མིའི་རིན་ཐང་གཞི་རྩའི་སྐོར་ལ་ངས་སྐུལ་མ་བྱེད་པ་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་བ། རྡུལ་ཕྲན་མཚོན་ཆ་སོགས་མཚོན་ཆ་མེད་པའི་འཛམ་གླིང་ཞི་བདེ་ཅན་ཞིག་སྐྲུན་ཐབས་སུ་འབད་བརྩོན་བྱེད་པ་བཅས་ལ་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་ཀྱི་འདུག་པར་ངས་ཐུགས་རྗེ་ཆེ་ཞུ་གི་ཡོད། ཉི་ཧོང་མི་མང་གིས་ཉི་ཧོང་རྒྱལ་ཁབ་འཛམ་གླིང་ནང་གི་དེང་རབས་ཅན་གྱི་རྒྱལ་ཁབ་གཙོ་གྲས་ཤིག་ཏུ་བསྒྱུར་བར་འབད་བརྩོན་གནང་བ་དང་། འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་སུ་ཡང་ཡང་སྣེ་ཁྲིད་གནང་ཡོད་པར་ངས་ཡི་རང་བསྔགས་བརྗོད་ཞུ་གི་ཡོད་ལ། ཁྱེད་ཀྱི་རྒྱལ་ཁབ་ཀྱི་ཆོས་ལུགས་སྲོལ་རྒྱུན་གྱིས་ཞི་བདེར་རིན་ཐང་ཆེན་པོ་སྤྲོད་ཀྱི་ཡོད་པས། ཁྱེད་ཀྱི་དུས་ཡུན་རིང་ཡང་དེའི་ཐོག་མུ་མཐུད་ནས་གནང་ཐུབ་པའི་རེ་བ་ཞུ་གི་ཡོད། ཁྱད་པར་དུ་འཛམ་གླིང་གི་ས་ཁུལ་མང་པོར་ངེས་མེད་དང་འཁྲུག་ཆ་དོད་པོའི་དུས་སྐབས་འདིར། གྲོས་མོལ་དང་གཏམ་གླེང་བརྒྱུད་ནས་དཀའ་ངལ་སེལ་ཐབས་སུ་འབད་བརྩོན་ལྷོད་མེད་དང་མཉམ་རུབ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་དང་།  མཐའ་དོན་དུ་༸གོང་ས་མཆོག་གིས་སྐུ་ཞབས་ཨི་ཤི་བ་མཆོག་གིས་ཉི་འོང་མི་མང་གི་རེ་བ་དང་འདུན་པ་སྐོང་ཐབས་དང་།...

འཛམ་གླིང་མི་མང་ལ་ཁྱེད་ཀྱི་མཛད་འཕྲིན་ནི་ཤིན་ཏུ་གལ་འགངས་ཆེ་ལ་མེད་དུ་མི་རུང་བ་ཞིག་ཡིན་ཞེས་ཞུས་སོང་།

ཐའེ་ཝན་གྱི་དད་ལྡན་སེར་སྐྱ་རྣམས་ཀྱིས་གསོལ་འདེབས་ཞུས་དོན་བཞིན། ཁ་སང་ཕྱི་ཚེས་༣༠ ཉིན་༧་གོང་ས་མཆོག་ནས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་ཚོ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་ཡོད་པ་རེད་ལ། དེ་རིང་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་ཞུས་གནང་སོང་། དེ་ཡང་ཕྱི་ཚེས་༡ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་ཞུས་གནང་སོང་། དེ་བཞིན་ཁ་སང་ཕྱི་ཟླ་༩ ཚེས་༣༠ ཉིན་༧གོང་ས་མཆོག་ནས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་ཡོད་པ་རེད། ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་སྐབས་སུ་ཐའེ་ཝན་གྱི་མི་རིགས་ཡིན་པའི་ཨ་རི་དང་སེང་གྷ་པུར་སོགས་སུ་གནས་སྡོད་བྱེད་མཁན་ཡང་མང་པོ་ཕེབས་འདུག་ལ། ཐེངས་འདིར་ཐའེ་ཝན་རང་གི་དད་ལྡན་ཆོས་ཞུ་བ་ཁྱོན་༡༢༢༠ ཙམ་ཕེབས་ཡོད་པ་གོ་སྒྲིག་ཚོགས་ཆུང་ནས་གསུང་གི་འདུག་ལ། དེ་བཞིན་ཐའེ་ཝན་རྒྱལ་སྤྱིའི་བོད་རྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧུའུ་མའོ་ཧྭ་ཟེར་བ་ཁོང་གིས་བརྟན་བཞུགས་དང་འབྲེལ་བའི་༧གོང་ས་མཆོག་ལ་ཕྱག་ཡིག་གཅིག་ཕུལ་སོང་། ཕྱག་ཡིག་དེའི་ནང་གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་།། འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི།།...

བོད་ཀྱི་གཞོན་ནུ་ཚོགས་པས་རྒྱ་ནག་དམར་ཤོག་ཚོཌ་པ་དབུ་བརྙེས་པའི་ཉིན་མོ་ཟེར་བ་དང་བསྟུན་ནས་ལྡི་ལིར་ལས་འགུལ་སྤེལ།

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༧༥ འཁོར་བའི་དུས་ཆེན་ཟེར་བ་ཡིན་འདུག་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་རྣམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཡང་ཉིན་འདི་དང་བསྟུན་ནས་མཇུག་བསྒྲིལ་འདུག ཟླ་འདིའི་ཚེས་༡ ་ཉིན་རྒྱ་གཞུང་གིས་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༧༥ འཁོར་བའི་དུས་ཆེན་སྲུང་བརྩི་ཟེར་བ་ཞུ་བཞིན་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླང་ལས་འགུལ་བ་ཁག་ཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་ལ། གཞན་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡེ་ར་རྡུན་ནས་ལྡི་ལི་བར་རྒྱ་གཞུང་ལ་ངོ་རྒོལ་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དེ། ཕྱི་ཟླ་༩ ་ཚེས་༣༠ ་ཉིན་གྱི་ཕྱི་དྲོར་ལྡི་ལི་བསམ་ཡས་གླིང་དུ་འབྱོར་ཞིང་། དེར་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཞིག་ཚོགས་ནས་ལས་འགུལ་མཇུག་ལེགས་པར་གྲུབ་འདུག་ལ། རྐང་འཁོར་སྐོར་སྐྱོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨྰ་ཅྰརྱ་ཡེ་ཤེས་ཕུན་ཚོགས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་མ་དྷན་ལ(Madan...

༧གོང་ས་མཆོག་ནས་ཐའེ་ཝན་གྱི་རྒྱ་རིགས་དད་ལྡན་བ་གཙོས་པའི་ཆོས་ཞུ་བ་༧༠༠༠ ལྷག་ལ་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ།

ཟླ་འདིའི་ཚེས་༣༠ ་ཉིན་གྱི་ཞོགས་པ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་བ་གཙོས་པའི་དད་ལྡན་ཆོས་ཞུ་བ་བདུན་སྟོང་ལྷག་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་བྱང་སྡོམ་འབོག་ཆོག་གི་ཆོས་འབྲེལ་བཀའ་དྲིན་བསྩལ་སོང་། སྐབས་དེར་༧གོང་ས་མཆོག་གིས་སྐུ་ཉིད་ཀྱི་འཁྲུངས་ས་དང་རྗེ་རིན་པོ་ཆེའི་འཁྲུངས་སའི་བར་ཐག་ཧ་ཅང་ཉེ་བོ་ཡོད་པ་དང་། མགོན་པོ་གང་ཉིད་ཀྱི་དགོངས་པ་བཞེས་སྟངས་སོགས་རྗེ་རིན་པོ་ཆེ་དང་འདྲ་བོ་ཡོད་པ། སྤྱིར་སངས་རྒྱས་པའི་ཆོས་དང་། ལྷག་པར་དུ་བོད་ཀྱི་བསྟན་པའི་དོན་དུ་རྗེ་རིན་པོ་ཆེས་བསམ་བཞིན་དུ་སྲིད་པ་བཟུང་བ་ཧ་ཅང་གསལ་བོ་ཡིན་པ། གོང་ས་མཆོག་ཉིད་ཀྱང་རྗེ་རིན་པོ་ཆེའི་རྣམ་ཐར་ནང་བཞིན་བྱས་ཏེ་བསམ་བཞིན་དུ་སྲིད་པ་བཟུང་བ་ཞིག་ཕལ་ཆེར་ཡིན་པའི་ཁུལ་ཡིན་པ། མགོན་པོ་གང་ཉིད་ཀྱིས་གཟབ་གཟབ་མ་བྱས་ན་རྗེ་རིན་པོ་ཆེ་ཨ་མདོ་ཡིན་པ་དང་ཨ་མདོའི་ཞབས་འདྲེན་ཞུ་གི་ཡོད་པ། དེ་བཞིན་ ང་ཚོའི་གནས་སྟངས་བཙན་བྱོལ་བ་ཞིག་ཆགས་ཡོད་ན་ཡང་། སངས་རྒྱས་པའི་ཆོས་ལ་ཡིན་གཅིག་མིན་གཅིག་ལུང་པ་ཞིག་ཡོད་མི་དགོས་པ། ད་ལྟ་སངས་རྒྱས་པའི་ཆོས་འཛམ་གླིང་ཀུན་ལ་ཁྱབ་པ་ཞིག་ཆགས་ཡོད་པའི་སྐོར། མགོན་པོ་གང་ཉིད་ལ་མཚོན་ན། སངས་རྒྱས་པའི་ཆོས་སྤྱི་དང་།...

ཁྱེད་ཀྱིས་གཟིགས་མེད་སྲིད།