དེབ་རེགས་གཞན།

རྩོམ་རིག་གཅེས་བཏུས།

བོད་ཀྱི་མཁས་དབང་ཁག་ཅིག་གི་རྩོམ་རིག་སྐོར་གྱི་གསུང་བཤད་དང། ཆེད་རྩོམ་ཕྱོགས་བསྒྲིགས་བྱས་ཏེ། བོད་ཀྱི་དཔེ་མཛོད་ཁང་གིས་སྐད་ཡིག་དེབ་འཕྲེང་གཉིས་པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ནང་དུ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་བརྩམས་པའི་བཤེས་གཉེན་སྦ་བ་ལ་གདམས་པ་ཨའི་དབྱངས་ལ་ངེས་པ་དང། སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་བ།

བརྡ་སྤྲོད་རིགས་པའི་གཞུང་ལས་བྱ་ཚིག་གི་རྣམ་གཞག

དོར་ཞི་གདོང་དྲུག་སྙེམས་བློས་མཛད་པའི་<<བོད་ཀྱི་བརྡ་སྤྲོད་རིགས་པའི་གཞུང་ལས་བྱ་ཚིག་གི་རྣམ་གཞག་བཤད་པ་ཤེས་བྱའི་ནམ་འཕང་གཅོད་པའི་རིག་པའི་གྲུ་གཟིངས་>>ཞེས་པ་བོད་ཀྱི་དཔེ་མཛོད་ཁང་གིས་སྐད་ཡིག་དེབ་ཕྲེང་དང་པོའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ནང་དུ་བོད་ཀྱི་བརྡ་སྤྲོད་སྤྱི་དང་བྱེ་བྲག་བྱ་ཚིག་གི་རྣམ་གཞག་ཐད། བྱེད་པ་པོ་གཞན་འབྲེལ་ཡིན་མིན་གྱི་བྱ་ཚིག་རིགས་གཉིས་ཀྱི་དོན་གྱི་ཁྱད་པར་དང།

ལྟ་བའི་གཅེས་བཏུས།

བོད་ཀྱི་དཔེ་མཛོད་ཁང་གིས་བོད་པའི་ཆོས་དང་རིག་གཞུང་དང་འབྲེལ་བའི་དཔེ་དེབ་གལ་ཆེན་གང་མང་དཔར་འགྲེམས་བྱེད་བཞིན་ཡོད་པ་ལྟར། ད་ཐེངས་ནང་ཆོས་དེབ་ཕྲེང་དང་པོ་<<ལྟ་བའི་གཅེས་བཏུས་>>ཞེས་པ་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ནང་དུ་ྋགོང་ས་མཆོག་གི་བཀའ་རྩོམ་དབུ་མའི་ལྡེ་མིག་དང།

ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས།

སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མཛད་པའི་<<ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་>>ཞེས་པ་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་ནས་འགྲེམས་སྤེལ་བྱས་ཡོད་པ་དང། སྔོན་གླེང་གི་ནང་དུ་རིན་པོ་ཆེ་མཆོག་གིས། ད་ལམ་སློབ་བརྒྱུད་མི་མང་སྤྱི་དང། ལྷག་པར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་ཞིང་འབྲོག་མི་མང་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་གི་བྱ་སྤྱོད་དང་འབྲེལ་ནས།

སེམས་འཕྲིན་དཀར་པོ།

དཀར་མཛེས་འགྱུར་མེད་རབ་བརྟན་གྱིས་བརྩམས་པའི་སྙན་ངག་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་<<སེམས་འཕྲིན་དཀར་པོ་>>ཞེས་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ནང་རྩོམ་ཡིག་ཚན་པ་བཅུ་ཕྲག་ཁ་ཤས་སུ་དབྱེ་འདུག་ལ། བོད་རང་ཉིད་ཀྱི་སྐད་ཡིག་གི་ལེགས་སྐྱེས་དང་། རིག་གཞུང་གི་ཞབས་འདེགས། མི་རིགས་ཀྱི་ལ་རྒྱ། ཆོས་རིག་གི་ལྟ་གྲུབ། ཡུལ་སྲོལ་གོམས་གཤིས་དེ་བཞིན་ད་ལྟའི་བོད་ཕྱི་ནང་གི་དངོས་ཡོད་གནས་སྟངས་སོགས་ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་གཉིས་ཀྱི་ལམ་ནས་ཡིག་ཐོག་ཏུ་བཀོད་དེ་ཕྱོགས་བསྒྲིགས་བྱས་ཡོད་པ་ཞིག་རེད།།

སྒེར་གཅོད།

འོད་དཀར་(ཤིང་བཟའ་རིན་པོ་ཆེ་)ལགས་ཀྱིས་<<སྒེར་གཅོད་>>ཅེས་པའི་ཁོང་གི་བརྩམས་ཆོས་གཉིས་པ་དེ་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ལེ་ཚན་དང་པོ་དྲིས་ལན་བདེན་པའི་རང་གཏམ་དང། གཉིས་པ་སྙན་རྩོམ་སེམས་ཀྱི་ངུ་ངག གསུམ་པ་དེང་རྩོམ་རེ་བའི་ངུ་འབོད། བཞི་པ་འབོལ་རྩོམ་ཁྲག་གི་བཞུད་ལམ་བཅས་སུ་དབྱེ་འདུག་ལ།

འཁྲུལ་སྣང་གི་མི་ཚེ་

<<འཁྲུལ་སྣང་གི་མི་ཚེ་>>ཞེས་པའི་དགུ་བཅུ་གསུམ་ཚོགས་པའི་དྲུང་ཆེ་བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་ཀྱིས་སྙན་ངག་དེབ་ཕྲེང་གཉིས་པ་དེ་པར་སྐྲུན་བྱས་ཡོད་པ་དང། དེབ་དེའི་ནང་དུ་སྐྱེས་སྐར་གྱི་མཚན་མོའི་ངུ་སྐད་ཕྲ་མོ་ཞེས་པའི་ལེ་ཚན་ནང་དུ་མི་ཡུལ་ནས་འཐོར་བའི་མིག་ཆུ་དང། ཉིན་ནག་གི་གསེབ་ཏུ། སྐྱེད་མ་དྲན་མགུར་སོགས་ཚིག་བཅད་སྙན་ངག་ཁག་བཅུ་གཅིག་དང།

ལག་སྟོང་དྲག་རྩལ།

པར་ཡིག་གི་ལམ་ནས་ལག་སྟོང་དྲག་རྩལ་ངོ་སྤྲོད་བྱས་པའི་<<ལག་སྟོང་དྲག་རྩལ>>ཞེས་པའི་དཔེ་དེབ་ཞིག་ལྷ་ལུང་བཀྲ་ཤིས་དགའ་ལྡན་གྱིས་པར་སྐྲུན་བྱས་ཡོད་པ་དང། ཁོང་གི་རྒྱ་གར་གྱི་དམག་སྒར་ནང་དྲག་རྩལ་སློབ་སྦྱོང་བྱས་པ་མ་ཟད། རྒྱ་གར་གྱི་དྲག་རྩལ་སློབ་གྲྭའི་ནང་དུའང་བསྐྱོད་ཡོད་པ་རེད། དེབ་དེའི་ནང་དུ་དྲག་རྩལ་རྒྱུན་འཛིན་བྱེད་མཁན་གྱི་སློབ་དཔོན་འགའ་སྐུ་པར་དང།

ལྷ་སའི་དངོས་བྱུང་བདེན་དཔང།

རྣམ་རྒྱལ་གྲྭ་ཚང་གི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་བརྩམས་པའི་<<ལྷ་སའི་དངོས་བྱུང་བདེན་དཔང་>>ཞེས་པ་དེ་རྒྱལ་ས་ལྷ་སའི་མཐུན་གྲོགས་ནས་པར་སྐྲུན་དང་འགྲེམས་སྤེལ་བྱས་ཡོད་པ་དང། དེབ་དེའི་ནང་དུ་རྩོམ་པ་པོ་བོད་ནང་དུ་བསྐྱོད་དེ་ལྷ་སའི་སྣོད་བཅུད་ཀྱི་བྱུང་རིམ་དང། ཁྱད་ཡོན་སོགས་ཇི་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་མཁོ་སྒྲུབ་གནང་བ་མ་ཟད།

རང་གི་ལོ་རྒྱུས་མདོར་བསྡུས་བརྗེད་བྱང་དུ་བཀོད་པ།

རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི་ཁོང་གི་མཛད་རྣམ་ཕྱོགས་བསྒྲིགས་དང། ཁོང་གི་གསུང་རྩོམ་ཁག་ཅིག་ཕྱོགས་བསྒྲིགས་ཀྱིས་<<རང་གི་ལོ་རྒྱུས་མདོར་བསྡུས་བརྗེད་བྱང་དུ་བཀོད་པ་དང། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལས་བརྩམས་པའི་གཏམ་གྱི་ཕྲེང་བ་སྐལ་བཟང་མགུལ་རྒྱན་>>ཞེས་པ་བསམ་མཁར་ངག་དབང་རྡོ་རྗེ་ལགས་ཀྱིས་རྩོམ་སྒྲིག་གནང་ཡོད་པ་དང། དེབ་དེའི་ནང་དུ་ལམ་གཙོའི་འགྲེལ་ཆུང་དུས་མུན་འཇོམས་པའི་ཉི་འོད་ཅེས་པ་དང། བློ་སྦྱོང་ཚིགས་བརྒྱད་མའི་རྩ་བ་དང་མཆན་འགྲེལ། རང་སེམས་ཆོས་ལ་བསྐུལ་བའི་བསླབ་བྱ་དང། སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་སོགས་འཁོད་ཡོད་པ་རེད། དེབ་དེ་ཚོང་རྒྱུར་དམིགས་པ་ཞིག་མ་ཡིན་པར། རིན་མེད་ཐོག་འགྲེམས་སྤེལ་གནང་གི་ཡོད་སྐོར་ཡང་གླེང་བརྗོད་ནང་དུ་འཁོད་འདུག།།

ཁྱེད་ཀྱིས་གཟིགས་མེད་སྲིད།