བོད་ཀྱི་ལོ་རྒྱུས།

ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༣
འདོན་ཐེངས་སྔོན་མའི་འཕྲོས།

ཡོངས་གྲགས་ལ་བན་བོན་གཉིས་ཀས་རྒྱལ་པོ་འདི་ཉིད་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་པར་འདོད་ཚུལ་གཅིག་པ་ལྟ་བུར་སྣང་ཡང༌། བཞུགས་དོན་ལ་འདོད་ཚུལ་ཅུང་ཟད་མི་འདྲ་བར་ཡོད་པར་མཐོང༌། དཔེར་ན། བན་གྱིས་གོང་བརྗོད་ལྟར་མདོ་སྡེ་ཟ་མ་ཏོག་སོགས་རྒྱལ་པོ་འདིའི་ཕྱག་ཏུ་སོན་པས་ནང་ཆོས་དར་མགོ་ཚུགས་པ་དང༌།

ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༢

འདོན་ཐེངས་སྔོན་མའི་འཕྲོས། ཡང་དེ་ཉིད་ལས། ནེལ་པ་པཎ་ཌི་ཏས། ལི་ཐི་སི་དང༌། ཐོ་གར་གྱི་ལོ་ཙཱ་བ་བློ་སེམས་འཚོ་གཉིས་ཀྱིས་པཎ་ཌི་ཏ་མཁས་པ་ལེགས་སྦྱིན་སྤྱན་དྲངས་ནས་བོད་ལ་བྱོན་ཏེ་རྒྱལ་པོ་ལ་ཆོས་གསུངས་པས། བོད་ན་ཡི་གེ་མེད་པས་བསླབ་ཏུ་མ་བཏུབ་ནས། ཟ་མ་ཏོག་བསྐོས་པ་སོགས་རྒྱལ་པོ་ལ་ཕུལ་ཏེ་འདི་ལ་ཕྱག་དང༌། སྐོར་བ་དང༌། མཆོད་པ་བགྱིས་ལ་གསོལ་བ་ཐོབ། གང་འདོད་པའི་བྱིན་རླབས་འབྱུང་གི།

ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༡
སྤྱིའི་འདོན་ཐེངས་༢༣༡ པའི་འཕྲོས།

ལྔ་པ། ཆུ་ལ་ལྡེ་བརྒྱད་ཀྱི་སྐོར་ལ་གླེང་བ། ཆུ་ལ་ལྡེ་བརྒྱད་ཅེས་པའི་བོད་ཀྱི་རྒྱལ་རབས་བཅུ་དྲུག་པ་ཟ་ནམ་ཟིན་ལྡེ་དང༌། བཅུ་བདུན་པ་ལྡེ་འཕྲུལ་ནམ་གཞུང་བཙན་པོ། བཅོ་བརྒྱད་པ་སེ་སྣོལ་ནམ་ལྡེ། བཅུ་དགུ་པ་སེ་སྣོལ་པོ་ལྡེ། ཉི་ཤུ་པ་ལྡེ་སྣོལ་ནམ། ཉེར་གཅིག་པ་ལྡེ་སྣོལ་པོ། ཉེར་གཉིས་པ་ལྡེ་རྒྱལ་པོ།

ཧི་མ་ལ་ཡའི་རི་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༤༠  
འདོན་ཐེངས་སྔོན་མའི་འཕྲོས།

དེའི་སྔོན་རོལ་གོ་མིག་ཏུ་ཡོད་པའི་དགོན་པ་ལ། བར་སྐབས་ཤིག་ནས་སྟེང་བརྒྱུད་ལྷུན་གྲུབ་ཆོས་འཁོར་གླིང་ཞེས་དགོན་པའི་མིང་དུ་འབོད་སྲོལ་བྱུང་ཞིང༌། དེ་ནི་གུ་གེའི་བླ་མ་ཆོས་དཔལ་བཟང་པོ་སྤི་ཏིའི་ཕྱོགས་སུ་ཕེབས་སྐབས་རང་རིག་གྲོང་ཚོའི་ཕྱོགས་སུ་རོང་ཀྲོང་ངམ། མངོན་དགའ་ཞེས་པར་དགོན་པ་གཉིས་ཡོད་ཅིང༌། དགོན་པ་གཅིག་དཀར་མཛེས་འགྲུལ་རྩེ་ལ་ཐོག་གོ་མིག་ཏུ་ཡོད་པའི་གོ་མིག་དགོན་པ་དང་ཟླ་སྒྲིལ་དུ་བཏང་སྟེ། (ཤོད་སྲོལ་ལ། ད་ལྟ་རང་རིག་གྲོང་ཚོ་ཡོད་སའི་ཉེ་འགྲམ་ན་སྔོན་མ་མངོན་དགའམ། རོང་ཀྲོང་ཞེས་པའི་ས་ཆར་རི་དེའུ་ཞིག་ཡོད་ས་དེར་དགོན་པ་གཉིས་ཡོད་ཅིང༌། བར་སྐབས་ཤིག་ནས་གུ་གེ་བླ་མ་ཆོས་དཔལ་བཟང་པོ་མཆོག་གིས་དགོན་པ་གཅིག་འགྲུལ་རྩེ་ལ་ཐོག་གོ་མིག་དགོན་པ་དང་ཟླ་སྒྲིལ་དུ་བཏང་བ་དང༌།

ཧི་མ་ལ་ཡའི་རི་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༩
སྤྱིའི་འདོན་ཐེངས་༢༣༦ པའི་འཕྲོས།

དེང་སང་སྤྲིན་གུང་རི་དགོན་པའི་མངའ་འོག་ཏུ་བདེ་ཆེན་ཆོས་གླིང་ཞེས་རྙིང་མའི་བཙུན་དགོན་ཞིག་གསར་རྒྱག་བྱེད་མུས་ཡིན་ཞིང༌། དགོན་པ་དེའི་བཙུན་མ་ཟླ་བ་བཟང་མོས། ད་ལྟ་བཙུན་དགོན་དེའི་མཚན་ཐོའི་ནང་དུ་བཙུན་མ་ཉེར་གཅིག་ཙམ་ཡོད་ཅེས་གསུངས་བྱུང༌།
    བཙུན་མ་ཟླ་བ་བཟང་མོས་གསུང་དོན་ལ། སྤྱི་བཏང་སྤྲིན་གུང་རི་དགོན་པའི་མངའ་འོག་ཏུ་ཡོད་པའི་གྲོང་སྡེ་ཁྱིམ་ཚང་ནི། སྟེང་ཏི་འོག་མ་ཞེས་པའི་གྲོང་པར་ཁྱིམ་ཚང་བཅུ་དགུ། སྟེང་ཏི་གོང་མ་ན་ཁྱིམ་ཚང་བཅུ་བདུན། སྐྱིད་ཐང་ན་ཁྱིམ་ཚང་གསུམ། གུ་གླིང་སྟེང་འོག་གཉིས་ལ་ཁྱིམ་ཚང་སོ་བདུན། གུང་རི་ན་ཁྱིམ་ཚང་སུམ་ཅུ། ཕུག་ཆུང་ན་ཁྱིམ་ཚང་དགུ། གསེར་གླིང་ན་ཁྱིམ་ཚང་བཅོ་ལྔ། ཀ་ལ་མུ་ཏི་ན་ཁྱིམ་ཚང་གཅིག སྟོད་གནམ་ལ་ཁྱིམ་ཚང་བཅུ་གཉིས། གཏེར་གླིང་ན་ཁྱིམ་ཚང་བཞི་བཅུ། མི་ཁྱིམ་ན་ཁྱིམ་ཚང་བརྒྱད།

ཧི་མ་ལ་ཡའི་རི་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༨
གོང་བརྗོད་ལྟར། གནའ་སྲོལ་ལ་ཧི་མ་ལ་ཡའི་བྱེ་བྲག་སྤི་ཏིའི་ཡུལ་འདི་ཉིད་དགོན་ཁག་ལྔའི་ཁོངས་སུ་འདུས་དགོས་པ་ལྟ་བུ་ཡོད་ཅིང༌། དགོན་ཁག་ལྔའི་དང་པོ་ཨོ་རྒྱན་གསང་སྔགས་ཆོས་གླིང་ངམ་གུང་རི་དགོན་པ་ནི་སྤིན་ཡུལ་འདིའི་མིང་དངོས་ལ་སྤྲིན་ཞེས་ཟེར་གྱི་ཡོད་འདུག་ཀྱང༌། དེང་སང་སྤི་ཏིའི་ཡུལ་མི་ཚང་མས་སྤིན་ཞེས་འབོད་ཀྱི་འདུག གྱི་ཕྱོགས་སུ་གུང་རི་ཞེས་པའི་ཡུལ་གྲོང་གི་ངོས་སུ་ཆགས་ལ། ད་ལྟ་དགོན་པའི་ནང་དུ་བཤད་གྲྭ་བ་གྲྭ་གྲངས་དྲུག་ཅུ་ཙམ་དང༌། སྔགས་གྲྭ་བརྒྱ་ཁ་ཙམ། བཙུན་མ་ཞེ་ལྔ་ནས་ལྔ་བཅུ་ཡས་མས་ཙམ་ཡོད་ཅིང༌། བཙུན་མ་དེ་དག་ཚེས་བཟང་དུས་བཟང་ཙམ་མ་གཏོགས་དུས་རྒྱུན་རང་ཁྱིམ་དུ་བཞུགས། བཤད་གྲྭ་བ་རྣམས་ཀྱིས་ཚད་མ་དང༌། སྤྱོད་འཇུག དབུ་མ་རྒྱན། དབུ་མ་འཇུག་པ། སུམ་རྟགས། སྔགས་ཀྱི་སློབ་ཚན། འཇུ་མི་ཕམ་གྱི་མཁས་འཇུག སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་རིས་མཛད་པའི་སྡོམ་གསུམ་རྣམ་ངེས་སོགས་ལ་ཐོས་བསམ་སློབ་གཉེར་མཛད་བཞིན་པ་ཡིན།

བསྟན་པའི་སྦྱིན་བདག་ས་སྐྱོང་རིན་སྤུངས་པའི་སྐོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༧    
བསྟན་པའི་སྦྱིན་བདག་ཆེན་པོ་ས་སྐྱོང་རིན་སྤུངས་པ་ཡབ་སྲས་རིམ་པར་བྱོན་པ་རྣམས་ཀྱི་སྔ་ཕྱིར་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེ་ཁག་གསར་སྐྲུན་དང་བསྐྱར་གསོའི་སྦྱིན་བདག་ཇི་མཛད་སྐོར་རགས་ཙམ་གླེང་བ་རྒྱལ་རབས་དེབ་ཐེར་དྭངས་གསལ་ཤེལ་གྱི་མེ་ལོང་ལས། དང་པོ་བསྟན་པའི་སྦྱིན་བདག་ཆེན་པོ་ས་སྐྱོང་རིན་སྤུངས་པའི་མི་རྒྱུད་ནི། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་ལས་མཆེད་པར་བཤད་པ་དང༌། རྒྱལ་པོ་གཉའ་ཁྲི་བཙན་པོ་རྒྱལ་སྲིད་དུ་མངའ་གསོལ་བའི་སྐབས་ཁྱེད་སུ་ཡིན་བྱས་པས་ང་བཙན་པོའི་བུ་ཡིན་ཟེར། གང་ནས་འོང་བྱས་པས་གནམ་ལ་མཛུབ་མོ་བསྟན་བྱུང་བ་དང༌། འདིར་ལྷ་དངོས་སུ་བྱོན་པར་འདུག་པས་བོད་ཀྱི་རྒྱལ་པོ་མངའ་གསོལ་ཁྱེད་སྒེར་དུ་ཉན་ནམ་མི་ཉན་ཟེར། འདི་ནི་སྒེར་དུ་རུང་བས་ཁྱེར་ཅིག་གསུངས་པས། སྒེར་གྱི་མིང་དུ་ཐོག་མར་དེ་ནས་གྲགས་པ་བྱུང༌།

ཧི་མ་ལ་ཡའི་རིགས་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༦
འདོན་ཐེངས་སྔོན་མའི་འཕྲོས།

མ་གཞི་རང་གི་ཆོས་དང་རིག་གཞུང་གི་སྲད་བུ་མ་ཆད་ཙམ་ཟིན་སྡོད་མཁན་ནི་དགོན་སྡེ་གྲྭ་བཙུན་རྣམས་ཡིན་པ་ལྟ་བུར་ཚོར་ཞིང༌། དགོན་སྡེ་གྲྭ་བཙུན་དེ་དག་མེད་ན་ལོ་ངོ་སྟོང་ཕྲག་ནས་རིམ་གྱིས་བརྒྱུད་པའི་རང་གི་རིག་གཞུང་བཟང་པོ་དེ་དག་ཕལ་ཆེར་མིང་གི་ལྷག་མ་ཙམ་དུ་གྱུར་ཚར་ཡང་སྲིད། འོན་ཀྱང༌། སྤི་ཏི་ལ་དགོན་སྡེ་ཆེ་ཁག་ལྔ་དང༌། བཙུན་དགོན་གསུམ། མཚམས་ཁང་མང་དག་དངོས་མཇལ་བྱུང་ཡང༌། དེ་དག་ལ་གནའ་སྲོལ་བྷོ་ཊིའི་ཡི་གེ་ཀློག་ཤེས་ཙམ་དང༌། ཆོ་ག་ཕྱག་ལེན་ཨོ་ཁྱོག་ཙམ་ལས། བཤད་སྒྲུབ་ཀྱི་འཆད་ཉན་བྱེད་ཅིང་གྲྭ་ཇོ་མཁན་བཙུན་བཟང་གསུམ་དང༌། འཆད་རྩོད་རྩོམ་གསུམ་སོགས་མཁས་པའི་བྱ་བ་རྣམས་ལ་འཇུག་ཅིང༌། རང་གཞན་སུས་བལྟས་ཀྱང་བློ་ཡིད་ཚིམ་དགོས་པའི་མཁས་མཛངས་ལྡན་པ་ཞིག་གྲངས་ཀ་ཡོད་ཙམ་མམ། ཕལ་ཆེར་ཉིན་མོའི་སྐར་མའི་ཟླ་རུ་གྱུར་སོང༌།

ཧི་མ་ལ་ཡའི་རིགས་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༥
འདོན་ཐེངས་སྔོན་མའི་འཕྲོས།

སྤི་ཏི་གཙང་པོ་ནི་རང་རིག་དང་དཀར་མཛེས་ཐད་ནས་ཕལ་ཆེར་ཕྱོགས་འདུས་ཟིན་པ་ལྟ་བུ་ཡིན་ཞིང༌། གཙང་པོའི་གཡས་ཕྱོགས་སུ་མོ་རང་དང་སྤང་མོ། གཙང་པོའི་གཡོན་ཕྱོགས་སུ་དཀྱིལ་དགོན་པ་དང་དཀྱིལ་བར་གྲོང་ཚོ་བཅས་གཙང་པོ་གཡས་གཡོན་གྱི་ལུང་པའི་བར་དེ་ན། ལ་དར་རྩེ་ཟེར་བའི་རི་བོ་ཞིག་གིས་དཀྱིལ་ནས་ཆོད། དེ་ཡང་ལ་དར་རྩེའི་རྒྱབ་ཏུ་སྐྱིད་སྣང་ལྡན་པའི་སྤང་ཐང་ཡངས་པོ་ཞིག་ཡོད་པའི་བཤད་སྒྲོས་ནི། དཀར་མཛེས་པ་དགྲ་ལྷ་དར་རྒྱས་ལགས་ཀྱིས། སྔོན་མ་སྐལ་པ་བཟང་དུས་ལོ་རྟག་པར་ཕྱི་ཟླ་བརྒྱད་པ་ཙམ་ལ། ལ་དར་རྩེའི་རྒྱབ་ཏུ་ཡོད་པའི་སྤང་ཐང་སྟེང་དུ་ལ་དྭགས་དང༌། བོད། ག་ཤ། སྤི་ཏི། ཁུ་ནུ་སོགས་ཀྱི་ཚོང་པ་མང་པོ་ལྷན་འཛོམས་བྱེད་ཅིང་རང་རང་ལ་གང་དགོས་ཉོ་ཚོང་བྱེད་པའི་ལུགས་སྲོལ་བཟང་པོ་ཡོད་འདུག་ཀྱང༌། བར་སྐབས་ཤིག་ནས་དུས་འགྱུར་སྣ་ཚོགས་ཀྱིས་ས་ཆ་དེར་ཕྱོགས་མཐའི་ཚོང་པ་འདུ་འཛོམས་བྱེད་པའི་ལུགས་སྲོལ་ཉམས་ཆགས་སུ་གྱུར་འདུག དེས་ན། སྔོན་དུས་ལུགས་སྲོལ་བཟང་པོ་དེ་ལྟར་ཡོད་པའི་རྒྱུ་མཚན་གྱིས། དེང་སྐབས་ག་ཤ་ནས་ཡིན་པའི་ཨ་ཤོཀ་ཟེར་བ་ཞིག་ག་ཤ་སྤི་ཏིའི་རྫོང་དཔོན་གཞོན་པའི་གོ་གནས་ཟིན་དུས།

ཧི་མ་ལ་ཡའི་རིགས་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༤
འདིའི་སྔོན་དུ་བརྗོད་པའི་གནས་ལུགས་རགས་རིམ་དང་སྦྲེལ་ཏེ། སྤི་ཏི་ཞེས་པའི་ཡུལ་ནི་འཛམ་གླིང་ཨེ་ཤ་ཡིའི་ཡང་རྩེ་མཐོ་སྒང་ཧི་མ་ལ་ཡའི་རི་རྒྱུད་ན་གནས་ཤིང༌། དེ་ཡང་སྤི་ཏིའི་སྨད་ཕྱོགས་སུ་སུམ་མདོ་ཞེས་པའི་ཁུ་ནུ་དང་ས་མཚམས་འཁེལ་གྱི་ཡོད་པ་དང༌། སྟོད་ཕྱོགས་ཀུན་འཛོམས་ལའི་རྒྱབ་ཕྱོགས་དཀར་རྩེ་ཟམ་པ། ཀུན་འཛོམས་ལ་རྩེ་ནས་དཀར་རྩེ་ཟམ་པའི་བར་དུ་ལེ་དབར་བཅུ་གཅིག་(11 km)ཡོད་ཞེས་པའི་བར་ག་ཤ་དང་ས་མཚམས་འཁེལ་གྱི་ཡོད་ལུགས་བླ་རི་བ་ཕུན་ཚོགས་ལགས་ཀྱིས་གསུངས་ལུགས་སྔོན་དུ་བརྗོད་ཟིན་ལྟར། སྨད་ཕྱོགས་སུམ་མདོ་ནས་སྟོད་ཕྱོགས་ཀུན་འཛོམས་ལའི་རྒྱབ་ཕྱོགས་དཀར་རྩེ་ཟམ་པའི་བར་གྱི་ཡུལ་ལ་སྤི་ཏི་དང༌། དེའི་ཡུལ་མི་ལ་སྤི་ཏི་བ་ཞེས་འབོད་ཀྱི་འདུག

ཁྱེད་ཀྱིས་གཟིགས་མེད་སྲིད།