མངའ་རིས་དར་ཆེན་བསྒྲེངས་འཛུགས་ཀྱི་མཛད་སྒོ།

ཟླ་འདིའི་ཚེས་༡༣ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་གི་སྐུའི་བླ་གཟའ་རེས་གཟའ་ལྷག་སྐར་ཉིན་དང་སྟབས་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་མངའ་རིས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་མི་ལོ་ཉེར་གཅིག་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༣ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་གི་སྐུའི་བླ་གཟའ་རེས་གཟའ་ལྷག་སྐར་ཉིན་དང་སྟབས་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་མངའ་རིས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་མི་ལོ་ཉེར་གཅིག་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

ngari meeting1དུས་ཆེན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་། མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གཉིས་གཙོས་མོན་གྷོ་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་དང་། ལྷག་པར་དུ་སྟོད་མངའ་རིས་སྐོར་གསུམ་གྱི་ཁྱབ་ཁོངས་སེར་སྐྱ་མི་མང་ཡོངས་མཉམ་ཞུགས་བྱས་ཡོད་པ་རེད།

དེ་ཡང་ཐོག་མར་སྐུ་མགྲོན་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་དང་། མཛད་སྒོར་བཅར་བའི་མངའ་རིས་སེར་སྐྱ་མི་མང་གིས་བོད་སྐྱོང་ལྷ་སྲུང་འཕྲིན་བཅོལ་དང་བསངས་གསོལ་རླུང་རྟ་བསྒྲེངས་འཛུགས། བོད་ལུགས་རྟེན་འབྲེལ་མཚོན་བྱེད་དུ་གསོལ་ཇ་འབྲས་སིལ་འདེགས་འབུལ་སོགས་ངོན་འགྲོའི་ལས་རིམ་གྲུབ་རྗེས།

མོན་གྷོ་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཀྱིས་མངའ་རིས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་མི་ལོ་༢༡ འཁོར་བའི་དུས་ཆེན་ངོ་སྤྲོད་གནང་དོན།
ngari meetingགཞི་རྩིའི་བོད་ས་མ་ཤོར་བའི་སྔོན་དུ་སྟོད་མངའ་རིས་སྐོར་གསུམ་ལ་བོད་སྤྱི་ཡོངས་ཀྱི་ཐུན་མོང་གི་སྐད་ཡིག་དང་རིག་གཞུང་ཞིག་ཡོད་པ་དེ་དང་། ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམ་གཤིས་དང་ཆས་གོས་དེ་དག་དུས་རབས་མང་པོ་སྔོན་ནས་ཡོད་པ་བསྡད་པ་ཞིག་རེད། ཡིན་ན་ཡང་ཕྱི་ལོ་༡༩༥༩ ལོ་བོད་ས་ཡོངས་སུ་ཤོར་ནས་གོད་ཆགས་ཡོང་བསྡད་པ་དེ་ཚང་མས་ཤེས་གསལ་རེད། དེ་ནས་བཙན་བྱོལ་དུ་འབྱོར་བའི་རྗེས། ཕྱི་ལོ་༡༩༨༦ཟླ་བ་༤ཚེས་༡༥ནས་༡༩༩༣ བར་སླར་ཡང་རྒྱ་བལ་འབྲུག་གསུམ་གྱི་མཚོན་བོད་མི་གནས་སྡོད་བྱེད་ཡུལ་ས་ཆ་མང་པོ་ཞིག་ཏུ་མངའ་རིས་ས་ཁུལ་གྱི་སྲོལ་བཟང་དེ་དག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་ནས་ཡོང་ཆེད་དུ་མངའ་རིས་དར་ཆེན་སྐུ་བཞེངས་དེ་བསྐྱར་གསོ་གནང་ཐུབ་པ་རེད། དེ་ནས་ཕྱི་ལོ་༡༩༩༣ཟླ་བ་༨པའི་ཚེས་༡༣་ཉིན་རང་གཞུང་བཀའ་ཤག་མཆོག་གིས་མངའ་རིས་སྤྱི་མཐུན་ཚོགས་པ་དེ་ཚོགས་པ་གཞན་དག་དང་གཅིག་མཚུངས་ཀྱི་ཞལ་བཞེས་བསྐྱངས་ནས་ད་ལྟའི་བར་དུ་ལོ་ངོ་ཧྲིལ་པོ་༢༡འཁོར་བའི་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་པ་འདི་རེད་ཅེས་གསུངས་ཡོད་པ་རེད།
དེ་ནས་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་བསྟན་པ་འཕྲིན་ལས་ཀྱིས་མངའ་རིས་སྤྱི་མཐུན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུངས་འཕྲིན་སྒྲོགས་སྦྱང་གནང་སོང་།
མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་གཏམ་བཤད་གནང་དོན། རྒྱ་གར་མང་གཙོའི་རྒྱལ་ཁབ་ཀྱི་ཆ་རྐྱེན་གྱི་འོག་ལ་གཞུང་མང་གཉིས་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུའི་ཆེད་དུ་ཆོས་དང་ཆབ་སྲིད། དཔལ་འབྱོར་བཅས་ཀྱི་ཚོགས་པ་སྐྱིད་སྡུག་ག་རེ་བཙུགས་པ་ཡིན་ན་གོ་སྐབས་ཆ་ཚང་ཡོདཔ་རེད། ང་རང་ཚོ་བཙན་བྱོལ་བོད་མིའི་གཞུང་དེ་ཡང་མང་གཙོ་ཡང་དག་པའི་སྤྱི་ཚོགས་ཤིག་ཡིན་པས། བཅའ་ཁྲིམས་ཀྱི་དགོངས་དོན་བཞིན། གང་ཟག་སོ་སོའི་འདོད་པ་གཞིར་བཟུང་སྤྱི་འཐུས་ཀྱིས་དགོངས་ཚུལ་དང་འབྲེལ་རྒྱབ་སྐྱོར་གནང་བ་བཞིན་བཀའ་ཤག་གིས་དངོས་བཞེས་གནང་བའི་ཉིན་མོ་ནས་བཟུང་ཚོགས་པ་ཆགས་ཀྱི་ཡོད་པ་རེད། སྤྱིར་བཏང་ཚོགས་པ་སྐྱིད་སྡུག་བཙུགས་དགོས་དོན་དེ་གུ་ཡངས་ཀྱི་སྲིད་ཇུས་ཐོག་རྒྱལ་ཁབ་དེའི་ཆོས་དང་ཆབ་སྲིད། དཔལ་འབྱོར་དང་རིག་གཞུང་སོགས་ཕྱར་བ་གྲུ་འདེགས་ཀྱི་ཡར་རྒྱས་གོང་འཕེལ་ཡོང་ཆེད་དུ་ཚོགས་པ་སྒྲིག་འཛུགས་བཙུགས་པའི་དགོས་དོན་ནམ་མང་གཙོའི་ལམ་སྲོལ་དེ་འདྲ་ཞིག་གི་གོ་སྐབས་ཐོག་ནས་འགྲོ་ཡི་ཡོད་པ་རེད།   བྱས་ཙང་བོད་རྒྱལ་ཁབ་དེ་ད་ལྟའི་ཆར་རྒྱ་ནག་གུང་ཁྲིན་གྱི་བཙན་དབང་གི་སྲིད་ཇུས་འོག་ན་གནས་བསྡད་ཡོད་པ་རེད།  ང་ཚོའི་བདེན་མཐའ་དེ་སེལ་དགོས་ཀྱི་ཡོད་པ་རེད།  བདེན་མཐའ་སེལ་བར་བྱེད་པ་ལ་ཚང་མས་ཕྱར་བ་གྲུ་འདེགས་ཐོག་ཆོས་སྲིད་གཉིས་དང་ལྷག་པར་ཤེས་ཡོན་ཐོག་གོང་བུ་གཅིག་གྱུར་གྱི་ནུས་པ་སྤུངས་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན།   རྩ་བའི་བོད་ཆོལ་ཁ་གསུམ་གྱི་སྐད་ཡིག་དང་རིག་གཞུང་གཅིག་པ་རེད་ལ་ཁྱད་པར་སྤུ་ཙམ་ཡོད་པ་མ་རེད།  ཡིན་ན་ཡང་སོ་སོའི་ཡུལ་ལུང་གི་མི་རབས་ནས་བརྒྱུད་པའི་གོམ་གཤིས་དང་ལུགས་སྲོལ།  དེ་བཞིན་གཞས་སྣ།  ཆས་གོས་སོགས་སོ་སོའི་སྲུང་སྐྱོབས་བྱེད་དགོས་པ་འགན་འཁྲི་ཆགས་ཀྱི་ཡོད་པ་རེད་ལ།  རྒྱལ་ཁབ་ཞིག་ལ་མཚོན་ན་རིག་གཞུང་སྣ་ཚོགས་ཞིག་ཡོད་དགོས་པ་ཡང་གལ་ཆེན་པོ་རེད།   དཔེར་ན་ང་ཚོའི་འདུ་འཛོམས་ཐོག་གཞས་སྣ་འཁྲབ་སྟོན་ཙམ་བྱེད་དགོས་ན།  དེང་རབས་ཀྱི་བྲོ་གཟུགས་པོའི་ལུས་རྩལ་འདྲ་བོ་ཞིག་མ་གཏོགས།  གནའ་བོའི་བོད་ཀྱི་རིག་གཞུང་གཙོ་འཛིན་བྱས་ནས་བྲོ་འཁྲབ་རྒྱུ་དེ་འདྲ་ཕར་ཆེར་མི་འདུག   ཟློས་གར་འཁྲབ་མཁན་རེ་ཡིན་ན་མ་གཏོགས།   གཞོན་སྐྱེས་ཚོའི་སྔ་མོའི་བོད་ཀྱི་གཞས་སྣ་ཞིག་འཁྲབ་སྟོན་བྱེད་དགོས་ན་འཁྲབ་ཤེས་མཁན་ཡང་དཀོན་པོ་རེད་འདུག    སོང་ཙང་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་ཡོངས་ལ་བདག་གཅེས་སྲུང་སྐྱོབ་བྱེད་དགོས་པ་ཧ་ཅང་གལ་ཆེན་པ་རེད་ཅེས་སོགས་གསུངས་སོང་།

དེ་ནས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་གིས་མངའ་རིས་སྤྱི་མཐུན་ཚོགས་པའི་དུས་ཆེན་སྲུང་བརྩི་དང་འབྲེལ་བའི་གསུང་བཤད་གནང་དོན།   མངའ་རིས་སྤྱི་མཐུན་ཚོགས་པ་བཙུགས་ནས་ད་ལྟའི་བར་དུ་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞི་ལ་བཞག་ནས་མང་ཚོགས་ཀྱི་བདེ་སྡུག་གི་མཚོན་པའི་ལས་དོན་ཆེ་ཕྲ་ཡོངས་ཀྱི་ཐོག་ཕྱར་གྲུ་མཉམ་འདེགས་གནང་བསྡད་པ་དེ་ལ་བསྔགས་བརྗོད་དང་འབྲེལ་གནད་དོན་གསུམ་གྱི་སྒང་ལ་ཞུ་འདོད་བྱུང་།   དང་པོ་དེ་ལ་ཚོགས་པ་དང་སྒྲིག་འཛུགས་སུ་འདྲ་ཞིག་ཡིན་རུང་སོ་སོའི་རང་ཁོངས་ཀྱི་མང་ཚོགས་ཀྱི་བདེ་སྡུག་གཟིགས་ནས་ཁུར་མཉམ་ལེན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་འདུག  གཞན་ཚོགས་པ་སྒྲིག་འཛུགས་ཟེར་བ་དེའི་སྒྲིག་འཛུགས་གཞན་དག་ཞིག་ལ་སྙད་བཏགས་དང་སྒྲོ་འདོགས་བྱེད་འདུག་མཁན་དེའི་རིགས་ཡོད་པ་ལས་མེད་ན་དགའ་ཡི་འདུག་ལབ་ཀྱི་ཡོད།  གོང་ཞུས་བཞིན་མངའ་རིས་སྤྱི་མཐུན་ཚོགས་པ་ལ་མཚོན་ན་རང་ཁོངས་མི་མང་གི་བདེ་སྡུག་ལ་གཟིགས་པའི་ཐོག་ནས་ལས་དོན་ཆེ་ཕྲ་ཡོངས་སུ་རྫོགས་པ་༧གོང་ས་མཆོག་གི་བཀའ་དགོངས་གཞིན་འགྲོ་ཡི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ལ།  མུ་མཐུད་ནས་མ་འོངས་པ་ལ་དེ་ལྟར་གནང་དགོས་པ་གལ་ཆེན་པོ་འདུག་ཅེས་དང་།     དོན་ཚན་གཉིས་པ།  ཚོགས་པ་སྒྲིག་འཛུགས་གང་ཞིག་གིས་དམིགས་ཡུལ་དང་སྒྲིག་གཞི་དེ་ཚོ་ཡིག་ཐོག་ལ་ཕབ་པ་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ལ་སླེབ་ཐུབ་དགོས་པ་གལ་ཆེན་པོ་རེད་ལ།   ཡིག་ཐོག་གཏན་ལ་ཕབ་པ་ཙམ་མིན་པར་དོན་དངོས་ཐོག་ལག་ལེན་བསྟར་ཐུབ་ན་ཚང་མའི་ངོས་ལེན་བྱེད་ཐུབ་ཞིག་ཡོང་གི་རེད་ལ།  མངའ་རིས་སྤྱི་མཐུན་ཚོགས་པའི་ངོས་ནས་ཡིན་ན་ཡང་དེ་བཞིན་གནང་རོགས་གནང་།

དོན་ཚན་གསུམ་པ།   ང་རང་ཚོ་བཙན་བྱོལ་གྱི་གནས་བབ་ཞིག་གི་འོག་ནས་བཙུགས་བཞག་པའི་ཚོགས་པ་སྐྱིད་སྡུག་སུ་འདྲ་ཞིག་ཡིན་རུང་ཐོག་མའི་དམིགས་ཡུལ་ད་ལྟའི་བཙན་བྱོལ་གྱི་གནས་བབ་འདི་ལས་རང་ཡུལ་ལུང་པར་ལོགས་རྒྱུ་དེ་ཚོགས་པའི་དམིགས་ཡུལ་དང་སྒྲིག་གཞིའི་ནང་ཡོད་མེད་གང་ལྟར་ཀྱང་དོན་དངོས་ཐོག་དེ་འདྲ་ཞིག་ཆགས་ཡོད་པ་དེ་དངོས་པོའི་གནང་སྟངས་དང་ཆོས་ཉིད་ཀྱི་རིག་པའི་གྲུབ་བསྡད་ཡོད་པ་རེད།   དེ་འདྲ་ཡིན་དུས་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་ཡང་དག་པ་ཞིག་དང་ནུས་པ་ལྡན་པ།  འབྲས་བུ་སྨིན་པ་ཞིག་ཡོང་དགོས་ན། རྩ་དོན་རྩོད་བྱེད་ཀྱི་སྟོབས་ཤུག་དང་ནུས་པ་དེ་ཆིག་སྒྲིལ་ཡོང་དགོས་པ་དེ་རེད།    དེ་ཡང་ཆིག་སྒྲིལ་ཟེར་བ་དེ་གུ་ཡངས་ཀྱི་བསམ་བློ་ཞིག་གིས་འོག་ནས་སླེབ་བཞག་པའི་ལྟ་གྲུབ་ཞིག་རེད་མ་གཏོགས།  ཚང་མ་གཅིག་ཡིན་དགོས་དོན་མེད་ལ། ལྟ་གྲུབ་དང་ལངས་ཕྱོགས་སོགས་འདྲ་མིན་ཡོངས་ཆོག་གི་རེད།  ཡིན་ན་ཡང་ང་རང་ཚོར་མཚོན་ན་ཆིག་སྒྲིལ་ཡོང་བའི་གཞི་རྩ་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གི་བཀའ་དགོངས་གཞི་ལ་བཞག་ནས་སོང་བ་ཡིན་ན་ང་ཚོ་ལ་དོན་གྱི་ཆིག་སྒྲིལ་དེ་སླེབ་ཚར་བ་རེད།  སོང་ཙང་ཚང་མའི་དེ་ལྟར་ཡོང་ཐབས་ལ་འབད་རྩོན་གནང་རོགས་ཅེས་སོགས་གསུངས་སོང་།
ལྷོ་ཕྱོགས་གསར་འགོད་པས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།