དབུས་གཙང་སྤྱི་འཐུས་འོས་མི་ཟླ་བ་རིན་ཆེན་གྱི་ལོ་རྒྱུས།

མིང་། ཟླ་བ་རིན་ཆེན། ལུང་ཚན། གཙང་གམ་པ། ལས་གནས། ཧིན་བོད་མཛའ་ཚོཌ་ཀྱི་ཚོགས་གཞོན། སྡོད་གནས། ངྷ་ས།

ཕྲན་ཟླ་བ་རིན་ཆེན་ནི། ཕྱི་ལོ་༡༩༦༤ ལོར་སྒང་ཐོག་རྣ་ཐོས་ལར་ལམ་བཟོའི་སྐབས་སྐྱེས། ཕྱི་ལོ་༡༩༨༥ ནས་༡༩༨༩ ལོའི་བར་དྭངས་སློབ་དབུས་སློབ་གཉེར་ཁང་དུ་དྭངས་སློབ་༡༠༠༠ ལྷག་ལ་ལུས་རྩལ་དང་གོ་མཚོན་སློབ་ཁྲིད་ཀྱི་དགེ་རྒན་བྱས

utsang11མིང་། ཟླ་བ་རིན་ཆེན། ལུང་ཚན། གཙང་གམ་པ། ལས་གནས། ཧིན་བོད་མཛའ་ཚོཌ་ཀྱི་ཚོགས་གཞོན། སྡོད་གནས། ངྷ་ས།

ཕྲན་ཟླ་བ་རིན་ཆེན་ནི། ཕྱི་ལོ་༡༩༦༤ ལོར་སྒང་ཐོག་རྣ་ཐོས་ལར་ལམ་བཟོའི་སྐབས་སྐྱེས།  ཕྱི་ལོ་༡༩༨༥ ནས་༡༩༨༩ ལོའི་བར་དྭངས་སློབ་དབུས་སློབ་གཉེར་ཁང་དུ་དྭངས་སློབ་༡༠༠༠ ལྷག་ལ་ལུས་རྩལ་དང་གོ་མཚོན་སློབ་ཁྲིད་ཀྱི་དགེ་རྒན་བྱས།
ཕྱི་ལོ་༡༩༩༠ ནས་ ༡༩༩༣ བར་༸གོང་ས་མཆོག་གི་སྐུ་སྲུང་གི་ཞབས་ཕྱི་ཞུས།

ཕྱི་ལོ་༡༩༩༤ དྷ་སར་ཡུལ་མི་དང་བོད་མིའི་བར་དཀའ་རྙོག་ཆེན་པོ་འཕྲད་ནས། ཕྱི་ལོ་༡༩༩༥ ལོར་དྷ་སར་ཧིན་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་བྱས་ནས་དྲུང་ཆེ་བྱས་པ་དང་། ཚོགས་གཞོན་གྱི་ལས་ཁུར་ཞུ་མུས་ཡིན། ཕྱི་ལོ་༢༠༠༠ ནས་ ༢༠༠༣ བར་གངས་སྐྱིད་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་བྱེད་སྐབས། སློབ་གྲྭར་ཐབ་ཚང་གསར་འཛུགས་བྱས་ནས་ཉིན་གུང་ཞལ་ལག་གཏོང་རྒྱུའི་ལམ་སྲོལ་བཟོས།

ཕྱི་ལོ་༢༠༠༣ ལོར་ཆབ་སྲིད་དྲིལ་བསྒྲགས་ཆེད་སྒེར་ངོས་ནས་ཆབ་སྲིད་བཙོན་ཟུར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས། ཨ་རིར་གདན་ཞུ་བྱས་ནས་ས་གནས་ཁག་༦ ནང་ཆབ་སྲིད་དྲིལ་བསྒྲགས་བྱས།
ཕྱི་ལོ་༢༠༠༨ ནས་ ༢༠༡༡ བར་ངྷ་ས་མེག་གྷན་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་བྱེད་སྐབས་ཧིན་སྒོར་འབུམ་༤༨ ལྷག་གི་ཐོག་རྩེགས་གསུམ་ཅན་གྱི་ནང་ཚོགས་ཁང་དང་། ལས་ཤག གསང་སྤྱོད་བཅས་གསར་རྒྱག་ལེགས་གྲུབ་བྱུང།

ཕྱི་ལོ་༢༠༠༥ ལོ་ནས་བོད་མིའི་ཚོང་ལས་བདེ་ཚོགས་དབུས་ཀྱི་སྐབས་དང་པོའི་རྒྱུན་ལས་དང་དྲུང་ཆེ་བྱེད་སྐབས། ཚོགས་པའི་དེབ་སྐྱེལ་དང་། ༢༠༠༧ ལོར་དྷ་སར་ས་གནས་ཚོང་ལས་བདེ་ཚོགས་གསར་འཛུགས་བྱས། ཁྲལ་འབབ་ཆག་ཡང་གི་ཆོག་མཆན། གཞོན་སྐྱེས་ཚོང་པར་ཟབ་སྦྱོང་སྤྲད། དེ་བཞིན་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་གྱི་ཁྲོམ་རའི་གོ་སྐབས་སྐྲུན་ནས་ད་བར་ལོ་ལྟར་དུས་སྟོན་སྲུང་བརྩི་ཞུ་བཞིན་ཡོད།

ཕྱི་ལོ་༢༠༡༡ ལོར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོང་དོན་ཆེད་དུ་ཧྤ་རན་སི་དང་། སྦེལ་འཇེམ། སི་པེན། ཧོ་ལན་ཌི་བཅས་ལ་ཕྱིན་ནས། ཡོ་རོབ་མཐུན་ཚོགས་ནང་བོད་ནང་གི་ཚོང་པའི་གནས་སྟངས་སྐོར་གླེང་སློང་དང། བོད་མིའི་ཚོང་ལས་བདེ་ཚོགས་ངོ་སྤྲོད། ཕྱིའི་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་འཛུགས་ཐབས་བཅས་བྱས།

ཕྱི་ལོ་༢༠༠༩ ནས་༢༠༡༠ དང་། ༢༠༡༢ ནས་ད་ལྟའི་བར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྒྱུན་ལས་བྱས་དང་བྱེད་བཞིན་པ།
ཕྱི་ལོ་༡༩༩༦ལོ་ནས་ད་ལྟའི་བར་གངས་ལྗོངས་འགྲིམ་འགྲུལ་ལས་ཁུངས་གསར་འཛུགས་བྱས་ཏེ།
གཞོན་སྐྱེས་བཞི་བཅུ་ལྷག་ལ་ལས་ཀའི་གོ་སྐབས་བསྐྲུན་ཡོད། ཕྱི་ལོ་༢༠༡༤ རྒྱལ་བའི་བཀའ་དྲིན་རྗེས་དྲན་ལོར་རང་ཉིད་ཀྱི་ལུང་པའི་ལོ་རྒྱུས་<<རྒྱལ་ཁབ་ཤོར་བའི་ཕ་བུའི་འབེལ་གཏམ་ལོ་རྒྱུས>> ཞེས་པ་བརྩམས་ཏེ། བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་ཞུས་ཡོད།

ཕྱི་ལོ་༢༠༡༢ ལོ་ནས་༢༠༡༥ བར་དུ་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་སློབ་སྟོན་པ་བྱས་ཏེ། རྒྱ་གར་ལྷོ་ཕྱོགས་སུ་རྒྱལ་གཅེས་དཔའ་བོའི་རྡོ་རིང་བཞེངས་ཐུབ་པ་བྱུང།
ད་ལྟ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྒྱུན་ལས། གཞིས་རྩེ་གཙང་ཁུལ་སྐྱིད་སྡུག་གི་སློབ་སྟོན་པ། གངས་ལྗོངས་འགྲིམ་འགྲུལ་ལས་ཁུངས་ཀྱི་འགན་འཛིན་བཅས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།