༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བར་ཐུགས་རྗེ་ཆེ་ཞེས་བརྗོད་འདུག

རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པས་ཤྲི་ལངྒ་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བར་ཐུགས་རྗེ་ཆེ་ཞེས་བརྗོད་འདུག

རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པས་ཤྲི་ལངྒ་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བར་ཐུགས་རྗེ་ཆེ་ཞེས་བརྗོད་འདུག

ཕྱི་ཟླ་༤ པའི་ཚེས་༣ ཉིན་རོའུ་ཊར་གསར་ཁང་གིས་མིང་བརྗོད་འདོད་མེད་པའི་ཤྲི་ལིངྒའི་ཕྱི་འབྲེལ་དཔོན་རིགས་ཤིག་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། རྒྱལ་ཁབ་དེའི་ཆོས་ལུགས་དབུ་ཁྲིད་ཅིག་གིས་༧གོང་ས་མཆོག་ཤྲི་ལིངྒ་ལ་གདན་ཞུ་བྱས་པར་གཞུང་གིས་ཐོངས་མཆན་སྤྲོད་མི་སྲིད་སྐོར་བརྗོད་ཡོད་པ་དང་། ཤྲི་ལིངྒའི་གཞུང་ལ་༧གོང་ས་མཆོག་གི་ཐོངས་མཆན་སྙན་ཞུ་མ་འབྱོར་བའི་སྔོན་དང་། ཤྲི་ལིངྒ་གཞུང་གིས་གནད་དོན་དེ་ཐག་གཅོད་མ་བྱས་པའི་སྔོན་ནས་རྒྱ་ནག་གཞུང་གིས་ཐུགས་རྗེ་ཆེ་ཞུས་ཡོད་འདུག

Hua-Chunyingདེ་བཞིན་ཕྱི་ཟླ་༤ པའི་ཚེས་༣ ཉིན་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཧྥ་ཁྲུན་དབྱི་ཡིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག ཤྲི་ལིངྒ་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་བཟང་པོ་ཞིག་ཡིན་པ་དང་། རྒྱ་ནག་དང་ཤྲི་ལིངྒ་གཉིས་ཀྱི་འབྲེལ་བ་བར་མ་ཆད་པར་ཡར་རྒྱས་སུ་འགྲོ་བཞིན་ཡོད། ཤྲི་ལིངྒ་ཡིས་འབྲེལ་ཡོད་གནད་དོན་ཐོག་རྒྱ་ནག་གི་སྲིད་ཇུས་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་བསམ་ཤེས་བྱས་པར་ཐུགས་རྗེ་ཆེ་ཞེས་དང་། ང་ཚོར་ཤྲི་ལིངྒ་དང་ལྷན་དུ་མཉམ་ལས་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་འབྲེལ་ཤུགས་ཆེ་རུ་གཏོང་རྒྱུའི་འདོད་པ་ཡོད་ཅེས་བརྗོད་འདུག

ཕྱི་ཟླ་༣ པའི་ཚེས་༡༩ དང་༢༠ ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་༧གོང་ས་མཆོག་གིས་ཤྲི་ལིངྒའི་ནང་པའི་སྐུ་ཚབ་དང་ལྷན་དུ་ནང་པའི་ལྟ་གྲུབ་སྐོར་བགྲོ་གླེང་གནང་ཡོད་པ་དང་། ཕྱོགས་གཉིས་བར་ཕུན་ཚུན་འགྲོ་འོང་གི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད།

ཤྲི་ལིངྒའི་གཞུང་འབྲེལ་དཔོན་རིགས་དེས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་ཞེད་དེ་༧གོང་ས་མཆོག་ལ་ཐོངས་མཆན་ཕུལ་རྒྱུ་མིན་སྐོར་དང་། ༧གོང་ས་མཆོག་ཤིན་ཏུ་གལ་ཆེ་པོ་ཡིན་ནའང་། རྒྱ་ནག་དང་འབྲེལ་བ་ནི་དེ་ལས་ཀྱང་གལ་ཆེ་བ་ཞིག་ཡིན་པ་མ་ཟད། ཤྲི་ལིངྒ་ཡིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་གྱི་ལངས་ཕྱོགས་འདོར་མེད་སྐོར་བརྗོད་འདུག།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།