༧གོང་ས་མཆོག་གིས་རྒྱུད་སྟོད་དུ་གསུང་ཆོས་དབུ་འཛུགས་གནང་སོང་།
ཟླ་འདིའི་ཚེས་༡༠ ཉིན་དྷ་ས་རྒྱུད་སྟོད་གྲྭ་ཚང་དུ་༧གོང་ས་མཆོག་གིས་གསང་བ་འདས་པའི་གསུང་ཆོས་དབུ་འཛུགས་གནང་བ་དང་། དེར་དེར་གྲྭ་བཙུན་རྣམས་དང་། དྷ་སར་གནས་སྡོད་བོད་མི། ཕྱི་རྒྱལ་བ། རྒྱ་རིགས་ཆོས་བ་ཁག་ཅིག་བཅས་དད་ལྡན་མི་མང་བཅར་ཡོད་པ་རེད།
ཟླ་འདིའི་ཚེས་༡༠ ཉིན་དྷ་ས་རྒྱུད་སྟོད་གྲྭ་ཚང་དུ་༧གོང་ས་མཆོག་གིས་གསང་བ་འདས་པའི་གསུང་ཆོས་དབུ་འཛུགས་གནང་བ་དང་། དེར་དེར་གྲྭ་བཙུན་རྣམས་དང་། དྷ་སར་གནས་སྡོད་བོད་མི། ཕྱི་རྒྱལ་བ། རྒྱ་རིགས་ཆོས་བ་ཁག་ཅིག་བཅས་དད་ལྡན་མི་མང་བཅར་ཡོད་པ་རེད།
གསུང་ཆོས་དེ་ཉིན་གསུམ་རིང་གནང་གི་ཡོད་པ་དང་། ཉིན་དེའི་ཉིན་གུང་ཆུ་ཚོད་༡༢།༣༠ ཐོག་གསུང་ཆོས་དབུ་འཛུགས་སྐབས། ཐོག་མར་ཁོང་དགུང་ལོ་མཐོན་པོ་ཡིན་པ་ལ་དཔག་པའི་སྐུ་གཟུགས་བདེ་ཐང་ཡོད་སྐོར་དང་། དེང་སྐབས་པུས་མོ་མ་བདེ་བ་ཅུང་ཡོད་པ་རེད། དེ་མིན་ཉེ་ཆར་སྐུ་གཟུགས་བརྟག་དཔྱད་གནང་དུས་གཟུགས་པོ་ཧ་ཅང་བདེ་པོ་ཡོད་སྐོར་གསུངས་སོང་།
༧གོང་ས་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་གསུང་བཤད་གནང་སྐབས། “ང་ཚོས་སངས་རྒྱས་ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་རེད་དེ། སངས་རྒྱས་པའི་ཆོས་ཀྱི་གནད་འགག་དེ་ཤེས་དགོས་པ་རེད། དུས་རབས་ཉི་ཤུ་རྩ་གཅིག་པའི་སངས་རྒྱས་པའི་ཆོས་པ་ཞིག་བྱེད་དགོས་པ་རེད། དེ་ག་རེ་རེད་ཟེར་ན། དེ་སྔ་ང་ཚོས་ཕ་མེས་ནས་སངས་རྒྱས་པའི་ཆོས་བྱེད་ཀྱི་ཡོད། དཀོན་མཆོག་གསུམ་ལ་སྐྱབས་སུ་འཆི་ཟེར་བ་དང་། མང་པོ་ཞིག་ཞབས་བརྟན་ལ་འགྲོ། སྔགས་བགྲངས། ཕྱག་སྐོར་བྱེད་ཀྱི་ཡོད་པ་རེད། དེ་ཡག་པོ་རེད་མོད། དཔལ་ ནཱ་ལེནྡྲའི་ཆོས་ཀྱི་དོན་དག་ལ་དོ་སྣང་མེད་པ་དེ་རྗེས་ལུས་རེད་འདུག དེང་སྐབས་འཛམ་གླིང་ནང་སུ་ཡིན་ནའང་། སྤྱིར་བཏང་ཤེས་ཡོན་དང་། མི་ཚེ་སྐྱེལ་སྟངས་ཚང་མ་ཡར་རྒྱས་སོང་ཡོད་པས། སོ་སོའི་ཕ་མེས་ཀྱི་ཆོས་དེ་དད་པ་གཅིག་པུའི་ཐོག་ནས་འགྲོ་མ་དགོས་པར། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ག་འདྲ་ཡིན་པ་ཤེས་པའི་ཐོག་ནས་ཉམས་ལེན་བྱས་ན་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཞིག་ཆགས་པ་རེད་”ཅེས་ཆོས་ལུགས་ལ་སློབ་གཉེར་དགོས་པ་དང་། ཤེས་ནས་དད་པ་ཐོབ་ན་བརྟན་པོ་ཡིན་སྐོར་གསུངས་སོང་།
༧གོང་ས་མཆོག་གིས་བོད་ལ་ཆོས་བརྒྱུད་མི་འདྲ་བ་མང་པོ་ཡོད་ནའང་། ཁུངས་གཏུག་ས་དེ་ཚང་མ་ ནཱ་ལེནྡྲ་ཡིན་པས། འབྱུང་ཁུངས་གཅིག་ཡིན་བསམ་པའི་ཐོག་གཞུང་ཕན་ཚུན་ལ་སློབ་གཉེར་གནང་དགོས་སྐོར་དང་། ད་ལྟ་བཙན་བྱོལ་བ་ཆགས་ཡོན་ནའང་། སློབ་གཉེར་བྱེད་ཕྱོགས་ལ་སྔར་ལས་མཐུན་རྐྱེན་ཡག་པོ་བྱུང་ཡོད་སྐོར་སོགས་ལམ་བཀའ་སློབ་གནང་བ་དང་། རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པ་བཀའ་ཁྲིད་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།