དུས་དབང་གི་སྒོར་འབུམ་༦༤ ལྷག་ལྷག་ཡོད་འདུག
ད་ལྟའི་བར་ཧུར་ཐག་བྱས་པ་ཡིན། ད་དུང་ཡིན་ན་ཡང་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲངས་ཀྱི་དགེ་སློང་ཞིག་གིས།སྟོན་པར་ཞབས་འདེགས་བསྒྲུབ་མ་ཐུབ་ན་ཡང་། ཞབས་མི་འདྲེན་པ་ཞིག་བྱེད་བསམ་ནས་རྟག་ཏུ་དྲན་བསྡད་ཡོད་ཅེས་༧གོང་ས་མཆོག་གིས་ལ་དྭགས་སུ་གསུངས་སོང་།
ད་ལྟའི་བར་ཧུར་ཐག་བྱས་པ་ཡིན། ད་དུང་ཡིན་ན་ཡང་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲངས་ཀྱི་དགེ་སློང་ཞིག་གིས།སྟོན་པར་ཞབས་འདེགས་བསྒྲུབ་མ་ཐུབ་ན་ཡང་། ཞབས་མི་འདྲེན་པ་ཞིག་བྱེད་བསམ་ནས་རྟག་ཏུ་དྲན་བསྡད་ཡོད་ཅེས་༧གོང་ས་མཆོག་གིས་ལ་དྭགས་སུ་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༧པའི་སྟེང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་ར་བའི་ནང་། ༧གོང་ས་མཆོག་གིས་དུས་དབང་ཐེངས་༣༣པའི་ཐོག་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཆིག་འབུམ་ལྔ་ཁྲི་ལྷག་ལ་སྒྲོལ་དཀར་གྱི་ཚེ་དབང་གནང་གྲུབ་མཚམས།དགའ་ལྡན་ཁྲི་རིན་པོ་ཆེས་མལཌལ་ལྗགས་བཤད་དང་འབྲེལ། ༧གོང་ས་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། དེ་རྗེས་ཐེངས་འདིའི་དུས་དབང་གོ་སྒྲིག་པ་ལ་དྭགས་དགོན་ཚོགས་དང་། ནང་ཚོགས་གཉིས་ཀྱི་ཚོགས་གཙོ་དང་། ས་གནས་ཀྱི་མངའ་སྡེའི་བློན་ཆེན་སོགས་ཀྱིས། ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་གཏམ་བཤད་གནང་སོང་།
ལ་དྭགས་དགོན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་དཀོན་མཆོག་རྣམ་རྒྱལ་གྱིས།དུས་དབང་ཐེངས་༣༣ པའི་བྱུང་སོང་གི་རྩིས་ཁྲ་སྒྲོགས་སྦྱང་གནང་སྐབས།བྱུང་། ཧིན་སྒོར་ཀ་རོལ་༡༢དང་།འབུམ་སུམ་ཅུ་སོ་གཉིས།གཅིག་སྟོང་སུམ་བརྒྱ་བཅུ་གསུམ།སོང་། ཧིན་སྒོར་ཀ་རོལ་༡༡དང་།འབུམ་དྲུག་བཅུ་རེ་དྲུགསྟོང་ཕྲག་བདུན་ཅུ་དོན་བཞི། བརྒྱད་བརྒྱ་བདུན་ཅུ།ལྷགབྱུང་སོང་ཁ་འཐབ་པའི་ལྷག་འབུམ་༦༤ དང་།སྟོང་ཉི་ཤུ་རྩ་དྲུགལྔ་བརྒྱ་བཅུ་མེད་དྲུག་ལྷག་སྐོར་ཡོད་བསྒྲགས་སོང་ལ། དེ་བཞིན་ཁོང་གིས་རྩིས་ཁྲ་འདི་རོབ་རྩིས་ཙམ་ཡིན་པས་རྗེས་མ་ཚོགས་ཆུང་ཆེད་འཛུགས་ཀྱིས་རྩིས་ཁྲ་ཆ་ཚང་བ་བཟོས་ཏེ། སྐུ་སྒེར་ཡིག་ཚང་གཙོས་པས་འབྲེལ་ཡོད་ཁག་ལ་འབུལ་རྒྱུ་ཡིན་སྐོར་བསྒྲགས་སོང་།
དེ་ནས་༧གོང་ས་མཆོག་གིས་མི་མང་ལ་གསུང་བཤད་གནང་སྐབས།ཁྱེད་རང་ཚོས་ང་ལ་བརྟན་བཞུགས་ཕུལ་བ་བཞིན་ང་རང་གི་ངོས་ནས་ཀྱང་།རིང་དུ་འཚོ་བའི་སྨོན་ལམ་རྒྱག་རྒྱུ་ཡིན་སྐོར་དང་།དེ་བཞིན་ནམ་རྒྱུན་ཆོས་བཤད་སྐབས་འབུལ་བ་ལེན་གྱི་མེད་སྐོར་དང་འབྲེལ་ནས་གསུངས་དོན།“ངས་འབུལ་བ་རྩ་བ་ནས་ལེན་གྱི་མེད།འབུལ་བ་བླངས་ན་ཆོས་བཙོང་པ་དང་གཅིག་པ་རེད།རྫོགས་ཆེན་པ་སྣ་ཚོགས་གྲོལ་རང་གྲོལ་ཁོང་གི་རྣམ་ཐར་ནང་།ཁོང་གིས་ཆོས་བཤད་ནས་འབུལ་བ་ལེན་རྒྱུ་མིན་ཞེས་དམ་བཅའ་བཞག་ཡོད་རེད།དེས་ཞེ་དག་གིས་ངའི་ཡིད་འཕྲོགས་སོང་”ཞེས་གསུངས་ཏེ།ཆོས་བཤད་སྐབས་འབུལ་བ་བླངས་ན་ཆོས་ཚོང་རྒྱག་པ་དང་གཅིག་པ་ཆགས་ཀྱི་ཡོད་སྐོར་གསུངས་སོང་།
མཐར་༧གོང་ས་མཆོག་གིས་“ཁྱེད་རང་ཚོ་ཚང་མས་བློ་ཆོས་སུ་སོང་བ་ཞིག་དང་། གོང་དུ་ཁྱེད་རང་ཚོས་ཁས་ལེན་གནང་བ་བཞིན་ཧུར་ཐག་གནང་ཤོགང་རང་གི་ངོས་ནས་ཀྱང་ད་ལྟའི་བར་ཧུར་ཐག་བྱས་པ་ཡིན།ད་དུང་ཡིན་ན་ཡང་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲངས་ཀྱི་དགེ་སློང་ཞིག་གིས། སྟོན་པར་ཞབས་འདེགས་བསྒྲུབ་མ་ཐུབ་ན་ཡང་།ཞབས་མི་འདྲེན་པ་ཞིག་བྱེད་བསམ་ནས་རྟག་ཏུ་དྲན་བསྡད་ཡོད་”ཅེས་གསུངས་ཏེ།ཚང་མས་ཧུར་ཐག་བྱེད་དགོས་པའི་སྐུལ་མ་གནང་སོང་།
སང་ཉིན་ནས་བཟུང་མི་མང་ཚོར་དཀྱིལ་འཁོར་མཇལ་ཁ་གཏོང་རྒྱུ་རེད་འདུགལ་དྭགས་ཀྱི་རྒྱལ་ས་གླེ་ནས་གསར་འགོད་པ་བྲག་མགོ་བློ་བཟང་མཁྱེན་བརྩེས།