དུས་འཁོར་དབང་ཆེན་ཐེངས་༣༣ པ་ལེགས་གྲུབ།
ཟླ་འདིའི་ཕྱི་ཚེས་༡༢ ཉིན་གྱི་ཉིན་རྒྱབ་དུས་འཁོར་དབང་ཆེན་ཐེངས་༣༣ པ་ཡོངས་སུ་ལེགས་གྲུབ་བྱུང་སོང་ལ། ཚེས་༡༣ ཉིན་༧གོང་ས་མཆོག་གིས་མི་མང་ལ་སྒྲོལ་དཀར་གྱི་ཚེ་དབང་གནང་རྒྱུ་དང་། དེ་རྗེས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་རེད་འདུག

དེ་ཡང་ཐེངས་འདིར་༧གོང་ས་མཆོག་གིས་ལ་དྭགས་ཀྱི་རྒྱལ་ས་གླེ་ནས། སྤྱི་ལེ་༨ཀྱི་སར་ཡོད་པའི་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་ཀྱི་ཆོས་ཞུ་བ་མི་གྲངས་སྟོང་ཕྲག་༧༠ ཙམ་དང་། ཧི་མ་ཅལ་མངའ་སྡེ་ནས་ཆོས་ཞུ་བ་མི་གྲངས་ཁྲི་༡ ཡས་མས། དེ་བཞིན་བོད་ནང་དང་ཕྱི་རྒྱལ། གཞིས་ཆགས་ཁག་བཅས་ཀྱི་ཆོས་ཞུ་བ་མི་གྲངས་སྟོང་ཕྲག་༣༠ ཙམ་བཅས་ཁྱོན་ཆོས་ཞུ་བ་མི་གྲངས་འབུམ་གཅིག་ལྷག་ལ། ཟླ་འདིའི་ཕྱི་ཚེས་༣ནས་༡༤བར་ཉིན་གྲངས་༡༡རིང་དུས་དབང་གི་སྔོན་འགྲོའི་གསུང་ཆོས་དང་།དུས་འཁོར་གྱི་ཆོ་ག་བསྒྲུབ་གཞགདེ་བཞིན་སྟ་གོན་གྱི་བཀའ་དབང་དང་།དངོས་གཞིའི་བཀའ་དབང་། ཤེས་སྤྲིངས་སོགས་ཀྱི་ཆོས་འབྲེལ་གནང་ཡོད་པ་རེད།།
ལ་དྭགས་ཀྱི་རྒྱལ་ས་གླེ་ནས་གསར་འགོད་པ་བྲག་མགོ་བློ་བཟང་མཁྱེན་བརྩེས།