དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཡོད།

ཕྱི་ཟླ་༧ ཚེས་༦ ཉིན་ནི་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཡིན་པས། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་སྤྱི་གཉིས་ཀྱིས་མི་མང་ལ་གཏམ་བཤད་དང་། སློབ་མས་གཞས་སྣ་འཁྲབ་སྟོན་སོགས་བྱས་ཏེ། འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

ཕྱི་ཟླ་༧ ཚེས་༦ ཉིན་ནི་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཡིན་པས། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་སྤྱི་གཉིས་ཀྱིས་མི་མང་ལ་གཏམ་བཤད་དང་། སློབ་མས་གཞས་སྣ་འཁྲབ་སྟོན་སོགས་བྱས་ཏེ། འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

_MG_8916མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཟ་འབྲུ་དང་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ Shri G. S. Bali དང་། བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་ཀྱིས་དབུས་ཁྲིམས་ཞིབ་པ་གཉིས་དང་། སྲིད་སྐྱོང་བློ་བཟང་སེང་གེས་དབུས་བཀའ་བློན་ཁག་ཅིག སྤྱི་འཐུས་ཚོགས་གཞོན་བསོད་ནམས་བསྟན་ཕེལ་གྱིས་དབུས་སྤྱི་འཐུས་ཁག་ཅིག ༧དཔལ་རྒྱལ་དབང་ཀརྨ་པ། གཞུང་གི་དྲུང་ཆེ་དང་སྲི་ཞུ་ལས་བྱེད་པ། ས་གནས་ཀྱི་མི་མང་དང་སློབ་མ་རྣམས་མཉམ་ཞུགས་བྱས་ཡོད་པ་རེད།

དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་གྲུབ་པ་དང་། སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་ ༢༥ འཁོར་བ་རྣམས་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་གཟེངས་བསྟོད་ལེགས་སྐྱེས་གནང་ཡོད་པ་རེད།

Shri G. S. Bali  དང་སྲིད་སྐྱོང་བློ་བཟང་སེང་གེ།
Shri G. S. Bali དང་སྲིད་སྐྱོང་བློ་བཟང་སེང་གེ།

འདི་ལོ་བཀའ་ཤག་གི་ངོས་ནས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་ལ་གཏན་འབེབས་བྱས་ཏེ། འཁྲུངས་སྐར་སྲུང་བརྩིས་མཚོན་ས་གནས་གང་སར་༧གོང་ས་མཆོག་གི་མཛད་འཕྲིན་ཁག་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་ཡོང་ཐབས། བོད་མི་རྣམས་ཀྱིས་བཀའ་དྲིན་ངོས་ཟིན་པ་དང་མ་འོངས་པའི་མི་རབས་ལ་ངོ་སྤྲོད་ཡོང་ཐབས་ཀྱི་ལས་རིམ་འདྲ་མིན་ཡོད་པ་དང་། ལ་དྭགས་སུ་དུས་འཁོར་དབང་ཆེན་གནང་གི་ཡོད་པ་ལྟར། འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་གནང་ཡོད་པ་རེད།
དྷ་སའི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཟ་འབྲུ་དང་འགྲིམ་འགྲུལ་བློན་ཆེན་བཅས་ཀྱིས་འཁྲུངས་སྐོར་སྲུང་བརྩི་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད།
སྲིད་སྐྱོང་གིས་བཀའ་ཤག་གི་གཏམ་བཤད་སྒྲོགས་སྦྱང་གནང་བའི་ནང་། ༧གོང་ས་མཆོག་གི་མཛད་འཕྲིན་སྤྱི་དང་། བོད་མི་མང་ལ་བཀའ་དྲིན་ཆེ་སྐོར་འཁོད་འདུག་ལ། དེ་བཞིན་བཀའ་རྗེས་དྲན་དགོས་སྐོར་འཁོད་དོན། “ཕྱི་ལོ་ ༢༠༡༤ འདི་བཞིན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་ རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཆེ་རིགས་ ༢༡ དང་། ནང་ཚན་ལས་རིམ་ཆུང་གྲས་ ༣༠༠ ཙམ་གཏན་འབེབས་དང་སྦྲགས་ལོ་འཁོར་མོའི་རིང་སྲུང་བརྩི་ཞུས་དང་ཞུ་བཞིན་པ་ཡིན་ ཞིང་། ལོ་རྗེས་མའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བོད་ལུགས་འཁྲུངས་ཚེས་བོད་ ཟླ་ ༥ ཚེས་ ༥ དང་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་མཛད་སྒོའི་སྐབས་དང་བསྟུན་ནས་གཞུང་འབྲེལ་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་འཐུས་ཀྱི་བཀའ་བཞེས་སྤྱི་སྩལ་བྱུང་བ་བཞིན་གོ་སྒྲིག་ཞུ་བཞིན་ཡོད་”ཅེས་འཁོད་འདུག

_MG_8719དེ་བཞིན་གཏམ་བཤད་དེའི་ནང་། བོད་རྒྱའི་དབར་གྱི་གནད་དོན་འདི་བཞིན་རྒྱ་ནག་གཞུང་དང་མཉམ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་སྟབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཕྱོགས་ཐམས་ཅད་ནས་དངོས་ཡོད་གནས་སྟངས་དང་འཚམས་པའི་སྲིད་བྱུས་བཟང་ཤོས་ཡིན་པ་མ་ཟད། བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་ལྡན་པ་ཞིག་ཡིན་པར་སོང་། རྒྱ་ནག་གཞུང་གི་འགོ་འཁྲིད་གསར་པ་ཚོས་སྲིད་བྱུས་འདིའི་གཉིས་ཕན་གྱི་རང་བཞིན་གང་མྱུར་ངོས་འཛིན་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།
དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞིས་བྱེས་བོད་མིའི་རྒྱབ་སྐྱོར་ཤུགས་ཆེ་ཡོད་མུས་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག དེ་བཞིན་རྒྱ་རིགས་མང་ཚོགས་བཅས་ཀྱི་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་པ་ཡིན་ཞིང་། སླད་མར་ཡང་རྒྱབ་སྐྱོར་གྱི་གནས་ཚད་སྔར་ལྷག་ཡར་རྒྱས་གོང་འཕེལ་ཡོང་ཆེད་དབུ་ མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་འགོ་ ཚུགས་ཟིན་པའི་ཁོངས་ཀྱི་ཆ་ཤས་སུ། སྐད་རིགས་འདྲ་མིན་ཐོག་དབུ་མའི་ལམ་སྐོར་དྲྭ་རྒྱ་གསར་བཟོ་ཞུས་པའི་ནང་དབུ་མའི་ལམ་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་དང་བཀའ་སློབ་ཁག་ལྟ་བདེ་ཡོང་ཆེད་ཟུར་འཇོག་ཞུས་ཡོད། དེ་མཚུངས་བཀའ་བློན་དང་དྲུང་ཆེ་རྣམ་པ་ས་གནས་ཆ་བགོས་ཀྱིས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་ཆེད་ཕེབས་ཀྱིས་མང་ཚོགས་ཁྲོད་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུའི་ལས་གཞི་རིང་མིན་སྤེལ་རྒྱུ་ཡིན་ན་ཚང་མས་མཉམ་ཞུགས་གནང་བའི་རེ་བ་ཡོད།”ཅེས་སོགས་འཁོད་འདུག

_MG_8944དེ་བཞིན་གཏམ་བཤད་ནང་དོལ་རྒྱལ་གྱི་སྐོར་འཁོད་དོན། “༧གོང་ས་མཆོག་ནི་འཛམ་གླིང་ནང་པ་ཡོངས་ཀྱིས་གུས་བཀུར་ལམ་སྟོན་ཞུ་ཡུལ་དང་ཡོངས་རྫོགས་བསྟན་པའི་མངའ་བདག་ཆེན་པོར་གྱུར་པ་སོགས་ཕྱོགས་དང་རིས་སུ་མ་ཆད་པའི་བསྟན་འགྲོའི་མཛད་པ་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པ་མ་ཟད། སྔོན་བྱོན་རིས་མེད་སྐྱེས་ཆེན་ཚད་ཐུབ་དུ་མས་དམ་བསྒྲགས་མཛད་པ་དང་རྗེས་སུ་མཐུན་པར་བསྟན་པ་དག་ཐེར་གྱི་མཛད་པ་ཁོ་ནར་དགོངས་ཏེ་དོལ་རྒྱལ་སྐོར་བླང་དོར་བཀའ་སློབ་བཀའ་དྲིན་བསྐྱངས་པར། བོད་རྒྱུད་ནང་བསྟན་རྗེས་འབྲང་པ་ཡོངས་ཀྱིས་རྒྱུ་མཚན་ཤེས་པའི་སྒོ་ནས་སྤང་བླང་འཇུག་ལྡོག་མ་ནོར་བ་ཞུ་བཞིན་པ་དེ་ལྟར་ཡང། མ་རུང་ཁོག་བཅངས་ཀྱི་སྐྱེ་བོ་རེ་ཟུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོར་གོ་བ་ ལོག་སྒྲུབ་ཞུ་ཐབས་བྱེད་པ་ནི་ཉི་ཤར་སྦར་མོས་བཀག་ཐབས་བྱེད་པ་ལས་མ་འདས། ལྷག་པར་བར་སྐབས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དྲིན་བསམ་ཤེས་མེད་པར་ གཞི་རྩ་ཡེ་ནས་བྲལ་བའི་མཚན་སྨད་དང་། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བ་སོགས་ཁ་ལ་འཁྱེར་ཏེ་ཕ་རོལ་པོའི་ གཡོ་བྱུས་འོག་ཚུད་པའི་ཆབ་སྲིད་ཀྱི་ལས་འགུལ་མངོན་གསལ་དོད་པོའི་སྒོ་ནས་སྤེལ་ བཞིན་པ་རྣམས་ཚང་མས་ངོས་འཛིན་མ་ཐུབ་པ་མེད་ཀྱང། སྤྱི་སྒོས་བསྟན་འགྲོའི་འཕྲལ་ཕུགས་ཁེ་གྱོང་སྤྱི་དང་། ཁྱད་པར་བོད་མི་རིགས་ཆགས་འཇིག་གི་མཚམས་སུ་སླེབས་པའི་དུས་སྐབས་འདིར་ཚང་མས་ དྲན་ཤེས་བག་ཡོད་བརྟན་པོའི་སྒོ་ནས་སྤང་བླང་འཇུག་ལྡོག་མ་ནོར་བ་བྱ་གལ་ཆེ་བའི་དྲན་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན།”ཞེས་སོགས་འཁོད་འདུག
བོད་མི་མང་སྤྱི་འཐུས་ཀྱི་གཏམ་བཤད་ནང་༧གོང་ས་མཆོག་གིས་བོད་བཅོས་བསྒྱུར་སྐོར་གྱི་མཛད་འཕྲིན་ཁག་ཅིག་འཁོད་དོན། བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་འགྲོ་ལུགས་གང་ཅི་རང་དབང་མང་གཙོར་འགྱུར་ཐབས་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་བཙུགས་གནང་ཐོག་བུན་རྙིང་རྩ་ཆག་གནང་བས་མཚོན།  ཆབ་འབངས་རྣམས་བདེ་ཐབས་འཚོ་སྐྱོང་སོགས་དུས་བསྟུན་ལེགས་ཆའི་བསྒྱུར་བཀོད་ཕྱག་བཞེས་གནང་།  འོན་ཀྱང་།  རྒྱ་དམར་དབང་ཤུགས་ཀྱིས་བོད་ས་ཡོངས་རྫོགས་བཙན་འོག་ཏུ་ཚུད་དེ།   ཕྱི་ལོ་༡༩༥༩  ལོར་ཁྱིམ་མཚེས་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་མ་ཕེབས་ཐབས་མེད་བྱུང་བ་དང་།  རིང་པོར་མ་ཐོགས་པར་གང་ལ་རེ་བའི་མིག་འབུར་གཏད་དེ་ཕེབས་ཞབས་སུ་སྙེགས་པའི་སེར་སྐྱ་ཕོ་མོ་རྒན་བྱིས་ཁྲི་ཕྲག་མང་པོ་འཕགས་པའི་ཡུལ་འདིར་མི་འཇིགས་པ་སྐྱབས་ཀྱི་ སྦྱིན་པས་དབུགས་དབྱུང་ཞིང་།  ཟས་གོས་གནས་མལ་གྱིས་མི་ཕོངས་པའི་ཁར་མ་འོངས་བསྟན་པའི་མེ་རོ་སླར་གསོའི་དམིགས་རྟེན་ཆོས་བརྒྱུད་ཆེན་པོ་བཞི་བོན་དང་བཅས་པར་རང་རང་སོ་སོའི་བཀའ་སྲོལ་ཆོས་སྤྱོད་ཉམས་བཞེས་བཤད་སྒྲུབ་ཀྱི་བྱ་བ་ཐམས་ཅད་ཉམས་མེད་རྒྱུན་འཛིན་ཐུབ་ཐབས་ཀྱི་བསྟི་གནས་དང་།  ལྷག་པར་བོད་ལྗོངས་བསྟན་སྲིད་ཀྱི་བདེ་རྩ་མགོན་པོ་གང་གི་ཡང་དག་པའི་དབུ་ཁྲིད་འོག  བྱེས་འབྱོར་གཞུང་གི་སྒྲིག་འཛུགས་དང་།  ཆོས་དང་།  རིག་གཞུང་སློབ་ཁང་།  ཉམས་ཞིབ་སྡེ་ཚན།  གཞིས་ཆགས།  སློབ་གྲྭ། ལག་ཤེས་བཟོ་རིགས།  ཚོང་འཁོས་འདུ་འགོད་སོགས་རྒྱ་ཆེ་མུ་མེད་ཀྱི་ལས་དོན་དུ་མ་ཞིག་རང་ཡུལ་ཕྲ་ཚུགས་ཡོད་པའི་དུས་སྐབས་ལས་ཀྱང་ལྷག་པ་ལྟ་བུའི་མཛད་བཟང་གི་བཀའ་དྲིན་ཟླ་མེད་པར་སྐྱོང་བར་མཛད།”ཅེས་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་དང་། བོད་རྒྱ་ཞི་མོལ་ཡོང་ཐབས་གནང་སྐོར་སོགས་འཁོད་འདུག

དེ་བཞིན་གཏམ་བཤད་དེའི་ནང་“མགོན་པོ་གང་ཉིད་ནས་ཀྱང་ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་བརྟགས་པ་མཐིལ་ཕྱིན་གནང་པའི་དོན་སྙིང་བྱམས་བརྩེ་གཟིགས་པ་ཆེན་པོས་བླང་དོར་ལམ་སྟོན་མཛད་པར་ བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་མ་ཟད།    བོད་མི་ཕལ་མོ་ཆེས་ཞུ་སྒོ་འཛོལ་མེད་ཚུལ་བཞིན་ཞུ་བཞིན་ཡོད་པ་དང་།  ད་དུང་རྨོངས་ཞེན་ཧ་ཅང་ཆེ་བའི་སྐྱེ་བོ་རྣམས་ཀྱང་བླང་དོར་མི་འཕྱུག་པ་འབྱུང་ཐབས་སོགས་ཀྱི་སླད།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༦  དང་།  ༡༩༩༧།  ཡང་ཕྱི་ལོ་ ༢༠༠༨  དང་། ལྷག་པར་དུ།  རྒྱ་གཞུང་གིས་སྲིད་དོན་གྱི་ལག་ཆར་དངུལ་དངོས་ཀྱིས་མགོ་སྐོར་བསླུ་བྲིད་འོག་ ཚུད་པ་རེ་ཟུང་གིས་རང་ཉིད་མ་ཟད།  མི་རིགས་གཞན་ལའང་བརྒྱུད་བསྐུལ་བཅས་ཀྱི་ལམ་ནས་རྒྱལ་སྤྱིའི་ནང་གོ་སྐབས་འདྲ་ མིན་བཟུང་སྟེ།  ༸གོང་ས་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན་བཟོ་སླད་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་བཞིན་པར།  ཕྱི་ལོ་  ༢༠༡༤ ཟླ་ ༣ ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་བཞག་པའི་ དགོངས་དོན་རྒྱ་ཆེའི་མང་ཚོགས་ནས་དུས་རྟག་ཏུ་ཐུགས་སྣང་ཐོག་སྐུ་ཕྱྭའི་ཐད་མི་ རེ་ངོ་རེས་སྔར་ལྷག་ཐུགས་སྣང་ཆེན་པོས་རྫི་གསང་དོད་པོ་གནང་དགོས་པའི་འབོད་ སྐུལ་ཞུ་རྒྱུ་ཡིན།”ཞེས་སོགས་འཁོད་འདུག
མཇུག་ཏུ་བོད་པ་དང་རྒྱ་གར། བལ་ཡུལ་བཅས་ཀྱི་སློབ་མ་ཚོས་གཞས་སྣ་འཁྲབ་སྟོན་བྱས་པ་དང་། ཉིན་དེའི་མཛད་སྒོ་གྲོལ་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *