༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བ་དེར་ཞི་བདེའི་ལྷན་ཚོགས་ཐོག་ངོ་རྒོལ་གནང་སྲིད།
ཟླ་འདིའི་ཚེས་༥ ཉིན་ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་གིས་༸གོང་ས་མཆོག་ལ་ཐོངས་མཆན་འབུལ་རྒྱུའི་ཐད་དྲང་བདེན་མིན་པའི་ཐབས་ལམ་ལག་བསྟར་གནང་སོང་ཞེས་ཡུལ་དེའི་ཀེབ་ ཊ་ཨོན་གྲོང་སྡེའི་སྤྱི་ཁྱབ་པ་(Mayor of Cape Town City) པེ་ཊི་ཤི་ཡ་ཌི་ལི་ལིས་ (PATRICIA DE LILLE) གསར་འགོད་བསྒྲགས་གཏམ་སྤེལ་ཡོད་པ་རེད།
ཟླ་འདིའི་ཚེས་༥ ཉིན་ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་གིས་༸གོང་ས་མཆོག་ལ་ཐོངས་མཆན་འབུལ་རྒྱུའི་ཐད་དྲང་བདེན་མིན་པའི་ཐབས་ལམ་ལག་བསྟར་གནང་སོང་ཞེས་ཡུལ་དེའི་ཀེབ་ ཊ་ཨོན་གྲོང་སྡེའི་སྤྱི་ཁྱབ་པ་(Mayor of Cape Town City) པེ་ཊི་ཤི་ཡ་ཌི་ལི་ལིས་ (PATRICIA DE LILLE) གསར་འགོད་བསྒྲགས་གཏམ་སྤེལ་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག གསལ་འགོད་བསྒྲགས་གཏམ་དེ་སྤེལ་བའི་ནང་འཁོད་དོན། ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་འབུལ་རྒྱུའི་ཐད་དྲང་བདེན་གནང་མེད། ཀེབ་ཊ་ཨོན་གྲོང་ཁྱེར་གྱིས་འདིར་ནན་བརྗོད་ཞུ་རྒྱུར། ཐེངས་འདིར་ལྷོ་ཨ་ཧྤི་རི་ཀའི་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་འབུལ་ལམ་ཞུས་མེད་ཀྱང་། ཁུལ་འདིར་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཐེངས་བཅུ་བཞི་པ་(14th World Summit of Nobel Peace Laureates) གྲ་སྒྲིག་སྔོན་སོང་ལྟར་འཚོག་རྒྱུ་ཡིན།
ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཧྥི་རི་ཀའི་ནང་ཆིབས་བསྒྱུར་སྐྱོད་ཆེད་ཐོངས་མཆན་ཞུ་རྒྱུའི་གནད་དོན་དང་འབྲེལ་བའི་སྐོར་ལ་འདྲི་རྩད་བྱས་ཀྱང་། ད་བར་དགའ་ལྡན་ཕོ་བྲང་ཡིག་ཚང་དང་རང་གཞུང་ཕྱི་སྲིད་ལས་ཁུངས་(Department of International Relations and Cooperation) (DIRCO) གཉིས་ཀས་ཡིག་ཐོག་ནས་བཀའ་ལན་གང་ཡང་འབྱོར་མ་བྱུང་། འོན་ཀྱང་ཡུལ་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ཀྱི་གཙོས་དྷ་སར་འབྲེལ་ཡོད་རྣམས་དང་རིམ་བཞིན་བཀའ་བསྡུར་གནང་སྐབས། རང་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དོན་ཁང་ལ་འབྲེལ་བ་གནང་སྟེ། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེངས་འདིར་ནོ་སྦེལ་ཞི་བདེའི་ལྷན་ཚོགས་སུ་ཆིབས་བསྒྱུར་སྐྱོང་ཆེད་ཐོངས་མཆན་ཞུས་པ་ཡིན་ན། ལྷོ་ཨ་ཧྥི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་དོ་ཕོག་མི་ཡོང་སླད། ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་གིས་ཐོངས་མཆན་འབུལ་རྒྱུ་མིན་ཚུལ་བརྗོད་འདུག་པ་དེ་ནི་ཧ་ཅང་གསལ་པོ་ཆགས་སོང་།
དེར་བརྟེན་ལྷོ་ཨ་ཧྥི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་ཁ་སེང་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་འབུལ་རྒྱུའི་ཐད་ང་ཚོས་ རྒྱུན་ལྡན་གྱི་ལམ་ལུགས་ཐོག་འགྲོ་བཞིན་ཡོད། ཅེས་གསུངས་པ་འདི་ཆ་ཚང་རྫུན་རེད། དངོས་ཡོད་གནས་ཚུལ་ནི། རང་གཞུང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དོན་ཁང་ལ་ཞལ་པར་བརྒྱུད། གལ་ཏེ་ཐོངས་མཆན་ཞུས་ཚེ་ཐོངས་མཆན་འབུལ་ལམ་ཞུ་རྒྱུ་མིན་པའི་རྣམ་འགྱུར་གསལ་པོ་བསྟན་འདུག དེར་བརྟེན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་ལ་མཛད་དཀའ་མི་ཡོང་ཆེད་ཐོངས་མཆན་ཞུ་རྒྱུའི་འཆར་གཞི་ཡོད་པ་དེ་ཕྱིར་འཐེན་མཛད་དགོས་བྱུང་འདུག
རང་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་གནང་ཕྱོགས་འདི་ནི་ཧ་ཅང་སྐྱུག་བྲོ་དགོས་པ་ཞིག་ཡིན་པ་མ་ཟད། ཐེངས་འདིའི་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཀྱི་བརྗོད་གཞི། ལྷོ་ཨ་ཧྥི་རི་ཀའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༢༠ འཁོར་བ་དང་སྐུ་ཞབས་ནེལ་སན་མན་ཌེ་ལ་དམ་པའི་བྱས་རྗེས་སྲུང་བརྩི་ཞུས་པ། ཞེས་པ་འདི་དང་ཡོངས་སུ་རྒྱབ་འགལ་འགྲོ་ངེས་རེད།
སྐུ་ཞབས་དམ་པ་ནེལ་སན་མན་ཌེ་ལ་གཙོས་ཡུལ་འདིའི་རྒྱལ་གཅེས་པ་ཧ་ཅང་མང་པོས་བློས་གཏོང་ཆེན་པོས་འཐབ་རྩོད་གནང་བའི་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་དག་ད་ཆ་ཚོང་གི་ཁེ་ཕན་དང་བརྗེ་ལེན་བྱེད་བཞིན་པའི་དུས་སྐབས་འདི་ནི། ལྷོ་ཨ་ཧྥི་རི་ཀའི་ལོ་རྒྱུས་ཐོག་མུན་ནག་གི་ཉིན་མོ་ཞིག་ཆགས་རྒྱུ་རེད།
མན་ཌེ་ལ་ (The Mandela) དང་ལུ་ཐུ་ལི་(Luthuli) ཌི་ཀ་ལག་(De Klerk) ཊུ་ཊུ་ཐེབས་རྩ་ཁང་(Tutu Foundations) བཅས་ནས་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་སྐུ་ཞབས་ཛུ་མ་ (Zuma) མཆོག་ལ་སྙན་ཞུ་ཕུལ་བ་བརྒྱུད། ཐོངས་མཆན་གྱི་གནད་དོན་ཐོག་སྲིད་འཛིན་གྱིས་བར་གྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་འབུལ་ལམ་ཞུ་ཐབས་གནང་སྟེ་ནོ་སྦེལ་ཞི་བདེའི་ལྷན་ཚོགས་སུ་གདན་འདྲེན་ཞུ་ཐུབ་པ་གནང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་མ་ཟད། དེ་སྔ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ནང་ནས་ཁག་གཅིག་དེ་སྔ་རྒྱལ་ཁབ་ཀྱི་སྲིད་འཛིན་ཡང་གནང་མྱོང་མཁན་ཁོང་རྣམ་ནས་སྲིད་འཛིན་ཛུ་མ་མཆོག་ལ་སྙན་ཞུ་ཕུལ་བ་བརྒྱུད་འབོད་སྐུལ་ཞུ་རྒྱུ་དང་། འབོད་སྐུལ་གྱི་སྙན་ཞུ་དེར་མཚན་རྟགས་བཀོད་ཟིན་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ནི་པོ་ལེན་ཌིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེག་ཝ་ལེ་ ས་(Lech Walesa) མཆོག་དང་མེ་རེ་ཌི་ཀོ་རི་གན་མ་གུ་རེ་(Mairead Corrigan Maguire) མཆོག མོ་ཧཱ་མ་དི་ཡུ་ནུ་སུ་(Muhammad Yunus) མཆོག ཇུ་ཌི་ཝིལ་ཡེམ་སི་(Jody Williams) མཆོག བྷེ་ཊི་ཝིལ་ཡེམ་སི་(Betty Williams) མཆོག ཏ་ཝ་ཀུལ་ཀར་མན་(Tawakkul Karman) མཆོག ལེ་མ་ཇི་བྷོ་ཝེ་ (Leimah Gbowee) མཆོག ཡི་ཤུའི་ཆོས་དཔོན་ཀར་ལོ་སི་ཕི་ལི་པི་ཛི་མེ་ནེ་སི་བྷེ་ལོ་ (Bishop Carlos Filipe Ximenes Belo) མཆོག བཅས་ཡིན་འདུག
གལ་ཏེ་ཐེངས་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མཆོག་ལ་ཐོངས་མཆན་འབུལ་ལམ་མ་ཞུས་པ་ཡིན་ན། ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གནང་ཕྱོགས་དེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམ་པས་ལྷན་ཚོགས་ དང་སྟབས་བསྟུན་ངོ་རྒོལ་ཤུགས་ཆེ་གནང་སྲིད། ཅེས་གསལ་བསྒྲགས་ནང་འཁོད་ཡོད་པ་རེད།།
ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་གིས། “ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་འདི་ལོ་ལྷོ་ཨཕྷ་ རི་ཀར་ཆིབས་བསྒྱུར་བསྐྱང་རྒྱུ་ཕྱིར་འཐེན་ཡོང་བའི་རེ་འདུན་ཞུས་པ་ལས་ཐོངས་ མཆན་མི་འབུལ་རྒྱུའི་ཐག་གཅོད་བྱས་མེད་སྐོར་བརྒྱུད་ལམ་དུ་འགྲེལ་བརྗོད་གནང་འདུག དོན་གཅོད་བསྟན་པ་ཚེ་རིང་དང་། ལྷོ་ཨ་ཧྥི་རི་ཀའི་གཞུང་ཚབ་ཆེན་མོ་དང་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་ཁག་གཅིག་ཟླ་འདིའི་ཚེས་༦ ཉིན་མཇལ་འཕྲད་སྐབས། ལྷོ་ཨ་ཧྥི་རི་ཀའི་གཞུང་ཚབ་ཆེན་མོ་སྐུ་ཞབས་(France K Morule) གྱིས་ལྷོ་ཨ་ཧྤི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་དགའ་བསུ་མ་ཞུས་པ་རྩ་བ་ནས་མིན་ཞེས་དང་། ཏཱ་ལའི་བླ་མ་མཆོག་དེ་སྔ་ཡང་ལྷོ་ཧྥི་རི་ཀར་ཆིབས་བསྒྱུར་གནང་ཡོད་ལ། ལྷོ་ཨ་ཧྥི་རི་ཀའི་ངོས་ནས་ཏཱ་ལའི་བླ་མ་མཆོག་ལ་ཆེ་མཐོང་ཆེན་པོ་ཡོད་པ་མ་ཟད། ཁོང་ནི་ནོ་སྦེལ་ཞི་བདེའི་བྱ་དགའ་མཁན་ཞིག་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་གི་ངོ་བོའི་ཐོག་ནས་ང་ཚོས་གུས་བརྩི་དང་ཆེ་མཐོང་ཆེན་པོ་ཞུ་གི་ཡོད་ཅེས་ཡོད་གསུངས་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༣།༡༥ བར་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊ་ཨོན་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་ བཞེས་མྱོང་མཁན་རྣམས་ཀྱི་ཞི་བདེའི་ལྷན་ཚོགས་འཚོགས་རྒྱུ་ཡིན་འདུག