བལ་ཡུལ་ས་ཡོམ་གྱི་རྐྱེན་པས་རི་བོ་ཧི་མ་ལ་ཡ་རྨི་གཅིག་གི་དམའ་རུ་ཕྱིན།
ཟླ་འདིའི་ཕྱི་ཚེས་༡༡ ཉིན་BBC གསར་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན། ཚན་རིག་པས་སྲུང་སྐར་པར་རིས་ལས་ཕྱི་ཟླ་ ༤ པའི་མཇུག་ཏུ་བལ་ཡུལ་ལ་ས་ཡོམ་བརྒྱབ་པའི་རྗེས། རི་བོ་ཧི་མ་ལ་ཡ་རྨི་གཅིག་གིས་དམའ་རུ་ཕྱིན་པ་མཐོང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༡ ཉིན་BBC གསར་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན། ཚན་རིག་པས་སྲུང་སྐར་པར་རིས་ལས་ཕྱི་ཟླ་ ༤ པའི་མཇུག་ཏུ་བལ་ཡུལ་ལ་ས་ཡོམ་བརྒྱབ་པའི་རྗེས། རི་བོ་ཧི་མ་ལ་ཡ་རྨི་གཅིག་གིས་དམའ་རུ་ཕྱིན་པ་མཐོང་ཡོད་འདུག
ཚན་རིག་པའི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། བལ་ཡུལ་གྱི་ལང་ཐང་རི་རྒྱུད(Langtang Himal)དམའ་རུ་སོང་བ་ཆེས་མངོན་གསལ་དོད་པོ་ཡིན་པ་དང་། ཐེངས་འདིའི་ཤུགས་རྐྱེན་ཐེབས་ཡུལ་དྲང་ཐིག་གིས་འཇལ་ན་སྤྱི་ལེ ༨༠ ནས ༡༠༠ བར་བརྐྱངས་ཡོད། ས་ཤུན་འགུལ་སྐྱོད་ཀྱིས་ས་ཡོམ་ཁྲོད་བརྡིབས་པའི་ས་དག་རིམ་བཞིན་ཁ་གསབ་ཀྱིས་སྔོན་མ་བཞིན་ཆགས་སྲིད་སྐོར་བརྗོད་འདུག
དེ་བཞིན་གསར་ལམ་ཁག་ཏུ། ཕྱི་ཟླ ༤ པའི་ཚེས ༢༥ ཉིན་བལ་ཡུལ་ས་ཡོམ་ཚད་རིམ་༧.༩ ཅན་ཞིག་བརྒྱབ་པའི་གོད་ཆག་ཁྲོད། ད་ལྟའི་ཆར་ཤེས་རྟོགས་བྱུང་བ་ལྟར་ན། མི ༨༠༡༠ རྐྱེན་འདས་དང་། མི ༡༨༩༤༦ ལ་རྨས་སྐྱོན་ཕོག་ཡོད་འདུག འདི་ནི་དེ་སྔར་ཕྱི་ལོ་༡༩༤༣ ལོར་ས་ཡོམ་དྲག་པོ་བྱུང་རྗེས་ཀྱི་ཤི་རྨས་ཆེས་ཚབས་ཤོས་དེ་ཡིན་པ་དང་། ལང་ཐང་རི་ཚོགས་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཀྲུ་དང་ཆེས་ཉེ་བའི་གངས་རི་ཡིན་ལ། རི་འཛེགས་པའི་ས་ཚིགས་ལང་མང་གྲོང་ཐེངས་འདིའི་ས་ཡོམ་ཁྲོད་རྩ་མེད་ལྟ་བུ་གྱུར་ཡོད་པ་མ་ཟད། དེ་ནས་འཚོལ་ཞིབ་པས་ཉུང་མཐར་ཡང་ཕུང་པོ ༥༡ རྙེད་ཡོད་འདུག
ཕྱི་ཟླ ༥ པའི་ཚེས ༡༡ གི་སྔ་དྲོའི་ཆུ་ཚོད་༡༡ ཙམ་ལ་གསར་ལམ་ཁག་ཏུ་བལ་ཡུལ་གཞུང་གིས་བསྒྲགས་པའི་ཡིག་ཆའི་ནང་འཁོད་པ་ལྟར་ན། ཐེངས་འདིའི་ས་ཡོམ་ཁྲོད་མི ༨༠༡༩ རྐྱེན་འདས་དང་། མི ༡༧༨༦༦ ལ་རྨས་སྐྱོན། ཁྱོན་མི་གྲངས ༢༧༠༠ ཡོད་པའི་རྒྱལ་སྤྱིའི་རུ་ཁག ༨༥ རྒུད་སྐྱོབ་ལས་དོན་ཁྲོད་མཉམ་ཞུགས་བྱས་པའི་གནས་ཚུལ་བཀོད་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།