༸གོང་ས་མཆོག་གི་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་དེ་དཀྲོག་གཏམ་རེད།
ཟླ་འདིའི་ཚེས་༢༡ ཉིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་གྱིས་ཉེ་ཆར་རྒྱ་གར་གྱི་གསར་ལམ་ཁག་གཅིག་གིས་༸གོང་ས་མཆོག་བར་ལམ་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་བཀོད་པ་མ་ཟད། ལྡི་ལིར་སྨན་ཁང་ལ་ཆིབས་སྒྱུར་བསྐྱངས་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་བ་དེ་བདེན་པ་མིན་སྐོར་འགྲེལ་བརྗོད་གནང་འདུག
ཟླ་འདིའི་ཚེས་༢༡ ཉིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་གྱིས་ཉེ་ཆར་རྒྱ་གར་གྱི་གསར་ལམ་ཁག་གཅིག་གིས་༸གོང་ས་མཆོག་བར་ལམ་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་བཀོད་པ་མ་ཟད། ལྡི་ལིར་སྨན་ཁང་ལ་ཆིབས་སྒྱུར་བསྐྱངས་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་བ་དེ་བདེན་པ་མིན་སྐོར་འགྲེལ་བརྗོད་གནང་འདུག
དྲུང་ཆེ་འཆི་མེད་རིག་འཛིན་གྱིས་གསུང་དོན། ཉེ་ཆར་རྒྱ་གར་གྱི་གསར་ལམ་ཁག་གཅིག་གིས་༸གོང་ས་མཆོག་བར་ལམ་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་བཀོད་པ་མ་ཟད། ལྡི་ལིར་སྨན་ཁང་ལ་ཆིབས་སྒྱུར་བསྐྱངས་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་ཡོད་འདུགསྤྱིར་བཏང་བརྒྱུད་ལམ་མང་པོ་ཡོད་ཀྱང་གནས་ཚུལ་དེ་ནི་དཀྲོག་གཏམ་ལ་དགའ་བ་དང་། ཆ་འཇོག་མེད་པའི་གསར་ལམ་ཆུང་ཁག་གཅིག་གིས་སྤེལ་ཡོད་འདུག འོན་ཀྱང་ང་ཚོས་གསལ་པོ་ཤེས་དགོས་པ་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་པ་མ་ཟད། ལ་དྭགས་སུ་དུས་དབང་གྲུབ་མཚམས་ཕྱི་ཚེས་༡༧ ཉིན་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཏེ། ཉིན་ཤས་རིང་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཀྱིས་གཙོས་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད་མ་གཏོགས། སྨན་ཁང་ལ་ཆིབས་སྒྱུར་བསྐྱངས་དགོས་པའི་སྙུང་གཞི་མེད་པར་བརྟེན་གནས་ཚུལ་དེ་ནི་དཀྲོག་གཏམ་ཁོ་ན་ཆགས་ཡོད། དེར་བརྟེན་བོད་མིས་གཙོས་འཛམ་གླིང་དད་ལྡན་མང་ཚོགས་ཚང་མ་བློ་བདེ་པོ་བྱས་ཏེ་བཞུགས་རོགས་གནང་ཞུ་རྒྱུ་ཡིན།”ཞེས་གསུངས་འདུག
དེ་བཞིན་ཁོང་གིས་ལ་དྭགས་སུ་༧གོང་ས་མཆོག་ཡར་མར་ལ་ཕེབས་སྐབས། སྐུའི་ཉེན་སྲུང་སོགས་ཚགས་ཚུད་ཡོད་སྐོར་འགྲེལ་བརྗོད་གནང་འདུག
དྲུང་ཆེ་འཆི་མེད་རིག་འཛིན་གྱིས་༧གོང་ས་མཆོག་གི་མཛད་འཆར་སྐོར་ངོ་སྤྲོད་གནང་དོན། “ལྷག་པར་དུ་༧གོང་ས་མཆོག་གིས་ཕྱི་ཟླ་༨ ཚེས་༢༣ ཉིན་ཇར་མན་དུ་འཇིག་རྟེན་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཇར་མན་ (Germany) གྱི་གྲོང་ཁྱེར་ཧམ་བྷར་གྷ་ (Hamburg) ནང་འཇིག་རྟེན་བཟང་སྤྱོད་ཀྱི་འགོ་བརྗོད་འོག་མི་སོ་སོའི་རང་བཞིན་ལྷན་སྐྱེས་ཀྱི་ཡ་རབས་གཤིས་བཟང་རྣམས་ཀྱི་རིན་ཐང་། ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་༢༤ ནས་༢༦ ཉིན་སྤྱོད་འཇུག་གི་གསུང་ཆོས་དང་སྤྱན་རས་གཟིགས་ཀྱི་དབང་། ཕྱི་ཚེས་༢༤ ནས་༢༥ ཉིན་གཉིས་ཀྱི་རིང་ཇར་མན་གྱི་གྲོང་ཁྱེར་ཧམ་བྷར་གྷ་ནང་སྤྱོད་འཇུག་གི་གསུང་ ཆོས་སྩལ་རྒྱུ་དང་། ཕྱི་ཚེས་༢༦ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་དབང་སྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་རང་སོར་གནས་ཡོད་”ཅེས་འགྲེལ་བརྗོད་གནང་འདུག །