ཨ་རིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་བོད་ཀྱི་ཆོས་དད་རང་དབང་སྐོར་འཁོད་འདུག
རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐད་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་ཕྱི་ལོ་༢༠༡༤ ཕྱི་ཟླ་ ༧ ཚེས་ ༢༨ཉིན་བཏོན་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༣ལོའི་རྒྱལ་སྤྱིའི་ནང་གི་ཆོས་དད་རང་དབང་ཐད་ལོ་འཁོར་སྙན་ཐོའི་ནང་བཀོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐད་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་ཕྱི་ལོ་༢༠༡༤ ཕྱི་ཟླ་ ༧ ཚེས་ ༢༨ཉིན་བཏོན་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༣ལོའི་རྒྱལ་སྤྱིའི་ནང་གི་ཆོས་དད་རང་དབང་ཐད་ལོ་འཁོར་སྙན་ཐོའི་ནང་བཀོད་ཡོད་པ་རེད།
དེ་ཡང་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་གསལ་ལྟར་ན།ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇཱོན་ཀེ་རིས་ (John Kerry) གསལ་བསྒྲགས་གནང་བའི་གནང་བའི་སྙན་ཐོའི་ནང་རྒྱ་ནག་གིས་བོད་ཀྱི་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱས་པའི་སྐོར་འཁོད་དོན།རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་ཀྱི་གནས་བབ་སྐྱོ་བོའི་ངང་གནས་ཡོད་པ་མ་ཟད།བོད་མི་ཚོའི་ཆོས་ཕྱོགས་ཉམས་ལེན་གྱི་བྱེད་སྒོའི་ཐོག་ཡོངས་ཁྱབ་ཐོག་ནས་དམ་དྲགས་ཆེན་པོ་བྱེད་བཞིན་ཡོད།རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་གིས་བོད་མི་ཚོར་དཀའ་སྡུག་ཚད་མེད་བཟོ་བཞིན་ཡོད།དེ་བཞིན་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཏུ་བོད་མི་ཚོས་ཆོས་ལུགས་ཀྱི་ངོ་བོའི་ཐོག་ནས་ལས་རིགས་དང་། ཚོང་ལས།འགྲིམ་འགྲུལ་སོགས་ཀྱི་བྱ་གཞག་སྤེལ་སྐབས་བོད་མི་ཚོར་མཐོང་ཆུང་དང་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད།ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་གླེང་སྟེགས་འདྲ་མིན་ཐོག་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་དགོས་པ་དང་།ཆོས་ལུགས་དར་སྤེལ་དང་ཉམས་ལེན་གྱི་ལས་གཞིར་བཀག་འགོག་མི་བྱེད་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་མ་ཟད།ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་དོན་ཕན་སོན་པའི་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་དུས་མཚུངས། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་།སྐད་ཡིག་བཅས་པར་ཉེན་ཁ་བཟོ་བཞིན་པའི་སྲིད་བྱུས་ཁག་ལ་བསམ་ཞིབ་བྱེད་དགོས་ཤིང་།སྲིད་བྱུས་འདི་རིགས་ནི་བོད་མི་ཚོའི་སེམས་ནང་དཀའ་སྡུག་བཟོ་བའི་རྒྱུ་རྐྱེན་གཙོ་གྲས་ཤིག་ཡིན་སྐོར་སོགས། འཁོད་འདུག
ལྷག་པར་ལོ་འཁོར་སྙན་ཐོ་འདོན་སྤེལ་གྱི་གསར་འགོད་ལྷན་ཚོགས་ཐོགཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རིས།བོད་ནང་གི་བོད་མི་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཉར་ཚགས་བྱེད་པ་ཙམ་གྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།
དེ་བཞིན་སྙན་ཐོ་དེའི་ནང་རྒྱལ་ཁབ་འདྲ་མིན་གྱི་ཆོས་དད་རང་དབང་སྐོར་དང་། རྒྱ་ནག་ནང་ཆོས་ལུགས་རིགས་འདྲ་མིན་ཐོག་དམ་དྲགས་བྱེད་ཀྱི་ཡོད་སྐོར་འཁོད་ཡོད་པ་རེད།།