བྱང་ཆུབ་ལམ་རིམ་གསུང་ཆོས་གསལ་བསྒྲགས།
བྱང་ཆུབ་ལམ་རིམ་གསུང་ཆོས་གསལ་བསྒྲགས།
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པ་རིས་སུ་མ་མཆིས་པའི་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།
བྱང་ཆུབ་ལམ་རིམ་གསུང་ཆོས་གསལ་བསྒྲགས།
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པ་རིས་སུ་མ་མཆིས་པའི་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།
ལམ་ཙམ་དགོངས་མངའ་བཞིན་ཕྱི་ལོ་ཉིས་སྟོང་བཅུ་གཉིས་དང་བཅུ་གསུམ་བཅུ་བཞི་སོ་སོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་གནང་སྩོལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་བྱང་ཆུབ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ལས། སྔ་ལོའི་བྱང་ཆུབ་ལམ་རིམ་བཀའ་ཆོས་གནང་འཕྲོས་འདི་ལོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཁོངས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ་གནང་གཏན་འཁེལ་བ་ལྟར། བོད་ཟླ་ ༡༡ ཚེས་ ༡༠ ནས་ ༡༣ བར་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༠ ནས་ ༢༣ བར་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་རབ་གནས་དབུ་འབྱེད་མཛད་སྒོ་དང་ཚད་མ་རྣམ་འགྲེལ་གསུང་ཆོས་བསྩལ་རྒྱུ་དང་། བོད་ཟླ་ ༡༡ ཚེས་ ༡༤ ནས་ ༡༨ བར་དང་། ཕྱི་ཟླ་ ༡༢ ཚེས་ ༢༤ ནས་༢༨ བར་སྔ་ལོའི་བྱང་ཆུབ་ལམ་རིམ་བཀའ་ཆོས་གནང་འཕྲོས་ཞྭ་དམར་ལམ་རིམ་དང་། ལམ་རིམ་རྣམ་གྲོལ་ལག་བཅངས་བཅས་གནང་གཏན་འཁེལ་ཡོད་པའི་ཆོས་བརྡར།
བྱང་ཆུབ་ལམ་རིམ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༣ ལ།