གཉེན་རྩེ་སྤྲུལ་སྐུས་བོད་ཀྱི་ལུས་སྦྱོང་སློབ་ཁྲིད་གནང་འགོ་བཙུགས་འདུག

ཟླ་འདིའི་ཚེས་༡༤ ཉིན་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག གཉེན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མས་དྷ་ས་ནས་འགོ་བཙུགས་ཏེ། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྡོད་གནས་ཁག་ཅིག་ཏུ་བོད་ཀྱི་ལུས་སྦྱོང་རིག་གནས་སློབ་ཁྲིད་བྱེད་འགོ་ཚུགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༤ ཉིན་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག གཉེན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མས་དྷ་ས་ནས་འགོ་བཙུགས་ཏེ། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྡོད་གནས་ཁག་ཅིག་ཏུ་བོད་ཀྱི་ལུས་སྦྱོང་རིག་གནས་སློབ་ཁྲིད་བྱེད་འགོ་ཚུགས་ཡོད་པ་རེད།

tulkulamalobsang.org
tulkulamalobsang.org

གཉེན་རྩེ་སྤྲུལ་སྐུའི་ལུས་སྦྱོང་དེ་གཙོ་བོ་ནང་བསྟན་ཆོས་ལུགས་ཀྱི་རྩ་རླུང་དང་། འཆམ་ལ་གཞི་བཅོལ་ཏེ། ལུས་སྦྱོང་དེ་སློབ་ཀྱི་ཡོད་པ་མ་ཟད། ཁོང་གིས་བོད་ཀྱི་ལུས་སྦྱོང་རྩ་རླུང་འཁྲུལ་འཁོར་གཞི་བྱས་ཏེ། རྩ་རླུང་དྲག་རྩལ་ཞེས་པའི་དེང་རབས་ཀྱི་རལ་གྲི་དབྱུག་སྟངས་ཀྱི་རྣམ་པའི་སྒོ་ནས་“རྟོག་གཅོད་”ཅེས་པ་ཞིག་འཕྲོད་བསྟེན་ཡར་རྒྱས་ཡོང་ཆེད་དུ་གསར་བཏོད་བྱས་ཡོད་པ་རེད།

“རྐང་འགྱོགས་”ཞེས་པའི་རྒྱུགས་རྩལ་ལུས་སྦྱོང་དེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཡིན་པ་དང་། ཁོང་གིས་དེ་ལ་བསྒྱུར་བཅོས་གང་ཡང་མ་བཏང་བར་སློབ་ཁྲིད་བྱེད་ཀྱི་ཡོད་འདུག་ལ། བོད་པའི་རྒྱུགས་རྩལ་ལུས་སྦྱོང་གི་རིག་གནས་ཕྱོགས་བསྒྲིགས་ཀྱིས་སློབ་བདེ་པོ་མེད་པར་བརྟེན། ཁོང་གིས་དེའི་རིགས་ཕྱོགས་བསྒྲིགས་ཆ་ཚང་བྱས་ཡོད་པ་རེད། དེ་བཞིན་“ལས་སྦྱོང་”རྩ་རླུང་འཁྲུལ་ཁོར་ལས་སླ་རུ་བཏང་སྟེ་བཟོ་བཅོས་ཅུང་བྱས་ཡོད་པ་དང་། དེ་གཙོ་བོ་ལུས་ལ་ཕན་ཆེད་དུ་ཡིན་འདུག “རྟོག་གཅོད་”ཅེས་པ་དེ་ཁོང་གིས་འཆམ་དང་དུས་འཁོར་གྱི་འཕྲུལ་འཁོར་ལ་གཞི་བཅོལ་དེ་གསར་བཏོད་བྱས་པ་ཞིག་ཡིན་པ་དང་། གཙོ་བོ་སེམས་ལ་ཕན་ཆེད་དུ་ཡིན་འདུག

tulkulamalobsang.org
tulkulamalobsang.org

གཉེན་རྩེ་སྤྲུལ་སྐུས་གསུང་དོན། ཕྱི་རྒྱལ་ཁག་ཡར་རྒྱས་སོང་བ་དང་མཉམ་དུ་ན་ཚ་ཡང་གསར་པ་མང་པོ་ཡོད་པ་དང་། བོད་རྗེས་ལུས་ཡིན་པས། ན་ཚ་ཡང་རྗེས་ལས་རེད། ཕྱི་རྒྱལ་ཁག་ལ་གསང་བའི་ན་ཚ་གསུམ་ཟེར་བ་ཡོད་པའི་ནང་ཁེར་རྐྱང་གི་ན་ཚ་དང་། བརླག་པའི་ན་ཚ། སྙིང་པོ་མེད་པའི་ན་ཚ་ཟེར་སོགས་ཡོད་པ་དང་། དེ་ཚོར་སྨན་པས་སྨན་གང་ཡང་སྤྲད་མི་ཐུབ་པར། བསམ་བློ་གཏོང་རྒྱུ་ཉུང་དུ་གཏོང་བའི་སྨན་སྤྲད་དེ། བསམ་བློ་མགྱོག་པོ་གཏོང་མི་ཐུབ་པ་བཟོ་ཡི་ཡོད་པ་རེད། དེ་བཞིན་མངོན་གྱུར་གྱི་ན་གསུམ་ཟེར་བའི་འཚུབ་པོ་ཆགས་པའི་ན་ཚ་དང་། ཐང་ཆད་པའི་ན་ཚ། སྲོག་རླུང་གི་ན་ཚ་ཟེར་གྱི་ཡོད་པ་རེད། དེ་ཚོར་བོད་པའི་ལུས་སྦྱོང་རིག་གནས་ཀྱིས་ཕན་ཐོགས་ཡོད་སྐོར་དང་། ཧ་ཅང་ལས་སླ་པོའི་ཐོག་ནས་སྦྱོང་ཐུབ་ཀྱི་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།

དེ་བཞིན་ཁོང་གིས་བོད་པའི་གཟུགས་པོའི་འཕྲོད་བསྟེན་ལ་དོ་སྣང་བྱེད་ཀྱི་མེད་པར་བརྟེན། དེ་གལ་ཆེན་ཡིན་སྐོར་དང་། ལུས་སྦྱོང་དེའི་རིགས་གཙོ་འཆམ་དང་། རྩ་རླུང་ལས་གཟུགས་པོའི་འཕྲོད་བསྟེན་ཁོ་ནར་ཕན་པའི་རིགས་སློབ་ཀྱི་ཡོད་སྐོར་གསུངས་སོང་།

ད་བཞིན་ཁོང་གིས། ༧གོང་ས་མཆོག་ལ་མཇལ་ཁ་ཞུ་སྐབས། རྟོག་གཅོད་ཅེས་པའི་གྲི་རྩེད་དེ་འཚེ་བའི་མེད་པའི་ལུས་རྩལ་ཡིན་པ་འགྲེལ་བརྗོད་གསལ་པོ་དགོས་པ་དང་། ལུས་སྦྱོང་རིགས་དེ་ཚོ་ཆོས་དང་མ་འབྲེལ་བའི་ཐོག་ནས་སློབ་ཐུབ་ན་ཡག་པོ་ཡོད་སྐོར་གྱི་ལམ་སྟོན་བཀའ་སློབ་གནང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

གཉེན་རྩེ་སྤྲུལ་སྐུས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྒོམ་རིམ་སོགས་ལ་གསན་སྦྱངས་དང་། དུས་ཀྱི་འཁོར་ལོའི་རྩ་རླུང་ཐིག་ལེའི་རྣམ་བཞག ལུས་སྦྱོང་འཁྲུལ་འཁོར་གྱི་གནད་གསང་མང་པོ་དུས་ཡུན་རིང་པོར་བགྲོ་གླེང་གནང་བ་དང་། ལུས་སྦྱོང་འཁྲུལ་འཁོར་གྱི་གནད་གསང་མཐའ་དག་བཀའ་རྒྱུད་ཀྱི་ཕྱག་བཞེས་ཇི་མ་ཇི་བཞིན་ལ་གསན་སྦྱངས་གནང་ཡོད་པ་རེད།

༢༠༠༥ ལོ་ནས་ཁོང་ཡུ་རོབ་རྒྱལ་ཁག་ཏུ་ཕེབས་ནས་“རྒྱལ་སྤྱིའི་ནང་བསྟན་སྨན་གླིང་”ཞེས་པའི་བོད་ཀྱི་ལུས་སྦྱོང་རིག་པའི་འཕྲོད་བསྟེན་ཚོགས་པ་ཡུ་རོབ་ཨོ་སོ་ཊ་ར་ཡ་གསར་འཛུགས་བྱས་པ་ང་། དེར་སློབ་ཁྲིད་བྱས་ཏེ། ཆེད་ལས་དགེ་རྒན་༣༠༠ གསོ་སྐྱོང་བྱས་ཏེ། གང་སར་སློབ་ཁྲིད་བྱེད་ཀྱི་ཡོད་འདུག

ཁོང་གིས་ཕྱི་ཟླ་༩ ཚེས་༡༤ ནས་དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ལུས་སྦྱོང་འབྱུང་བ་ལྔ་སློབ་ཀྱི་ཡོད་པ་དང་། དེ་དུས་ཐུང་ནང་ཤེས་ཐུབ་པ་དང་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།