སློབ་ཡོན་གསལ་བསྒྲགས།
ཕྱོགས་བཞུགས་རང་རིགས་སྨར་ཁམས་པ་སློབ་གསར་སློབ་གཉེར་བ་རྣམས་ཀྱི་གམ་དུ།
ཆེད་གསོལ། འདི་ལོ་ནས་འགོ་འཛུགས་ཀྱིས་སྨར་ཁམས་བདེ་དོན་ལྷན་ཚོགས་ཀྱིས་རང་ཁོངས་སྨར་ཁམས་པ་ཡིན་པའི་སློབ་ཕྲུག་ཉི་ཤུ་ལ་སློབ་ཡོན་གྱི་དོད་ཚབ་ཅིག་འབུལ་འཆར་ཡོད་པ་དང་།
ཕྱོགས་བཞུགས་རང་རིགས་སྨར་ཁམས་པ་སློབ་གསར་སློབ་གཉེར་བ་རྣམས་ཀྱི་གམ་དུ།
ཆེད་གསོལ། འདི་ལོ་ནས་འགོ་འཛུགས་ཀྱིས་སྨར་ཁམས་བདེ་དོན་ལྷན་ཚོགས་ཀྱིས་རང་ཁོངས་སྨར་ཁམས་པ་ཡིན་པའི་སློབ་ཕྲུག་ཉི་ཤུ་ལ་སློབ་ཡོན་གྱི་དོད་ཚབ་ཅིག་འབུལ་འཆར་ཡོད་པ་དང་། སློབ་ཕྲུག་གོང་གསལ་ལས་མང་བ་བྱུང་ཚེ་རྒྱན་དཀྲུགས་ཀྱི་ལམ་ནས་འདེམས་སྒྲུག་ཞུ་རྒྱུ་ཡིན་ན་གཤམ་གསལ་ཆ་རྐྱེན་ཚང་རིགས་རྣམས་ཕྱི་ལོ་༢༠༡༤།༦།༣༠ ལས་མི་འགྱངས་བ་འབྲེལ་གཏུགས་ཡོང་བར་ཞུ་རྒྱུ་དང་གོང་ཚེས་ལས་དུས་འགྱངས་བྱུང་ན་རྩིས་མེད་ཡིན་པས་ཡིད་འཇགས་འཚལ།
༡༽འཛིན་རིམ་བཅིུས་ཐོན་ཏེ་མཐོ་སློབ་ལ་འགྲོ་ངེས་ཡིན་པ།
༢༽འཛིན་གྲྭ་བཅིུས་ཐོན་པའི་ལག་འཁྱེར་དང་ཡིག་ཚད་ཀྱི་བརྒྱ་ཆ་༥༥ ཡན་སོན་པའི་ངོ་བཤུས་ལ་དག་མཆན་འཁོད་པ་དགོས།
༣༽མཐོ་སློབ་གང་དུ་འཛུལ་བཞུགས་བྱས་ཚེ་དེའི་ཁ་བྱང་དང་དེའི་ཁོངས་ཚུད་པའི་དཔང་ཡིག་དང། རང་གི་ཕྱེད་པར་གཉིས་བཅས་འདི་གའི་ཚོགས་པར་ངེས་པར་སྐུར་དགོས།
འབྲེལ་གཏུགས་གནང་ཡུལ།
ལྷོ་ཕྱོགས། བཀྲིས་དོན་འགྲུབ། ༨༡༩༧༢༩༦༩༣༠
ལྡི་ལི། ཟླ་བ། ༨༨༦༠༥༨༤༦༧༤
དེ་ཧ་ར་དུན། ཐུབ་བསྟན་རྒྱལ་མཚན།༨༨༩༤༤༨༩༤༡༧
དྷ་ས། ངག་དབང་ཆོས་འཛིན།༩༨༨༢༦༦༥༥༥༥
སྦེེར། ནོར་བུ་རྒྱལ་མཚན། ༩༨༨༢༧༥༥༡༥༦
སྨར་ཁམས་བདེ་དོན་ལྷན་ཚོགས་ཀྱིས་ཟླ་ཚེས་ཉིན། ༢༠༡༤།༥།༡༠