ཨི་རག་གི་ས་ཆ་མང་པོ་དྲག་སྤྱོད་པས་བཙན་བཟུང་།
ཁ་ཆེའི་ངོ་ལོག་དྲག་སྤྱོད་ཤོག་ཁག་གིས་རེས་གཟའ་ཕུར་བུའི་ཉིན་ཨི་རག་གི་རྒྱལ་ས་བྷ་གྷི་ངྷའི་ཕྱོགས་སུ་མདུན་བསྐྱོད་བྱས་ཏེ། ཁོང་ཚོའི་སྟངས་འཛིན་བྱས་པའི་ས་ཆ་མུ་མཐུད་དུ་རྒྱ་ཆེར་འགྲོ་བཞིན་པ་དང་། ད་ལྟའི་ཆར་བྷ་གྷི་ངྷའི་བྱང་ཕྱོགས་ཀྱི་སྤྱི་ལེ་༩༠ཡི་མཚམས་སུ་སླེབས་ཡོད་པ་རེད།
ཁ་ཆེའི་ངོ་ལོག་དྲག་སྤྱོད་ཤོག་ཁག་གིས་རེས་གཟའ་ཕུར་བུའི་ཉིན་ཨི་རག་གི་རྒྱལ་ས་བྷ་གྷི་ངྷའི་ཕྱོགས་སུ་མདུན་བསྐྱོད་བྱས་ཏེ། ཁོང་ཚོའི་སྟངས་འཛིན་བྱས་པའི་ས་ཆ་མུ་མཐུད་དུ་རྒྱ་ཆེར་འགྲོ་བཞིན་པ་དང་། ད་ལྟའི་ཆར་བྷ་གྷི་ངྷའི་བྱང་ཕྱོགས་ཀྱི་སྤྱི་ལེ་༩༠ ཡི་མཚམས་སུ་སླེབས་ཡོད་པ་རེད།
སན་ནི་ཁ་ཆེ་ཡིན་པའི་ཨི་རག་དང་ལེ་ཝན་ཊི་(Levant Troy) ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་པོའི་དཔུང་དམག་བར་གློ་བུར་དུ་རྒོལ་འཛིང་ཤོར་ཏེ། རྡུ་ལུ་ཐི་ས་ཡ་(Duluth Siah) ཞེས་པའི་གྲོང་བརྡལ་ཞིག་བཙན་བཟུང་བྱས་ཡོད་པ་དང་། གཟའ་ཟླ་བ་ནས་བཟུང་དྲག་སྤྱོད་པས་ཨི་རག་གི་གྲོང་ཁྱེར་ཆེ་ཤོས་གཉིས་པ་མཱོ་སལ་(Mosul) བཙན་བཟུང་བྱས་པའི་རྗེས། ཨི་རག་གི་བྱང་ཕྱོགས་ཀྱི་མི་འབོར་མང་ཤོས་ཀྱི་ས་ཁུལ་ཞིག་བཙན་བཟུང་བྱས་ཡོད་པ་རེད།
སྲིད་གཞུང་གི་ཁ་གཏད་ཤོག་ཁག་གིས་ཁ་ཆེའི་སྲིད་གཞུང་གཙང་མ་ཞིག་འཛུགས་པར་རྩོད་ལེན་བྱེད་བཞིན་པ་དང་། ཁོང་ཚོའི་མགྲིན་ཚབ་པས་ཨི་རག་གི་རྒྱལ་ས་བྷ་གྷི་ངྷ་(Baghdad) དང་ཁ་བྷ་ལ་(Karbala) གྲོང་ཁྱེར་གཉིས་ལ་ཕར་རྒོལ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་ལ། ཁ་བྷ་ལ་གྲོང་ཁྱེར་ནི་རྒྱལ་ས་བྷ་གྷི་ངྡ་ཡི་ལྷོ་ནུབ་ཀྱི་ཕྱོགས་སུ་ཡོད་པ་དང་། སན་ནི་ཁ་ཆེའི་གནས་ཆེས་རྩ་ཆེ་ཤོས་དེ་ཡིན་པ་རེད།
སན་ནི་ཁ་ཆེས་འགོ་ཁྲིད་པའི་དྲག་སྤྱོད་པས་ངྡི་ཡ་ལ་མངའ་སྡེའི་ས་ངྡི་ཡ་(Saadiya) དང་རྗ་ཝའ་ལཱ་(Jalawla) ཞེས་པའི་ས་ཁུལ་གཉིས་ལ་བཙན་འཛུལ་བྱས་ཡོད་པ་དང་། གཞུང་གི་བདེ་སྲུང་དཔུང་དམག་ཆ་ཚང་ས་ཆ་དེ་ནས་ཁ་བྲལ་ཡོད་འདུག ཨི་རག་གི་དམག་དཔུང་ལ་དྲག་སྤྱོད་པ་འགག་རྒོལ་བྱེད་པའི་ནུས་ཤུགས་མེད་པ་ལྟ་བུར་གྱུར་ཏེ། གཞུང་གི་དམག་དཔུང་རྣམས་རྒྱུན་དུ་རང་ས་ནས་བྲོལ་བྱོལ་དུ་འགྲོ་བཞིན་པ་མ་ཟད། ཐ་ན་གོ་མཚོན་ཡང་བསྐྱུར་ཏེ་བྲོས་པའི་གནས་ཚུལ་ཐོན་ཡོད་པ་རེད།
ཨི་རག་ཁི་ཡི་སྲིད་བློན་མཱ་ལི་ཁི་(Maliki) ཡིས་ཛ་དྲག་གི་ཚོགས་ཆེན་འཚོག་དགོས་པའི་རེ་བ་བཏོན་ཏེ་རྒྱལ་ཡོངས་ཛ་དྲག་གི་གནས་སྟངས་འོག་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད་འདུག་ཀྱང་། སན་ནི་(Sunni) ཁ་ཆེའི་འཐུས་མི་དང་ཁར་ངྡི་ཤི་(Kurdish) ཡི་འཐུས་མི་མང་པོ་གྲོས་ཚོགས་ནས་ཕྱིར་འཐེན་བྱས་ཡོད་པས། གྲོས་ཚོགས་སུ་མང་མོས་ཐག་གཅོད་ཀྱིས་ཁྲིམས་ལུགས་གཏན་འབེབས་བྱེད་ཐབས་མེེད་པར་གྱུར་ཡོད་པ་དང་། ཁོང་ཚོས་ཤི་ཡ་ཁ་ཆེའི་ཕྱོགས་གཏོགས་ལ་ཐོབ་ཐང་ཆེན་པོ་སྤྲད་པར་ངོ་རྒོལ་བྱེད་བཞིན་པ་རེད།
ཕྱི་ལོ་༢༠༡༡ ལོར་ཨ་རི་ཡིས་ཨི་རག་ཏུ་དམག་འཁྲུག་མཚམས་འཇོག་བྱས་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མས་ཨ་རིས་ཨི་རག་ལ་རོགས་སྐྱོར་གྱི་ཐབས་ལམ་ཅི་ལྟ་བུ་ཞིག་ཡིནའང་ལག་བསྟར་བྱེད་སྲིད་སྐོར་བརྗོད་ཡོད་པ་དང་། ཨ་རིའི་ཨི་རག་ཏུ་ཡོད་པའི་མི་རྣམས་བྷ་གྷི་ངྡ་ཡི་བྱང་ཕྱོགས་ཀྱི་མཁའ་དམག་གི་རྟེན་གཞི་ཞིག་བརྒྱུད་དེ་ཕྱིར་འཐེན་བྱས་ཡོད་པ་རེད། ཨ་རིའི་ཕྱོགས་ནས་བརྗོད་པ་ལྟར་ན། ཨ་རིས་བྷ་གྷི་ངྡ་རུ་ཞིབ་ཕྲ་གང་ཡིན་ཁ་གསལ་མེད་པའི་རོགས་སྐྱོར་གྱི་ལས་གཞི་གསར་པ་དབོར་འདྲེན་བྱས་ཡོད་འདུག
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་ཆེའི་དྲག་སྤྱོད་པའི་བཙན་འཛུལ་ལ་སྐྱོན་བརྗོད་དང་། ཉིན་བཞིན་ཚབས་ཆེར་འགྲོ་བཞིན་པའི་ཨི་རག་གི་བདེ་འཇགས་ཀྱི་གནས་སྟངས་ལ་དོ་སྣང་བྱེད་བཞིན་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་འགན་འཛིན་ལྷན་ཚོགས་ཀྱིས་གཟའ་ཕུར་བུའི་ཉིན་ཨི་རག་གི་ཛ་དྲག་གནས་སྟངས་ཐད་བགྲོ་གླེང་བྱས་ཡོད་པ་རེད།།