གསར་འགོད་པའི་ས་མིག་གསལ་བསྒྲགས།
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་གསར་འགོད་པ་གཅིག་གསར་བསྡུ་ཞུ་རྒྱུ་ལགས་ན། ཡིག་རྒྱུགས་ནང་ཞུགས་བློ་ཡོད་པ་རྣམས་ནས་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་མཚན་ཐོག་ཕྱི་ཟླ་ ༣ ཚེས་ ༢༥ ནང་ཚུད་སྙན་ཞུ་འབུལ་དགོས།
༄༅། །ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་གསར་འགོད་པ་གཅིག་གསར་བསྡུ་ཞུ་རྒྱུ་ལགས་ན། ཡིག་རྒྱུགས་ནང་ཞུགས་བློ་ཡོད་པ་རྣམས་ནས་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་མཚན་ཐོག་ཕྱི་ཟླ་ ༣ ཚེས་ ༢༥ ནང་ཚུད་སྙན་ཞུ་འབུལ་དགོས།
ངེས་པར་ཚང་དགོས་པའི་ཆ་རྐྱེན་ཁག
༡༽ བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་དང༌། སྐྱབས་བཅོལ་ལག་ཁྱེར་ RC ཡང་ན། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ཡོད་པ།
༢༽ བོད་དབྱིན་གཉིས་ཀྱི་ཤེས་ཚད་རང་སྐྱ་འཕེར་བ། དམའ་མཐར་མཐོ་སློབ་མཐར་ཕྱིན་ Bachelor’s Degree ཡང་ན། དེ་དང་མཚུངས་པའི་ལག་ཁྱེར་ཡོད་པ།
༣༽ གཟུགས་ཐང་ལས་འཕེར་ཡིན་པའི་སྨན་ཁང་ཚད་ལྡན་གྱི་རྒྱབ་གཉེར།
༤༽ བོད་ཕྱི་ནང་དང༌། རྒྱ་གར། དེ་བཞིན་རྒྱལ་སྤྱིའི་གནས་སྟངས་སོགས་ལ་གོ་རྟོགས་གང་ལེགས་ཡོད་པ།
༥༽ གསར་འགོད་པར་བདམས་ཐོན་བྱུང་ཚེ་ཐོག་མར་ཟླ་དྲུག་ཚོད་ལྟ་དང༌། དེ་རྗེས་རླུང་འཕྲིན་ཁང་དུ་ཉུང་མཐར་ལོ་གསུམ་རིང་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ།
༦༽ ལས་ཁུངས་གཞན་དུ་ཕྱག་ལས་གནང་མུས་ཡིན་ཚེ་དགག་བྱ་མེད་པའི་རྒྱབ་གཉེར་ཡི་གེ་དགོས།
གསར་འགོད་པའི་ལས་རིགས་ཐོག་ཉམས་མྱོང་ཡོད་པ་དང་སློབ་ཐོན་པ་རྣམས་ལ་དམིགས་བསལ་ཨང་གྲངས་འབུལ་རྒྱུ།
གོང་གསལ་ཆ་རྐྱེན་ལྡན་ཞིང་གསར་འགོད་པའི་ལས་དོན་ནང་ཞུགས་འདོད་ཡོད་པ་རྣམས་ནས་ཚུད་རྒྱུགས་ནང་ཞུགས་ཆེད། རང་གི་ལོ་རྒྱུས་སྙིང་བསྡུས་འཁོད་པ་(cv) ཞིག དགོས་ངེས་ཆ་རྐྱེན་ཡིག་ཆའི་ངོ་བཤུས་དང་མཉམ་སྦྱར་གྱིས་དུས་ཚེས་ནང་ཚུད་འབུལ་དགོས།
ནོར་ཝེ་བོད་ཀྱི་རླུང་འཕྲིན་ལས་ཁང་ནས་ཕྱི་ལོ་༢༠༡༥ ཟླ་༢ ཚེས་ ༡༣ ལ།།
འབྲེལ་གཏུགས་ཁ་བྱང།
The Editor-in-chief
Voice of Tibet, Ratoe Chuwar Building.
Session Road Dharamsala, 176215 HP INDIA
Email: editor@vot.org, tpeldon@vot.org
Off. Tel: 0091-1892-222384 / 226471