ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ས་མིག་གསལ་བསྒྲགས།
༄༅། །ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་དུ་གསར་འགོད་པ་གཅིག་གསར་བསྡུ་ཞུ་རྒྱུ་དང་། གསར་འགོད་པར་འདེམས་ཐོན་བྱུང་མཚམས་ཟླ་དྲུག་རིང་ཚོད་བལྟ་དང་། དེའི་རྗེས་ལས་བྱེད་ངོ་མར་བསྐོ་བཞག་བྱ་རྒྱུ་ཡིན། གསར་འགོད་པའི་ཡིག་རྒྱུགས་ནང་འཛུལ་ཞུགས་ཆེད་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་མཚན་ཐོག་༢༠༡༤ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༣ ནང་ཚུད་སྙན་ཞུ་ཕུལ་འབྱོར་ཐུབ་པ་དགོས།
༄༅། །ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་དུ་གསར་འགོད་པ་གཅིག་གསར་བསྡུ་ཞུ་རྒྱུ་དང་། གསར་འགོད་པར་འདེམས་ཐོན་བྱུང་མཚམས་ཟླ་དྲུག་རིང་ཚོད་བལྟ་དང་། དེའི་རྗེས་ལས་བྱེད་ངོ་མར་བསྐོ་བཞག་བྱ་རྒྱུ་ཡིན། གསར་འགོད་པའི་ཡིག་རྒྱུགས་ནང་འཛུལ་ཞུགས་ཆེད་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་མཚན་ཐོག་༢༠༡༤ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༣༠ ནང་ཚུད་སྙན་ཞུ་ཕུལ་འབྱོར་ཐུབ་པ་དགོས།
གནས་རིམ།
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་རྒན་པ།
ཆ་རྐྱེན།
༡༽ བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་དང་།
སྐྱབས་བཅོལ་ལག་ཁྱེར་ RC ཡང་ན། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གང་རུང་།
༢༽ བོད་རྒྱ་གཉིས་ཀྱི་གནས་ཚད་ལེགས་པོ་ཡོད་པ།
༣༽ རྒྱ་ཡིག་གི་ལམ་ནས་གསར་འགྱུར་འགོད་པར་འབྲི་རྩལ་ངེས་པར་ཏུ་ལེགས་པོ་ཡོད་དགོས།
༤༽ཀློག་བཟང་པོ་ཡོད་པ། ༼རྒྱའི་སྤྱི་སྐད་(普通话)ལ་བྱང་ཆ་དེ་ཙམ་མེད་ཀྱང་འཐུས།༽
༥༽འཛིན་རིམ་བཅུ་གཉིས་ཀྱི་ལག་ཁྱེར་ལྡན་པའམ་ཡང་ན་དོན་དངོས་ཤེས་ཚད་རན་པོ་ཡོད་པ།
༦༽ གསར་འགྱུར་ལས་རིགས་ལ་དོ་དབྱིངས་ཡོད་པ།
༧༽ གཟུགས་ཐང་ལས་འཕེར་ཡིན་པའི་སྨན་ཁང་ཚད་ལྡན་གྱི་ངོས་སྦྱོར།
༨༽ གསར་འགོད་པར་འདེམས་ཐོན་བྱུང་ཚེ་ཟླ་དྲུག་རིང་ཚོད་ལྟ་དང་། དེའི་རྗེས་རླུང་འཕྲིན་ཁང་དུ་ཉུང་མཐར་ལོ་གསུམ་རིང་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ།
གོང་གསལ་ཆ་རྐྱེན་ལྡན་པ་དང་། གསར་འགོད་པའི་ལས་དོན་ནང་ཞུགས་འདོད་ཡོད་རིགས་རྣམས་ཚུད་རྒྱུགས་ནང་ཞུགས་རྒྱུའི་ཆེད། སྙན་ཞུ་དང་གོང་གསལ་ཆ་རྐྱེན་གྱི་ཁུངས་སྐྱེལ་ཡིག་ཆ་ཁག སློབ་སྦྱོང་ཐོན་པའི་ལག་ཁྱེར་སོགས་ཀྱི་ངོ་བཤུས་ཐོག་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ར་སྤྲོད་ཁུངས་སྐྱེལ་གྱི་མཚན་རྟགས་ཞུས་པའི་ངོ་བཤུས་བཅས་གོང་གསལ་དུས་ཚེས་ནང་ཚུད་མཉམ་འབུལ་ཞུ་དགོས།
༼གསལ་བཤད། གསར་འགོད་པའི་སློབ་སྦྱོང་ཐོན་པའམ་སྤྱི་ཚོགས་ལས་རིགས་ཀྱི་ཉམས་མྱོང་ཡོད་པ་རྣམས་ལ་དམིགས་བསལ་ཡོད་པ་བཅས། ༽
འབྲེལ་གཏུགས་ཁ་
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་ཕྱི་ལོ་༢༠༡༤ ཟླ་ ༡༠ པའི་ཚེས་༡༩ ལ།