ཕ་སྐད་གཙང་མའི་ཇ་ཁང་ནང་ཇ་རིན་མི་དགོས་ཀྱང་། སྦྲགས་སྐད་བཤད་ན་ཇ་རིན་དགོས།

ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོ་དྷ་སར་རྟེན་གཞི་བྱས་པའི་ནང་བསྟན་སྲི་ཞུ་ཁང་དབུ་བརྙེས་ནས་ལོ་ངོ་གསུམ་འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་པ་དང་། དེར་ནང་ཆོས་ཡིག་བསྒྱུར་བྱེད་སྟངས་སྐོར་དང་། བོད་ཀྱི་སྐད་ཡིག་སློབ་གཉེར་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོ་དྷ་སར་རྟེན་གཞི་བྱས་པའི་ནང་བསྟན་སྲི་ཞུ་ཁང་དབུ་བརྙེས་ནས་ལོ་ངོ་གསུམ་འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་པ་དང་། དེར་ནང་ཆོས་ཡིག་བསྒྱུར་བྱེད་སྟངས་སྐོར་དང་། བོད་ཀྱི་སྐད་ཡིག་སློབ་གཉེར་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་བྱས་ཡོད་པ་རེད།

དུས་དྲན་མཛད་སྒོ་དེ་དྷ་སའི་ནང་བསྟན་སྲི་ཞུ་ཁང་གི་ལས་ཁུངས་སུ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་དང་། བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷ་རྡོར། སྨོན་ལམ་བོད་ཀྱི་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་སྨོན་ལམ་སོགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད།

ནང་བསྟན་སྲི་ཞུ་ཁང་དེ་ཧྥ་རིན་སའི་མི་རིགས་ཡིན་པ་ངག་དབང་འཕྲིན་ལས་ཀྱིས་གཙོ་འགན་ཁུར་དེ་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། ཁོང་གིས་དེ་སྔོན་བཙན་བྱོལ་མིའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་དང་ནང་ཆོས། སྐར་རྩིས་སོགས་ལ་སློབ་གཉེར་གནང་ཡོད་པ་རེད།

_MG_0245ངག་དབང་འཕྲིན་ལས་ཀྱིས་ཚོགས་པ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་སྐབས། ནང་བསྟན་ཆོས་ལུགས་དེ་འཛམ་གླིང་ནང་ཁྱབ་སྤེལ་ཡོང་ཐབས་པས། ༡ “སྒྲ་སྒྱུར་སློབ་གླིང་”སློབ་ཅིག་གསར་འཛུགས་བྱས་ཏེ། ལོ་ལྔའི་རིང་སློབ་མ་བཅུ་གྲངས་ཤིག་ལ་སྒྲ་བསྒྱུར་སྐོར་གྱི་སློབ་གཉེར་སྤྲོད་ཀྱི་ཡོད་པ་རེད། ༢ བོད་ཀྱི་སྐད་ཡིག་དེ་གལ་ཆེན་དུ་བརྩི་ཡི་ཡོད་པས། ཁོང་ཚོས་ཇ་ཁག་ཅིག་གསར་འཛུགས་བྱས་ཏེ། དེའི་ནང་མགྲོན་པོ་ཡོང་མཁན་ཚོར་ཆུ་ཚོད་༢ པ་ནས་༧ པའི་བར་ཇ་རིན་མེད་དང་། སྦྲགས་སྐད་གཅིག་བཤད་ན་ཇ་གཅིག་གི་རིན་འབབ་དང་གཉིས་བཤད་ན་ཇ་གཉིས་ཀྱི་རིན་འབབ་ལེན་གྱི་ཡོད་པ་རེད། དེ་བཞིན་ཁ་སྐད་མྱུར་སྦྱོང་ཞེས་པའི་བོད་སྐད་སློབ་ཐབས་ཤིག་ཡོད་པ་དང་། དེ་བོད་སྐད་སྦྱོང་མཁན་སུ་ཡིན་ཡང་དྲ་ཐོག་དང་། དེ་མིན་དྷ་སར་སྡོད་མཁན་སུ་ཡིན་ལ་དགེ་རྒན་གོ་སྒྲིག་བྱས་ཏེ། བོད་ཀྱི་ཕ་སྐད་སློབ་ཐབས་བྱེད་ཀྱི་ཡོད་པ་རེད།

ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་བཀའ་བསྟན་གཙོས་ནང་ཆོས་དབྱིན་ཡིག་ནང་ཚད་ལྡན་བསྒྱུར་ཐབས་སྐོར་དང་། དབྱིན་ཡིག་ནས་རིག་གཞུང་བོད་ཡིག་ཐོག་སྒྱུར་མཁན་བོད་མི་བསྐྱེད་བསྲིང་ཡོང་ཐབས། བོད་ཀྱི་ཕ་སྐད་གཙང་མ་རྒྱུད་འཛིན་དང་སློབ་གཉེར་ཡོང་ཐབས་སོགས་ཡིན་པ་རེད།

ངག་དབང་འཕྲིན་ལས་ཀྱིས་ནང་ཆོས་བསྒྱུར་མཁན་ཚད་ལྡན་བྱུང་གི་མེད་པ་དང་། དེ་ཡང་གཙོ་བོ་ཕྱི་རྒྱུར་བ་ནང་བསྟན་བསྒྱུར་མཁན་ཚོས་ལྟ་གྲུབ་དང་། རྩོམ་རིག་སྐོར་ཤེས་ནའང་བོད་ཀྱི་ཕ་སྐད་ཀྱི་རྨང་གཞི་བརྟན་པོ་མེད་པས། བསྒྱུར་ཡག་པོ་ཆགས་ཀྱི་མེད་སྐོར། གཙོ་ཆེ་ཤེས་བོད་ཀྱི་སྐད་ཡིག་ཡག་པོ་ཤེས་དགོས་སྐོར་དང་། བོད་མི་ལོ་ཙཱ་བ་ཚད་ལྡན་ཡོང་ཐབས་སུ་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

ད་ལྟའི་ཆར་ཚོགས་པ་དེའི་ནང་བསྡོམས་པའི་ལས་ཀ་བྱེད་མཁན་བདུན་ཅུ་བརྒྱད་ཅུ་ཙམ་ཡོད་འདུག

ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་གིས། “ཁ་སྐད་སློབ་གསོའི་སྐོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་དང་། ཤེས་རིགས་ལས་ཁུངས་ནས་གཙོ་བོ་ཚང་མས་གོ་ཐུབ་པའི་ཡིག་སྐད་གཞིར་བཟུང་གིས་སློབ་ཁྲིད་ཡོང་ཐབས་བྱེད་ཀྱི་ཡོད་སྐོར་གསུངས་སོང་ལ། དེ་བཞིན་སྐུ་མགྲོན་རྣམ་པས་རིམ་པས་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། ཕྱི་རྒྱལ་མི་རིགས་ཤིག་གིས་བོད་ཀྱི་སྐད་ཡིག་ལ་འགན་ཁུར་དེ་ལས་དོན་བྱས་པར་བསྔགས་བརྗོད་གནང་ཡོད་པ་རེད།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།