རོ་ཙའི་ལུས་སྦྱོང་ཞེས་པའི་འཁྲིག་སྦྱོད་སྐོར་གྱི་དཔེ་དེབ།

ཟླ་འདིའི་ཚེས་༢༢ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། དབྱིན་ཡིག་ནས་བོད་བསྒྱུར་བྱས་པའི་འཁྲུག་སྤྱོད་དང་འབྲེལ་བའི་<<རོ་ཙའི་ལུས་སྦྱོང་>>ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་།

ཟླ་འདིའི་ཚེས་༢༢ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། དབྱིན་ཡིག་ནས་བོད་བསྒྱུར་བྱས་པའི་འཁྲིག་སྤྱོད་དང་འབྲེལ་བའི་<<རོ་ཙའི་ལུས་སྦྱོང་>>ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་།

^F7CF7DFC8C9615038869639EB3CE3021FF9BE0FF7776FA0F0E^pimgpsh_fullsize_distrདེབ་དེ་ཨ་རིའི་འཁྲིག་སྤྱོད་ལམ་སྟོན་པ་གྲགས་ཅན་ལྕམ་བྷར་བྷ་ར་ཁེ་ལེ་ལིང་གིས་བརྩམས་ཤིང་། ཧྥ་རིན་སིའི་ཡུལ་མི་ཡིན་པ་ངག་དབང་འཕྲིན་ལས་དང་འབོ་ར་ཤེས་རབ་ཀྱིས་བོད་བསྒྱུར་བྱས་པ་ཡོད་པ་དང་། དེ་ཡང་གཙོ་བོ་འཁྲུག་སྤྱོད་སྐབས། སྐྱེས་པའི་ཁུ་བ་ལམ་སེང་ཤོར་གྱི་ཡོད་པའི་ན་ཚ་བཅོས་ཐབས་སྐོར་གྱི་ལས་སྦྱོང་རིགས་ཉི་ཤུ་བཀོད་ཡོད་པ་རེད།

བོད་བསྒྱུར་བྱེད་མཁན་ངག་དབང་འཕྲིན་ལས་ཀྱིས་དེབ་འདི་བསྒྱུར་དགོས་དོན་གང་ཡིན་སྐོར་གསུང་སྐབས། སྐྱེས་པ་ལ་འཁྲིག་སྤྱོད་སྐབས་ཁུ་བ་ལམ་སེང་ཤོར་འགྲོ་བའི་ན་ཚ་ཡོད་པ་དག་ལ་ཕན་ཆེད་དུ་དེབ་དེ་བོད་བསྒྱུར་བྱས་པ་ཡིན་སྐོར་དང་། བོད་ནས་རྒྱ་གར་ནང་གནས་སྐོར་ལ་ཡོང་མཁན་ནང་ཆེན་ནས་ཡིན་པའི་སྨན་པ་གཉིས་ལ་ཁོང་ཐུག་སྐབས། ཁོང་གཉིས་ཀྱིས་ནང་ཆེན་གྱི་སྨན་ཁང་མང་ཆེ་བའི་ནང་ལ་ནད་པ་མང་པོ་ཞིག་འཁྲུག་སྤྱོད་སྐབས་ཁུ་བ་ལམ་སེང་ཤོར་མཁན་དེ་འདྲ་ཡོད་སྐོར་དང། དེ་ཡང་ཁ་ཤས་བུ་མོ་ཞིག་གི་འཁྲིས་ལ་སླེབ་མ་ཐག་གམ་ཡང་ན་ལག་པ་འཆང་ཙམ་བྱས་པ་ཡིས་ཁུ་བ་ཤོར་འགྲོ་མཁན་ཡོད་པས་རྐྱེན་གྱིས་བཟའ་ཚང་ཁ་བྲལ་བ་དང་མ་འཆམ་པ་སོགས་ཡོང་གི་ཡོད་པས། ཁོང་ཚོས་དཀའ་ངལ་དེ་སེལ་ཆེད་བོད་ཀྱི་གསོ་བ་རིག་པའི་རྒྱུད་བཞི་གཙོས་སྨན་གཞུང་ནས་བཅོས་ཐབས་བྱས་པ་དང་། རྒྱ་ནག་གི་སྨན་ཁང་ཆེ་ཁག་ལ་ཕྱིན་ནས་སྨན་བཅོས་བྱེད་ཐབས་པ། དབྱར་རྩ་དགུན་འབུ་སོགས་ཟས་ཀྱང་གནས་སྐབས་ཙམ་ལ་ཕན་ཐོགས་མ་བྱུང་བས། ནུབ་ཕྱོགས་ལ་འདི་ལ་ཕན་པའི་ལུས་སྦྱོང་དེ་འདྲ་ཡོད་པ་གོ་བྱུང་བས། བོད་ཡིག་ཐོག་བསྒྱུར་ན་ཞེས་སྐུལ་མ་གནང་བ་ལྟར་བོད་བསྒྱུར་བྱས་པ་ཡིན་སྐོར་གསུངས་སོང་། དེ་བཞིན་ངག་དབང་འཕྲིན་ལས་ཀྱིས་ན་ཚ་དེའི་རིགས་ནི་མིའི་སེམས་ལ་དཀའ་ངལ་ཡོད་མཁན་དང་། ས་གནས་སུ་ས་ཡོམ་བརྒྱུགས་པ་སོགས་ཀྱིས་གོད་ཆག་བྱུང་མྱོང་ཡོད་པའི་ས་གནས་ཁག་ལ་ན་ཚ་དེའི་དཀའ་ངལ་འབྱུང་གི་ཡོད་སྐོར་གསུངས་སོང་།

བོད་སྒྱུར་བྱེད་མཁན་འབོ་ར་ཤེས་རབ་ཀྱིས་དེབ་ཀྱི་སྔོན་གླེང་དུ། “འཁྲིག་པ་སྤྱོད་སྟངས་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་སྣ་ཚོགས་པ་ཞིག་ཡོད་པའི་ཁྲོད་ན་རང་ཅག་ལ་མཁོ་བ་ཧ་ཅང་མང་། དེ་དག་ལས་རོ་ཙའི་ལུས་སྦྱོང་འདིས་ནི་མཇེ་སྦྱོང་ཙམ་མིན་པར་རྒས་འཁོགས་ཀྱི་སྐབས་སུ་རྩ་ཆུ་མི་ཚགས་པའི་རྒྱུན་ལྡན་གྱི་ནད་ལྟ་བུའི་རིགས་ཧ་ཅང་ཕན་པར་བཤད། འགྲོ་འདུག་ལ་རང་དབང་ཆེ་ཞིང་ཕོ་མོ་གཉིས་འདྲ་མཉམ་ཡིན་པའི་དེང་གི་དུས་འདིར། མི་མང་པོ་ཞིག་གཟའ་འཐོར་རྒྱག་བཞིན་པ་འདི་ལ་རྩ་བའི་ཆ་ནས་བཟང་པོའི་ཡོན་ཏན་གྱིས་ཕོངས་ཏེ་བཟོད་བསྲན་མེད་པ་དང་། རྒྱུ་ལ་རྔམས་པ། ཟུར་བསྟེན་འཚོལ་བ་ལ་སོགས་པའི་རྒྱུ་རྐྱེན་གཞན་དང་གཞན་སྣ་ཚོགས་པ་ཞིག་ཡོད་མོད། འོན་ཀྱང་སྤྱི་ཚོགས་སུ་གསལ་ཁ་མི་ཐོན་པའི་རིགས་གཅིག་གསལ་པོར་ཞུ་ན། འཁྲིག་སྤྱོད་ཀྱི་སྐབས་སུ་གཅིག་གི་འདོད་པ་ཚིམས་སྐབས་གཅིག་གི་འདོད་པ་མ་ཚིམས་པ། གཅིག་ལ་མཁོ་སྐབས་གཅིག་ལ་མི་མཁོ་བ་སོགས་འཁྲིག་སྤྱོད་དང་འབྲེལ་བའི་རྒྱུན་ཤེས་ཀྱིས་དབེན་པ་ལས་འབྱུང་བར་བཤད། དེའི་ཕྱིར་ཀློག་པ་པོ་ཁྱེད་ཀྱིས་རོ་ཙའི་ལུས་སྦྱོང་འདི་ལག་ལེན་དུ་བསྟར་ཐུབ་ན། དཀའ་ངལ་རིགས་གཅིག་དེ་བདེ་བླག་ངང་བསལ་ཏེ། བཟའ་ཟླ་དང་དགའ་རོགས་བར་བརྗོད་དུ་མེད་པའི་བརྩེ་བ་དང་དུང་བ་ཟབ་མོ་ཞིག་རང་ཁྱིམ་དུ་འཛུམ་གྱིས་བསུ་འོང་བར་ཐེ་ཚོམ་མེད། དེ་ འོངས་པ་ནས་ཁྱོ་ཤུག་ཕན་ཚུན་ལུས་དང་གྲིབ་མ་བཞིན་འབྲལ་དུ་མེད་པ། དེ་འོངས་པ་ནས་ཕན་ཚུན་གཉིས་འཁྲིག་སྤྱོད་ཀྱི་འདོད་བློ་རང་བཞིན་གྱིས་ཁེངས་འགྲོ་བས། ཞོར་དུ་རང་གཞན་གཉིས་དང་རང་གི་བུ་རབས་ཚ་རྒྱུད་ལ་གནོད་པ་སྟེ། གཞན་ལ་རེག་པའི་རེག་དུག་ཅེས་པའི་བཅོས་ཐབས་མེད་པའི་ནད་དེ་ཡང་གཏན་དུ་བཀག་པ་ཡིན་”ཞེས་སོགས་བྲིས་འདུག

ཉིན་དེའི་སྐུ་མགྲོན་བོད་གཞུང་སྨན་རྩིས་ཁང་གི་སློབ་སྤྱི་གཞོན་པ་ཡེ་ཤེས་དགེ་ལེགས་ཀྱིས་ཁོང་གིས་དེབ་འདི་འདོན་གྱི་ཡོད་པ་སྔོན་མ་མཐོང་ཡོད་ན། ང་ཚོ་གསོ་བ་རིག་པའི་ནང་ལ་རྒས་པོ་གསོ་བ་བཅུད་ཀྱི་ལེན་པ་དང་། རོ་ཙ་ཁུ་བ་གསོ་དང་བུད་མེད་བཙལ་ཞེས་གསུངས་ཡོད་པ་ལྟར། ཁུ་བ་གསོ་བ་མ་གཏོགས་རྒས་པོ་གསོ་བ་དེ་དེབ་འདིའི་ནང་ལུས་བསྡད་ཡོད་པ་འདྲ་པོ་ཞིག་མཐོང་སོང་། ངས་ང་ཚོར་དེ་གཉིས་ཀ་དགོས་པ་རེད་བསམ་གྱི་འདུག་ཅེས་སོགས་གསུངས་སོང་།
སྐུ་མགྲོན་གཙོ་བོ་འཇུ་བསྟན་སྐྱོང་གིས་བོད་ཀྱི་འདོད་པའི་བསྟན་བཅོས་ཀྱི་བྱུང་རིམ་དང་། དེའི་དགོས་མཁོ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེད།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།