གསལ་བསྒྲགས།
དགོངས་མངའ་བཞིན། དེ་སྔོན་དྷ་ས་ནོར་གླིང་ཤིང་ཚོན་སྡེ་ཚན་དུ་ལས་ཀ་བྱེད་མྱོང་བའི་ཚེ་འདས་མིག་དམར་ལགས། ནད་མནར་གྱི་སྐབས་སུ། སྨན་བཅོས་འགྲོ་གྲོན་དང་གྲོངས་རྗེས་འདས་ཆོས་སོགས་ཡོངས་སུ་གྲུབ་རྗེས། ཁོ་པའི་དངུལ་ཁང་དུ་དངུལ་ལྷག་དང་ནོར་གླིང་དུ་སོགས་དངུལ་བཅས་བསྡོམས་ཧིན་སྒོར་༦༠༣༣༣༨།༠༠ ལྷག་འདུག་པ་དེ།
དགོངས་མངའ་བཞིན། དེ་སྔོན་དྷ་ས་ནོར་གླིང་ཤིང་ཚོན་སྡེ་ཚན་དུ་ལས་ཀ་བྱེད་མྱོང་བའི་ཚེ་འདས་མིག་དམར་ལགས། ནད་མནར་གྱི་སྐབས་སུ། སྨན་བཅོས་འགྲོ་གྲོན་དང་གྲོངས་རྗེས་འདས་ཆོས་སོགས་ཡོངས་སུ་གྲུབ་རྗེས། ཁོ་པའི་དངུལ་ཁང་དུ་དངུལ་ལྷག་དང་ནོར་གླིང་དུ་སོགས་དངུལ་བཅས་བསྡོམས་ཧིན་སྒོར་༦༠༣༣༣༨།༠༠ ལྷག་འདུག་པ་དེ། འདི་ནས་རང་འགར་ཐག་གཅོད་མ་བྱས་པར། དྷ་ས་ས་གནས་འགོ་འཛིན་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ།
ནོར་གླིང་བདེ་དོན་འགན་འཛིན། ནོར་གླིང་བདེ་འཇགས་ཚོགས་མི། དེ་བཞིན་འབྲེལ་ཡོད་བྱང་ཆུབ་རིན་ཆེན་ལགས་དང༌། གེ་བ་ཚང་ངག་དབང་ཐར་པ་ལགས། བཀྲིས་ཕུན་ཚོགས་ལགས་བཅས་ནས་༢༠༡༤ ཟླ་༡༡ ཚེས་༢༧ ཉིན་ལྷན་འཛོམས་ཀྱིས་དེའི་ཐད་གྲོས་བསྡུར་བྱས་པར། དངུལ་འདི་དག་ནས་ཕོན་ཆེ་ཞིག་ཁོ་ལ་རོགས་སྐྱོར་ཞལ་འདེབས་ཡིན་དུས། ལྷག་དངུལ་གང་ཡོད་པ་དེ་ཡང་ཆུད་ཟོས་སུ་མ་སོང་བར་ཁོ་དང་ཁོ་འདྲ་བའི་དཀའ་ངལ་ཅན་ཞིག་ལ་ཕན་རླབས་ཡོང་ཆེད་ལྷག་དངུལ་འདི་ཆ་བགོས་ཀྱིས་སྒོར་༣༠༡༦༦༩།༠༠ ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ་དང་སྒོར་༣༠༡༦༦༩།༠༠ རྡ་ས་ས་གནས་འགོ་འཛིན་གྱི་ཛ་དྲག་མ་དངུལ་ནང་ཕུལ་རྒྱུ་ཐག་གཅོད་བྱུང་དོན་བཞིན། ལག་བསྟར་བྱས་པའི་བྱུང་འཛིན་ཟུར་འཛར་དུ་ཡོད་པ་བཅས་ནོར་གླིང་བདེ་འཇགས་ཚོགས་ཆུང་ནས་༢༠༡༤ ཟླ་༡༢ ཚེས་༢༢ ཉིན།།