སོ་མཱ་ནི་ཡའི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁོར་དུ་འབར་འགད་བྱུང་སྟེ་མི་༡༣ བསད།
རེས་གཟའ་ཉི་མའི་ཉིན་སོ་མཱ་ནི་ཡའི་རྒྱལ་ས་རུ་རླངས་འཁོར་འབར་འགད་ཀྱི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་༡༣ རྐྱེན་ལམ་དུ་བཏང་ཡོད་པ་དང་། འབར་འགད་བྱུང་ས་དེ་རྒྱ་ནག་གཞུང་ཚབ་ཁང་དང་ཨི་རྗེབ་གཞུང་ཚབ་ཁང་ཡོད་སའི་མགྲོན་ཁང་གི་ཕྱི་ལོགས་སུ་ཡིན་འདུག

སོ་མཱ་ནི་ཡའི་དྲག་སྤྱོད་སྒྲིག་འཛུགས་ན་གཞོན་ཤོག་ཁག་གིས་གསལ་བསྒྲགས་སྤེལ་ཏེ་ཐེངས་འདིའི་འབར་འགད་ཀྱི་འགན་ཁུར་ཡིན་རྒྱུ་སྐོར་བརྗོད་ཡོད་པ་མ་ཟད། འབར་འགད་ཀྱི་དམིགས་འབེན་དེ་མཱོ་གྷ་ཌི་ཤུ་རྒྱལ་སྤྱིའི་གནམ་ཐང་ཉེ་འཁོར་གྱི་མགྲོན་ཁང་ཡིན་པ་དང་། མགྲོན་ཁང་དེ་ནམ་རྒྱུན་གྲོས་ཚོགས་འཐུས་མི་དང་གསར་འགོད་པ། ཕྱི་འབྲེལ་དཔོན་རིགས་སོགས་སྣེ་ལེན་བྱེད་ས་ཞིག་ཆགས་ཡོད་པ་རེད།
འདས་གྲོངས་སུ་གྱུར་པའི་གྲངས་འབོར་དེ་མྱུར་སྐྱོབ་མི་སྣས་མཁོ་སྤྲོད་བྱས་པའི་གྲངས་ཐོ་ལ་གཞིགས་ཏེ་སྡོམ་རྩིས་བྱས་པ་ཞིག་ཡིན་པ་དང་། མྱུར་སྐྱོབ་མི་སྣ་དེ་དག་གིས་བརྗོད་པ་ལྟར་ན། ཁོང་ཚོས་རྨས་མ་༢༠ ལྷག་སྨན་ཁང་བསྐྱལ་ཡོད་འདུག་ལ། ད་ལྟའི་ཆར་རྨས་སྐྱོན་ཕོག་པའམ་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་རྒྱལ་ཁོངས་སོགས་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
མགྲོན་ཁང་གི་ཕྱོགས་གཅིག་ཡོངས་སུ་འབར་འགད་ཀྱིས་རྡིབ་སྐྱོན་ཐེབས་ཡོད་པ་དང་། མི་འགའ་ཤས་ད་དུང་འཐོར་ཞིག་ཏུ་ཐེབས་པའི་ས་རུད་འོག་ལུས་ཡོད་སྲིད་པ་ཞིག་ཡིན་འདུག
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།