ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲན་ཧྲུན་པེ་སྨན་བཅོས་ཆེད་གློད་གྲོལ།

ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲན་ཧྲུན་པེ་ལུས་སེམས་ཀྱི་བདེ་ཐང་སྐྱོ་བོ་ཡིན་སྐོར་བརྗོད་དེ་རེས་གཟའ་ཟླ་བའི་ཉིན་སྨན་བཅོས་ཆེད་གློད་གྲོལ་བཏང་ཡོད་པ་དང་།

ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲན་ཧྲུན་པེ་ལུས་སེམས་ཀྱི་བདེ་ཐང་སྐྱོ་བོ་ཡིན་སྐོར་བརྗོད་དེ་རེས་གཟའ་ཟླ་བའི་ཉིན་སྨན་བཅོས་ཆེད་གློད་གྲོལ་བཏང་ཡོད་པ་དང་། ཕྱི་ལོ་༢༠༠༩ ལོར་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ལོ་༢༠ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་ལོ་མང་རིང་ཁྲིམས་ཆད་དེ་ནི་ཆབ་སྲིད་ཀྱི་གནོད་འཚེ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་བཞིན་ཡོད།

ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲན་ཧྲུན་པེ་ལོ་དྲུག་ཙམ་རིང་བཙོན་འཇུག་བྱས་པའི་རྗེས། ཕྱི་ཟླ་༡ པོའི་ཚེས་༥ རེས་གཟའ་ཟླ་བའི་ཉིན་གྱི་ཕྱི་དྲོར་ཁོང་གི་ནང་མིས་ཕེབས་རོགས་འོག་འཁོར་ལོ་ཅན་གྱི་རྐུབ་བཀྱགས་ཐོག་ཏུ་བསྡད་དེ་བཙོན་ཁང་ནས་ཁ་བྲལ་ཡོད་པ་དང་། བཙོན་ཁང་གི་ཕྱིར་ཕེབས་བསུ་ལ་སྒུག་བཞིན་པའི་ཁོང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་སྐད་ཤུགས་ཆེན་པོས་དགའ་བསུ་ཞུས་ཡོད་པ་མ་ཟད། ཁྲན་ཧྲུན་པེ་རླངས་འཁོར་ནག་པོ་ཆུང་བ་ཞིག་གི་ནང་དུ་བསྡད་པའི་རྗེས་རྒྱབ་སྐྱོར་བའི་མང་ཚོགས་ཁྲོད་དུ་ལག་པ་གཡུག་གཡུག་བྱས་ཡོད་འདུག

150105082530_cn_chen_shui_bian_and_son_976x549_cnaཐའེ་ཝན་ཁྲིམས་དོན་ལྷན་ཁང་གིས་རེས་གཟའ་ཟླ་བའི་ཉིན་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་ཐོག ཁྲིམས་དོན་ལྷན་ཁང་གི་བློན་ཆེན་ཁྲན་མིན་ཐང་གིས། “འཕྲོད་བསྟེན་ཆེད་འཛུགས་ཚོགས་ཚུང་གིས་བརྟག་དཔྱད་རིམ་པ་བྱས་པའི་མཐར། ཁྲན་ཧྲུན་པེ་ཡི་བདེ་ཐང་ལོ་སྔོན་མའི་ཕྱི་ཟླ་༥ པ་ལས་སྡུག་ཏུ་ཕྱིན་ཏེ། ན་ཚ་རྙོག་འཛིང་ཆེ་བ་དང་ཀླད་པའི་དབང་རྩ་ཉམས་པ། གློ་ཚད། ཁྲག་དུག་སོགས་ཀྱི་ན་ཚ་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། ཁྲན་ཧྲུན་པེ་ཡི་ལུས་སེམས་གཉིས་ལ་ཚབས་ཆེའི་འགོག་རྐྱེན་ཡོད་སྟབས། ད་ལྟའི་ཆཪ་རང་གིས་རང་ལ་ཉིན་རྒྱུན་འཚོ་བར་ལྟ་སྐྱོང་མི་ཐུབ་པར། མི་གཞན་གྱིས་རོགས་སྐྱོར་ལ་བརྟེན་དགོས་པ་ཆགས་ཡོད་”ཅེས་བརྗོད་པ་དང་། ཁོང་གིས་བརྗོད་པ་ལྟར་ན། ཐའེ་ཀྲུང་བཙོན་ཁང་(ཁྲན་ཧྲུན་པེ་བཙོན་འཇུག་བྱེད་ས) གིས་ཟླ་རེར་ཉུང་མཐར་ཡང་ཐེངས་གཅིག་ལ་ཁྲན་ཧྲུན་པེ་ཡི་ན་ཚ་རྒྱུས་ལོན་བྱ་བར་མི་མངགས་རྒྱུ་ཡིན་པ་དང་། གལ་སྲིད་ཁོང་གི་འཕྲོད་བསྟེན་གནས་སྟངས་དྲག་སྐྱེད་ཡག་པོ་བྱུང་པ་ཡིན་ན། ཡང་བསྐྱར་བཙོན་ཁང་དུ་ཕྱིར་ལོག་དགོས་ཀྱི་ཡོད་པ་རེད།

20150106112400323ཕྱི་ལོ་༢༠༠༠ ལོར་ཁྲན་ཧྲུན་པེ་ཐའེ་ཝན་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་སྟེ། གོ་མིན་ཏང་ཆབ་སྲིད་ཚོགས་པས་ཐའེ་ཝན་དུ་ལོ་བཅུ་ཕྲག་འགའི་རིང་སྲིད་སྐྱོང་བའི་ལོ་རྒྱུས་མཇུག་བསྡུས་པ་དང་། ད་ལྟ་རང་ལོ་༦༤ ཡིན་པའི་ཁྲན་ཧྲུན་པེ་ནི་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་ཐའེ་ཝན་གྱི་སྲིད་འཛིན་གཉིས་པ་དེ་ཡིན་ཞིང་། ཁོང་གིས་སྲིད་དབང་སྐྱོང་བའི་སྐབས་ཐའེ་ཝན་རང་བཙན་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཏེ། ཐའེ་ཝན་དང་རྒྱ་ནག་སྐམ་ས་གཉིས་ནི་ཕྱོགས་གཉིས་ཀྱི་རྒྱལ་ཁབ་རེ་རེ་ཡིན་པའི་ལངས་ཕྱོགས་བཟུང་པར་བརྟེན། པེ་ཅིང་སྲིད་གཞུང་གིས་ཁྲན་ཧྲུན་པེ་ཡི་སྲིད་བྱུས་ལ་ངོ་རྒོལ་དྲག་པོ་བྱས་ཡོད་པ་མ་ཟད། མཚོ་འགག་གཉིས་ཀྱི་འབྲེལ་ལམ་ཧ་ཅང་སྡུག་ཏུ་ཕྱིན་ཡོད།

ཕྱི་ལོ་༢༠༠༩ ལོར་ཁྲན་ཧྲུན་པེ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་བརྟེན་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་། རྗེས་སུ་ཁྲིམས་ཆད་ཆག་ཡང་གིས་ལོ་༢༠ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཀྱང་། ཁྲན་ཧྲུན་པེ་ཁོང་རང་ཉིད་དང་རྒྱབ་སྐྱོར་བ་རྣམས་ཀྱིས་ལོ་མང་རིང་མཐའ་གཅིག་ཏུ་ཁྲིམས་ཆད་དེ་ཆབ་སྲིད་འཐབ་རྩོད་ཀྱི་གནོད་འཚེ་ཞིག་བརྗོད་བཞིན་པ་མ་ཟད། ལོ་སྔོན་མའི་ཕྱི་ཟླ་༦ པའི་ནང་། ཁྲན་ཧྲུན་པེ་ཡིས་རང་སྲོག་གཅོད་ཐབས་བྱས་ཡོད་ཀྱང་། སྐུ་སྲུང་བས་དེ་མ་ཐག་ཤེས་རྟོགས་བྱུང་སྟེ་ལམ་ལྷོངས་བྱུང་མེད།

ཟླ་སྔོན་མའི་ཐའེ་ཝན་གྱི་ས་གནས་འོས་བསྡུའི་ཁྲོད། མང་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པ་དང་དུས་མཚུངས། ཁྲན་ཧྲུན་པེ་སྨན་བཅོས་ཆེད་གློད་གྲོལ་དགོས་པའི་འབོད་སྒྲ་ཡང་ཤུགས་ཆེ་རུ་སོང་ཡོད་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།