ཁམས་རྟའུ་དགོན་པའི་དགེ་འདུན་པ་ཞིག་འཇུ་བཟུང་།
ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོ་ཁམས་རྟའུ་རྫོང་། རྟའུ་ཉི་མཚོ་དགོན་པའི་གྲྭ་ཚེ་དབང་ཆོས་འཕེལ་གཞུང་ལམ་ཐོག འཕྲུལ་རྟ་ཞོན་ནས་ཡོང་སྐབས་རྒྱ་ནག་གཞུང་གི་ས་གནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ། ད་ལྟའི་ཆར་གནས་སྟངས་གསལ་པོ་ཤེས་ཀྱི་མེད་པ་རེད།

ཁོང་གི་ཕ་ཡུལ་རྟའུ་རྫོང་མ་ཟུར་ཡུལ་ཚོ་ནས་ཡིན་པ་དང་། ཉི་མཚོ་དགོན་པའི་དགེ་འདུན་པ་ཡིན་འདུག
ཁོང་འཛིན་བཟུང་བྱེད་དོན་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། ཚེ་དབང་ཆོས་འཕེལ་གྱིས་སྔོན་མ་ སྐལ་བཟང་ཡེ་ཤེས་ཀྱིས་སྐུ་ལུས་མེ་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐབས། རྒྱ་ནག་གི་ཉེན་རྟོག་པས་མི་མང་ཡོང་མ་བཅུག་པར། མི་འདོད་པའི་རྣམ་འགྱུར་བསྟན་པ་དང་རྡོ་གཡུག་པ་སོགས་བྱས་པར་བརྟེན། རྒྱ་གཞུང་གིས་དོགས་ཟོན་འོག་ཚུད་ཡོད་འདུག
ནམ་རྒྱུན་ཁོང་ནི་མི་རིགས་ཀྱི་ལ་རྒྱ་དང་བོད་རིགས་ཀྱི་བདེ་སྡུག་ལ་དོ་སྣང་ཡོད་མཁན་ཡིན་སྐོར་ས་གནས་ཀྱི་འབྲེལ་ཡོད་ཅིག་གིས་འགྲེལ་བརྗོད་བྱས་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།