བོད་མི་སྒེར་པ་ཁག་ཅིག་གིས་རྒྱལ་ཚོགས་མདུན་དུ་བོད་སྐྱོབ་རེ་འབོད།

ཁམས་འདན་མར་རྒྱ་གཞུང་གིས་དྲག་གནོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས། བོད་མི་ཁག་ཅིག་གིས་ཨ་རི་ནུའུ་ཡོག་མཉམ་སྦྲེལ་རྒྱལ་ཚོགས་མདུན་དུ་ ཉིན་གསུམ་རིང་བོད་སྐྱོབ་རེ་འབོད་དང་། རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་དང་། ཉིན་གཉིས་རིང་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

ཁམས་འདན་མར་རྒྱ་གཞུང་གིས་དྲག་གནོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས། བོད་མི་ཁག་ཅིག་གིས་ཨ་རི་ནུའུ་ཡོག་མཉམ་སྦྲེལ་རྒྱལ་ཚོགས་མདུན་དུ་ ཚེས་༡༨ ནས་ཉིན་གསུམ་རིང་བོད་སྐྱོབ་རེ་འབོད་དང་། རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་དང་། ཉིན་གཉིས་རིང་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

པར། ལས་འགུལ་བས་མཁོ་སྤྲོད་བྱས།
པར། ལས་འགུལ་བས་མཁོ་སྤྲོད་བྱས།

ལས་འགུལ་དེ་བོད་མི་སྒེར་པ་ཁག་ཅིག་གིས་དང་བླངས་ཐོག་ནས་སྤེལ་གྱི་ཡོད་པ་དང་། ལས་འགུལ་བ་ཞིག་གིས་གནས་ཚུལ་དེའི་སྐོར་འགྲེལ་བརྗོད་གནང་དོན། ཕྱི་ཟླ་༨ ཚེས་༡༡ ནས་ཁམས་སེར་ཤུལ་རྫོང་། འདན་མ་རུ་དྲག་གནོན་འཛིན་བཟུང་བྱས་པའི་ཁྲོད་ནས་བློ་དཔལ་བཟང་རྒྱ་གཞུང་གི་མནར་གཅོད་དང་བཙན་གནོན་ལ་ངོ་རྒོལ་ཆེད།བཀག་ཉར་ཁང་དུ་རང་ཤི་བརྒྱབ་པ་དང་། རྨས་མ་རྣམས་ལ་སྨན་བཅོས་མ་རག་པས། རྨས་སྐྱོན་ཕོག་པའི་ཁྲོད་ནས་རང་ལོ་ ༢༢ཅན་ཞིག་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་མ་ཟད།ཤུག་པ་སྡེ་པའི་སྐྱེས་པ་རང་ལོ་ ༡༢ཡན་ཆད་ཀྱི་སྐྱེས་པ་ཚང་མ་འཛིན་བཟུང་གིས་བཙོན་ཁང་ནང་མ་ཤོང་བར་བརྟེན།ཁག་ཅིག་སྨན་ཁང་དུ་བཙོན་འཇུག་བཀག་ཉར་གྱིས་སྨན་ཁང་བཙོན་ཁང་དུ་གྱུར་ཅིང་།སྐྱེས་པ་རྣམས་བཙན་གྱིས་སྐྲ་བཏུབ་ཅིང་རིག་གནས་གསར་བརྗེ་སླར་ཡང་བོད་ནང་ཚེས་ཏེ།གྲོང་པ་ནང་བྱིས་པ་དང་རྒས་ཁོག་ཁ་ཤས་ལས་མ་ལྷག་པར།དེ་དག་སྐྱོ་གདུང་ངུ་འབོད་ཀྱི་ཁྲོད་དུ་ལུས་ཡོད་པར། གདུང་སེམས་མཉམ་སྐྱེད་ཆེད།དེ་རིང་ཕྱི་ཚེས་ ༡༨ནས་བཟུང་མུ་མཐུད་ཉིན་གསུམ་རིང་ནིའུ་ཡོག་མཉམ་སྦྲེལ་རྒྱལ་ཚོགས་མདུན་དགོང་དྲོའི་ཆུ་ཚོད་ ༤། པ་ནས ༦།པ་བར་མི་མང་སྒེར་ངོས་ནས་དང་བླངས་ཀྱིས་ངོ་རྒོལ་སྐད་འབོད་ཉིན་གསུམ་རིང་དང་། རེས་གཟའ་ཕུར་བུ་དང་པ་སངས་ཉིན་གཉིས་རིང་ཟས་བཅད་ངོ་རྒོལ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།།

པར། ལས་འགུལ་བས་མཁོ་སྤྲོད་བྱས།
པར། ལས་འགུལ་བས་མཁོ་སྤྲོད་བྱས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།