སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཨོ་སི་ཊི་ལི་ཡར་མཚམས་གཟིགས།
ཕྱི་ཟླ་༨ ཚེས་༢༣ ཉིན་གྱི་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུ་ཁྲིད་པའི་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་ཨོ་སི་ཊི་ལི་ཡ། སེ་ཌ་ནི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། དེར་ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་སོགས་ཀྱིས་སྣེ་ལེན་ཞུས་ཡོད་པ་རེད།

དེའི་དགོང་མོ་བོད་གྲྭའི་ཚོགས་ཁང་ནང། བོད་རིགས་མི་གྲངས་༢༥༠ ལྷག་ཙམ་འདུ་འཛོམས་བྱས་ཐོག ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ནེ་རྒན་གྱིས་ཚོགས་གཙོས་དབུས་པའི་སྤྱི་འཐུས་རྣམ་པ་མི་མང་ལ་ངོ་སྤྲོད་བྱས་པ་དང་། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་བཀྲ་ཤིས་ཀྱིས་བོད་རིགས་ཚོགས་པའི་ལོ་གཅིག་རིང་ལས་སྡོམ་སྙན་སྒྲོན་ཞུས་ཡོད་པ་རེད།
དེ་ནས་གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་གིས། མང་གཙོ་དང་། སྤྱི་ཚོགས་འཆམ་མཐུན། རྩ་དོན་སྒྲུབ་ཕྱོགས། ནང་ཁུལ་མཐུན་ལམ་གལ་ཆེ་སྐོར་དང་བོད་རིགས་ནང་ཁུལ་དཀྲུག་མཁན་རིགས་ལ་གདོང་ལེན་དགོས་པ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་བ་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས་དབུ་མའི་ལམ་དང་། སྤྱི་ཚོགས་འཆམ་མཐུན་སོགས་དང་། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ཀྱིས་བོད་ནང་གི་ཛ་དྲག་གི་གནས་བབས་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་སྐོར། དེ་རྗེས་སྤྱི་འཐུས་བསོད་ནམས་རྒྱལ་མཚན་གྱིས་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱིས་གནས་བབ་བཅས་ཀྱི་ཐོག་གཏམ་བཤད་གནང་ཡོད་པ་རེད།
དེ་བཞིན་ཐེངས་འདིས་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ས་གནས་ཀྱི་བོད་མི་ཚོར་གསུང་བཤད་དང་། རྒྱལ་ཁབ་དེའི་ནང་གི་དཔོན་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོར་མཇལ་འཕྲད་ཀྱིས། བོད་དཀའ་ངལ་སྐོར་ངོ་སྤྲོད་དང་། བོད་དོན་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་ཡོད་པ་རེད།།