མདོ་སྟོད་སྤྱི་འཐུས་འོས་མི་གསར་པ།
མིང་། ཚེ་རིང་རྣམ་རྒྱལ། ལུང་ཚན། སྨར་ཁམས། ལས་གནས། རང་ཚོགས་ཚོགས་གཙོ། སྡོད་གནས། ངྷ་ས།
ཕྲན་ཚེ་རིང་རྣམ་རྒྱལ་ནི། ཕྱི་ལོ་༡༩༧༦ ལོར་བོད་མདོ་ཁམས་སྨར་ཁམས་སྤང་མདའ་གྲོང་དུ་སྐྱེས།
མིང་། ཚེ་རིང་རྣམ་རྒྱལ། ལུང་ཚན། སྨར་ཁམས། ལས་གནས། རང་ཚོགས་ཚོགས་གཙོ། སྡོད་གནས། ངྷ་ས།
ཕྲན་ཚེ་རིང་རྣམ་རྒྱལ་ནི། ཕྱི་ལོ་༡༩༧༦ ལོར་བོད་མདོ་ཁམས་སྨར་ཁམས་སྤང་མདའ་གྲོང་དུ་སྐྱེས། ས་གནས་ཀྱི་སློབ་ཆུང་འགྲིམས་ནས་བོད་ཡིག་གཙོར་བཟུང་གིས་ལོ་ལྔ་ཙམ་ལ་སློབ་སྦྱོང་བྱས། ཕྱི་ལོ་༡༩༩༨ ལོར་བོད་ནས་བཙན་བྱོལ་དུ་འབྱོར་ནས། ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གསུམ་རིང་དབྱིན་བོད་གཉིས་ལ་སྦྱོང་བརྩོན་ལྷོད་མེད་བྱས་པས་སྦྱོང་འབྲས་མི་དམན་པ་ཐོབ།
ཕྱི་ལོ་༢༠༠༥ ལོར་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བ་ལྟར། ད་བར་དྷ་ས་ས་གནས་འོས་བསྡུའི་ཚོགས་མི་སྐབས་གསུམ་རིང་བྱས་ནས་ད་ལྟའང་ཚོགས་མི་བྱེད་བཞིན་པ་ཡིན། ཕྱི་ལོ་༢༠༠༧ ནས་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱུང་བ་ལྟར་ལོ་༦ རིང་ཚོགས་མི་བྱས།
ཕྱི་ལོ་༢༠༠༧ ནས་བཟུང་སྐབས་གཉིས་རིང་དྷ་ས་ས་གནས་ཆུ་སྒང་གི་ཚོགས་གཞོན་དང་། དེ་བཞིན་༢༠༡༣ ལོར་སླར་ཡང་མི་མང་གིས་འོས་འདེམས་བྱུང་ནས་ད་ལྟ་དྷ་ས་ས་གནས་ཆུ་སྒང་གི་ཚོགས་གཞོན་བྱེད་མུས་ཡིན།
ཕྱི་ལོ་༢༠༠༤ ནས་༢༠༠༦ བར་དྷ་ས་སྨར་ཁམས་བདེ་དོན་ཚོགས་པའི་ཚོགས་གཙོའི་འགན་ཁུར་དང། རྒྱུན་ལས་བྱས་རིང་སྨར་ཁམས་མི་མང་ལ་ཕན་ཆེད་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་སྦྱིན་བདག་འཚོལ་སྒྲུབ་བྱས་ཏེ། སྨར་ཁམས་བ་ཉམ་ཐག་སློབ་ཕྲུག་མང་པོར་སྦྱིན་བདག་བཙལ་བ་དང་། སྨར་ཁམས་བ་ཉམ་ཐག་དུད་ཚང་ཁག་གཅིག་ལ་སྦྱིན་བདག་བཙལ་ནས་ནང་ཆས་ཀྱི་མཐུན་རྐྱེན་སྦྱར།
ཕྱི་ལོ་༢༠༡༣ ལོར་གཞིས་བྱེས་སྨར་ཁམས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གིས་༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་སྐབས་གོ་སྒྲིག་ཚོགས་ཆུང་གི་རྩིས་པ་བྱས།
ཕྱི་ལོ་༢༠༡༣ ལོར་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བ་ལྟར་སྐབས་༧ པའི་དྷ་ས་ས་གནས་རང་བདེན་ཚོགས་ཆུང་གི་དངུལ་གཉེར་བྱས་པ་དང་། ཕྱི་ལོ་༢༠༡༥ ལོར་སྐབས་༨ པའི་དྷ་ས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོར་འོས་འདེམས་བྱུང་ནས་ལས་ཁུར་ཞུ་བཞིན་པ་ཡིན།
དུས་རྒྱུན་བོད་སྤྱི་པའི་རྩ་དོན་ལ་དོ་སྣང་དང་། མི་རིགས་དང་རིག་གཞུང་གི་ཆེད་དུ་དངོས་ཤུགས་བརྒྱུད་གསུམ་ནས་རང་ནུས་གང་ཡོད་འདོན་བཞིན་ཡོད་ལ། ས་འཐུས་དང་ས་རྒྱུན། དེ་བཞིན་རང་བདེན་ཚོགས་ཆུང་བཅས་ཀྱི་ལས་འགན་ཁུར་བའི་རིང་། རང་གི་དུས་ཚོད་ཁོམ་མིན་དང་འགྲོ་གྲོན་སོགས་ལ་མ་འཛེམས་པར་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།།།