མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བོད་དོན་ཞུ་གཏུགས་ལས་འགུལ།

ཕྱི་ཟླ་༧ཚེས་༣ཉིན་སུད་སིར་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་།སྟག་ཚང་དཀོན་ཅོགབཀྲ་བསྟན་ཚང་པ་སངས་ནང་མི་གསུམ་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༣༡པ་དེ་སྤེལ་ཡོད་འདུག

ཕྱི་ཟླ་༧ ཚེས་༣ ཉིན་སུད་སིར་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོགབཀྲ་བསྟན་ཚང་པ་སངས་ནང་མི་གསུམ་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༣༡ པ་དེ་སྤེལ་ཡོད་འདུག
འབྲེལ་ཡོད་ཀྱིས་གནས་ཚུལ་དང་འདྲ་པར་མཁོ་སྤྲོད་གནང་བ་ལྟར་ན། ཁྱིམ་ཚང་གསུམ་གྱི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུགས་ལས་འགུལ་འདི་ནི། ཕྱི་ལོ་༢༠༡༢ལོའི་ཟླ་༡༢ཚེད་༡༠ནས་འགོ་འཛུགས་ཀྱིས་“ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་”ཞེས་འབོད་པའི་ལས་འགུལ་ནང་ཉེ་བའི་ཆར་བཀྲ་བསྟན་ཚང་པ་སངས་མཉམ་ཞུགས་ཐོག་ནང་མི་གསུམ་ཆགས་ཡོད་འདུག

འདྲ་པར་ལས་འགུལ་བས་མཁོ་སྤྲོད་བྱས།
འདྲ་པར་ལས་འགུལ་བས་མཁོ་སྤྲོད་བྱས།

ནང་མི་གསུམ་གྱི་ལས་འགུལ་འདི་ཉིད་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་ཚོགས་ལས་ཁུངས་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་བཅས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབས་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ།ལྷག་པར་དུ་བོད་མི་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོགདེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འགྲེལ་བརྗོད་དང་ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་། དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་འཕྲེད་དར།༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ་སོགས་རྒྱ་ཡིག་དང་། དབྱིན་ཡིགའཇར་མན་ཡི་གེ་བཅས་ཀྱི་ནང་བསྒྱུར་ཏེ།ཕྱི་རྒྱལ་མི་རིགས་དང་། རྒྱལ་ཚོགས་ཀྱི་ལས་བྱེད།ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་དང་། ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སྔ་མའི་གསར་གནས་ཁག་ཏུ་འཁོད་ཟིན་པའི་དགོས་འདུན་དོན་ཚན་དྲུག་གི་དགོས་འདུན་སྙན་ཞུ་གཏོང་བཞིན་པའི་ལས་འགུལ་ཞིག་ཡིན་འདུག

འདྲ་པར་ལས་འགུལ་བས་མཁོ་སྤྲོད་བྱས།
འདྲ་པར་ལས་འགུལ་བས་མཁོ་སྤྲོད་བྱས།

ཐེངས་འདིའི་ལས་འགུལ་ནང་ཁྱིམ་ཚང་གསུམ་གྱི་ནང་མི་མ་ཡིན་པའི་གདུང་སེམས་མཉམ་སྐྱེད་ཆེད་ཨ་རིག་ཀརྨ་རྒྱ་མཚོ་་དང། རྒྱལ་ཚང་བཀྲིས་ལྷ་མོ། ཡ་རུང་ཚང་བློ་གྲོས་རྒྱ་མཚོ་བཅས་མི་དྲུག་མཉམ་ཞུགས་བྱས་འདུག་ཅིང་། ཁོང་ཚོས་ལས་འགུལ་སྤེལ་ཐེངས་རེར་ཉིན་གཅིག་ཡིག་ཆ་དཔར་སྐྲུན་སོགས་ཀྱི་ཆེད་གྲ་སྒྲིག་བྱེད་དགོས་པ་དང་། དངོས་གཞིའི་ཉིན།   སྡོད་ས་རང་ནས་ཆུ་ཚོད་གསུམ་གྱི་ས་ཐག་ཡོད་པའི་མེ་འཁོར་ནང་བསྡད་དེ་བསྐྱོད་དགོས་པ་དང་། སྐབས་རེར་རླུང་གཡུག་པ་དང་། ཆར་བ་འབབ་པ་ལ་སོགས་ཀྱིས་དཀའ་ངལ་རབས་དང་རིམ་པ་འཕྲད་ཀྱི་ཡོད་ཀྱང་ད་ལྟའི་བར་ཞུ་གཏུག་ལས་འགུལ་ཐེངས་༣༡ གནང་ཡོད་པར་མ་ཟད། དེ་བཞིན་སུད་སིའི་གཞུང་དང་། གྲོས་ཚོགས། ས་གནས་གྲོང་ཁྱེར་ནང་དུ་ཡང་བོད་དོན་ཞུ་གཏུག་དང་། དྲིལ་བསྒྲགས། རྒྱབ་སྐྱོར་འབོད་སྐུལ་གྱི་གོམ་བགྲོད་སོགས་ཀྱི་ལས་འགུལ་ཡང་གང་འཚམས་སྤེལ་ཡོད་པ་རེད།

ཉིན་འདིར་ལས་འགུལ་བ་རྣམས་ཀྱིས་བོད་གནས་འགྲེལ་བརྗོད་ཡིག་ཆ་གྲངས་༦༠༠ ལྷག་ཕྱི་རྒྱལ་མི་རིགས་རྣམས་ལ་འགྲེམས་སྤེལ་བྱས་ཡོད་པ་མ་ཟད་། རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སོགས་འགྲེམས་སྤེལ་གང་མང་གནང་ཡོད་པ་དང་། དེར་ཉི་ཧོང་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་གི་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གང་ལེགས་གནང་ཡོད་འདུག།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།