འདན་མ་རུ་དབང་གྲགས་ཀྱི་གཉེན་ཉེ་གསུམ་མནར་གཅོད་འོག་བསད་འདུག
ཕྱི་ཟླ་༨ ཚེས་ ༡༨ཉིན་སེར་ཤུལ་རྫོང་། འདན་མ་(ལོ་ཕྱུག་) དྲན་འཁོང་ཡུལ་ཚོའི་མི་མང་རྒྱ་གཞུང་གིས་ཚོགས་འདུ་བསྡུས་ཏེ་དབང་གྲགས་འཛིན་བཟུང་བྱེད་དོན་ནི། རྟ་རྒྱུགས་སོགས་ཀྱི་གནད་དོན་མིན་པར།ཁོས་སྤྱི་རྒྱུ་ལྐོག་ཟ་བྱས་ཡོད་པ་རེད་ཅེས་བརྗོད་དགོས་སྐོར་བཤད་འདུག

སྐབས་དེར་མང་ཚོགས་མང་པོ་བསྡུ་རུབ་མ་ཐུབ་པས། ཚེས་༡༩ ཉིན་བསྐྱར་དུ་ཚོགས་འདུ་སྐོང་དགོས་པའི་བཀའ་རྒྱ་བཏང་འདུག
འདན་མ་(ལོ་ཕྱུག་) དྲན་འཁོང་ཡུལ་ཚོ། ཤུག་པ་སྡེ་པའི་དབང་གྲགས་ཀྱི་ཨ་ཞང་ཚེ་་དབང་མགོན་པོ་(༦༠) དབང་གྲགས་སྤུན་མཆེད་ཡེ་ཤེས་(ལོ་༤༢) དབང་གྲགས་ཚང་གི་མག་པ་སྦྱིན་པ་མཐའ་ཕྱིན་(ལོ་༡༨) བཅས་ཚེས་༡༢ ཉིན་དྲག་གནོན་འོག་རྨས་སྐྱོན་ཐེབས་པ་དང་།རྗེས་སུ་སེར་ཤུལ་རྫོང་བཙོན་ཁང་དུ་བཅུག་ནས་རྡུང་རྡེག་དྲག་པོར་བྱས་ཏེ་བསད་ཡོད་འདུག
ཁོང་ཚོའི་ཕུང་པོ་ཚེས་༡༨ཉིན་ལོ་ཕྱུག་དུ་ཚུར་བསྐྱལ་ནས་ནང་མིར་སྤྲད་ཡོད་པའི་གནས་ཚུལ་འདུག།