དྷ་ས་བོད་ཀྱི་བུད་མེད་ཀྱི་ལག་རྩེད་སྤོ་ལོའི་རྩེད་འགྲན།
ཟླ་འདིའི་ཚེས་༢ ཉིན་གྱི་ཕྱི་དྲོ་དྷ་ས་གངས་སྐྱིད་དུ་བུད་མེད་ཀྱི་ལག་རྩེད་སྤོ་ལོའི་འགྲན་སྡུར་མཐའ་མ་དེ་བྱས་ཏེ། དྷ་ས་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་རུ་ཁག་ཨང་དང་པོ་དང་། བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཨང་གཉིས་པ་ཆགས་ཡོད་པ་རེད།
ཟླ་འདིའི་ཚེས་༢ ཉིན་གྱི་ཕྱི་དྲོ་དྷ་ས་གངས་སྐྱིད་དུ་བུད་མེད་ཀྱི་ལག་རྩེད་སྤོ་ལོའི་འགྲན་སྡུར་མཐའ་མ་དེ་བྱས་ཏེ། དྷ་ས་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་རུ་ཁག་ཨང་དང་པོ་དང་། བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཨང་གཉིས་པ་ཆགས་ཡོད་པ་རེད།
རྩེད་འགྲན་དེའི་ནང་དྷ་སའི་ཉེ་འཁོར་གྱི་བོད་པའི་བུད་མེད་རྩེད་འགྲན་རུ་ཁག་བརྒྱད་མཉམ་ཞུགས་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༥ ཚེས་༢༥ ནས་འགོ་འཛུགས་བྱས་ཡོད་པ་རེད། དམིགས་ཡུལ་གཙོ་བོ་བོད་ཀྱི་བུད་མེད་ཀྱི་རྩེད་རིགས་ཡར་རྒྱས་ཡོང་ཆེད་དང་། འཕྲོད་བསྟེན་གོང་སྤེལ། དམིགས་བསལ་བུད་མེད་ལ་བཙན་གཡེམ་རིགས་ཀྱི་བྱ་སྤྱོད་ལ་འགོག་རྒོལ་དགོས་པའི་བརྡ་ལན་སྤྲོད་ཆེད་དུ་ཡིན་པ་རེད།
རྩེད་འགྲན་དེ་རྩེད་མོི་རྩེད་མཁན་ཚོ་མཉམ་རུབ་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཁོང་ཚོས་ངན་སྤྱོད་བྲལ་བའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་མཐུན་འགྱུར་གནང་རོགས་ཞེས་བརྗོད་ཡོད་པ་རེད།
ཕྱི་ཟླ་༦ ཚེས་༢ ཉིན་སྟེ། མཐའ་མའི་རྩེད་འགྲན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་གཉིས་ཕེབས་ཡོད་པ་དང་། དྷ་ས་ས་གནས་བོད་ཀྱི་བུད་ཚོགས་པར་ཨང་དང་པོའི་བྱ་དགའ་ཐོབ་དང་། བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པའི་བྱ་དགའ་ཐོབ་ཡོད་པ་རེད།
སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་བུད་མེད་ལག་རྩེད་སྤོ་ལོའི་རིགས་རྩེད་མཁན་ཉུང་ཉུང་ཡིན་པ་དང་། འདི་ལོའི་རྩེད་འགྲན་དེ་བོད་ཀྱི་བུད་མེད་ཀྱི་ལག་རྩེད་སྤོ་ལོའི་རྩེད་འགྲན་ཡར་རྒྱས་སུ་ཕྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།